ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

དྲུག་པའི་ཚེས་བཞི་ཆོས་འཁོར་དུས་ཆེན།

[རྩོམ་པ་པོ:དུང་དཀར།  ཡོང་ཁུངས:ཆོས་གྲོགས།  དུས་ཚོད:2013/7/12 10:51:31  བཀླགས་ཐེངས:1770][ཡིག་གཟུགས:ཡིག་གཟུགས་མདོག]

དྲུག་པའི་ཚེས་བཞི་བདེན་བཞིའི་ཆོས་འཁོར་དུས་ཆེན།

སྟོན་པ་བཀའ་དྲིན་ཅན་གྱི་ཞལ་ནས།  དགེ་སློང་དག  སྡུག་བསྔལ་ཤེས་པར་བྱ།  ཀུན་འབྱུང་སྤང་བར་བྱ། ལམ་སྒོམ་པར་བྱ། འགོག་པ་མངོན་དུ་བྱ། ཞེས་གསུངས།   ནད་ནི་ཤེས་བྱ་ནད་ཀྱི་རྒྱུ་ནི་སྤངས་བྱ་ལ།  བདེ་གནས་འཐོབ་བྱ་སྨན་ནི་བསྟེན་པར་བྱ་བ་ལྟར། སྡུག་བསྔལ་རྒྱུ་དང་དེ་འགོག་པ་པ་དང་དེ་བཞིན་ལམ།  ཤེས་བྱ་སྤངས་བྱ་རིག་པར་བྱ་ཞིང་བསྟེན་པར་བྱ།

བོད་ཟླ་དྲུག་པའི་ཚེས་བཞི་ཉིན་ནི།  བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ཡུལ་ཝ་ར་ཎ་སིར་འཁོར་ལྔ་སྡེ་བཟང་པོར་ཐོག་མར་བདེན་བཞིའི་ཆོས་འཁོར་གསུངས་པའི་དུས་ཆེན་ཡིན། འཁོར་ལྔ་སྡེ་བཟང་པོ་ནི་ཀུན་ཤེས་ཀཽཎྜི་ན་ཡང་དང་།  རྟ་ཐུལ།  རླངས་པ།   མིང་ཆེན།  བཟང་ལྡན་བཅས་ལ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་འཕགས་ལ་དྲན་གསོ་ཞུ་བའི་ལམ་སྲོལ་རྒྱ་གར་དུ་ཡོད་མུས་བཞིན་གཞུང་གནས་དང་།  མི་སྒེར་སོ་སོས་ཀྱང་རང་རང་འཁོས་འབྱོར་དད་སྟོབས་ལ་གཞིགས་པའི་གཙུག་ལག་ཁང་དང་།   རྩེ་ཕོ་བྲང་།  ར་མོ་ཆེ་སོགས་རྟེན་མཆོག་སྤྱན་སྔར་རྒྱུད་གྲྭ་སྟོད་སྨད་རྣམ་གཉིས་ཀྱི་དགེ་འདུན་ཚོགས་ཡོངས་ནས་སྟོང་མཆོད་དང་།  བརྒྱ་མཆོད་སོགས་འབུལ་བ།  མཆོད་མཇལ་སྐྱོད་མིས་མཆོད་མེ་ཀོང་གང་དང་།  ལྷ་གོས་དར་གཅིག་ཡན་གྱི་མཆོད་འབུལ་རྒྱ་ཆེ་བྱེད་པ།  ལྷ་སའི་མང་ཚོགས་ཚོས་ཉེ་འཁོར་ལྷ་ལུང་རི་ཁྲོད་དང་།  ཕ་བོང་ཁ།  ཆུ་བཟང་།  ཕུར་ལྕོག   སེ་ར་དབུ་རྩེ།  ཀེའུ་ཚང་ཤར་ནུབ།  ནེའུ་ཆུང་རི།  རི་རྒྱ་བསམ་གཏན་གླིང་སོགས་རི་ཁྲོད་ཁག་ལ་གནས་མཇལ་དུ་སྐྱོད་སྲོལ་ཡོད།  གཞོན་ནུ་མ་རྣམས་ཀྱིས་སེ་འབྲུམ་དང་།  ལྗོན་ཤིང་ཡལ་འདབ་ཀྱི་སྤ་ཕྲུག་གྱོན་ཏེ་གཞས་རྣམ་ཐར་སོགས་གཏོང་བཞིན་པའི་ངང་སྐོར་སྐྱོད་ཀྱིས་མཆོད་མཇལ་ཚར་ནས་རང་རང་གི་ཁྱིམ་ལ་ཕྱིར་ལོག་སྐབས་ནང་མིས་ཇ་ཆང་བཟའ་ཆས་སོགས་འཁྱེར་ཏེ་བསུ་བར་འགྲོ་བ་དང་ཆབས་ཅིག་གཤོང་ཁ་གླིང་ཁ་དང་།   གྲྭ་ཕྱི་གླིང་ཁ་སོགས་སུ་གུར་རམ་ཡོལ་བ་བཏང་སྟེ་སྤྲོ་སྐྱིད་ཟབ་རྒྱས་གཏོང་སྲོལ་ཡོད། །

·གསར་འགྱུར་གོང་མ:མཐུན་པ་སྤུན་བཞིའི་གཏམ་མཐུན་ལམ་སྣང་བྱེད།
·གསར་འགྱུར་འོག་མ:དགེ་རྒན་གྱི་སློབ་གསོ། ༥
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:46:19 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:30:59 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:00:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS