ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན།

[རྩོམ་པ་པོ:སྣ་ཚོགས་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/7/18 11:22:31  བཀླགས་ཐེངས:1299][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། ། ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན།།

༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས།
དེ་རིང་༼སྤྱི་ཟླ་༧པའི་ཚེས་༡༥༽ནི་༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་དགུང་གྲངས་༥༢ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་ཡིན་པས། རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་ཅིང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཀུན་ལ་རང་སྤྱན་ཆུབ་པའི་མ་ཧཱ་པཎ་ཊི་ཏ་ཆེན་པོ། གངས་ཅན་མིག་གཅིག་ལྷ་མཆོག་ཕྱག་ན་པདྨོའི་ཕྲིན་ལས་ཀྱི་ཁ་ལོ་བ། མགོན་མེད་པའི་སེམས་ཅན་བྱེ་བ་དུང་ཕྱུར་དུ་མ་ཚེ་སྲོག་གི་འཇིགས་པ་ལས་བསྐྱབས་ཏེ་ཐར་བའི་ས་བོན་བསྐྲུན་པའི་སྨོན་ལམ་གྲུབ་པའི་རྒྱལ་སྲས་སེམས་དཔའ་ཆེན་པོ། འཆི་ལ་ཉེ་བའི་ཆོས་སྲིད་ལུགས་གཉིས་ཀྱི་རྩ་བ་ཡུལ་གངས་ཅན་པའི་སྐད་ཡིག་ལ་སྲོག་གི་ལྷག་མ་སྦྱིན་པའི་དོན་དམ་གྱི་སློབ་དཔོན་འགྲན་ཟླ་དང་བྲལ་བ། ནང་དམེ་དང་འཁྲུགས་རྩོད་ཀྱི་སྲོལ་ངན་ཞི་བདེའི་ལམ་དུ་བསྒྱུར་བའི་ཞི་བདེའི་དེད་དཔོན་ཆེན་པོ། ཟླ་བྲལ་ལུང་རིགས་སྨྲ་བའི་སློབ་བུ་སྡེ་སྣོད་འཛིན་པ་ཁྲི་ཕྲག་མང་པོ་སྐྱེད་བསྲིང་གནང་མཁན་གྱི་ཁ་བ་རི་བའི་སྔོན་མེད་ཀྱི་དགེ་རྒན་ཆེན་མོ། གླིང་ཆེན་ཨེ་ཤ་ཡའི་སྐལ་ལྡན་གྱི་སྐྱེ་བོས་གཙོས་གདུལ་བྱ་མཐའ་ཡས་པ་ཐར་བའི་ལམ་དུ་གཟུད་པའི་ངེས་དོན་གྱི་བཤེས་གཉེན་དམ་པ། གངས་ཅན་པའི་སྐྱེ་འགྲོ་རྣམས་རྨོངས་པའི་གཉིད་ལས་སློང་བའི་རྫུ་འཕྲུལ་གྱི་ལྷའི་རྔ་བོ་ཆེའི་སྒྲ་དབྱངས། རེ་ལྟོས་བྲལ་བའི་རང་རིགས་ཀྱི་བྱིས་པ་ཁྲི་སྟོང་དུ་མ་ཤེས་རིག་གི་ལམ་དུ་སྐྱེལ་བའི་མི་ཡི་རྫི་བོ་ཆེན་པོ། མཚན་སྙན་འཛམ་བུའི་གླིང་དུ་ཁྱབ་པའི་ས་སྟེང་གི་ཟླ་བྲལ་གྱི་ཉི་མ་འོད་ཟེར་བྱེ་བ་འབུམ་ལྡན། ཉིན་མཚན་བར་མེད་དུ་བསྟན་འགྲོའི་དོན་ལ་རྩེ་གཅིག་ཏུ་གཞོལ་བའི་གངས་རིའི་ཁྲོད་ཀྱི་སྤྱན་རས་གཟིགས་གཉིས་པ། དཔལ་ཨོ་རྒྱལ་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་ཞལ་མི་གཉིས་པ་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱི་ནང་ཐུགས་ཀྱི་སྲས་མཆོག་ཀུན་གྱི་ཡང་རྩེ། བདག་ཅག་གི་འདྲེན་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་སྐུའི་འཁྲུངས་སྐར་ལ། གསུངས་ལས་སྐྱེས་པའི་སློབ་བུ་སྣ་ཚོགས་གཟུགས་ཅན་གྱིས་མལ་ལྔ་ས་ལ་གཏུགས་པའི་ལྷ་ཕྱག་དང་བཅས་བཀྲ་ཤིས་བདེ་ལེགས་དང་། སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་བཞེད་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ་ཞུ་ཞུ།

༄༅། །ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་ཞབས་བརྟན།།

ཨོཾ་སྭྰ་སྟི། །
སྨྲ་བའི་ཉི་མ་འདྲེན་མཆོག་ཟས་གཙང་སྲས། །
གངས་རིའི་གཉེན་གཅིག་འཕགས་མཆོག་ཞི་ཁྲོའི་ཚོགས། །
མཁན་སློབ་ཆོས་རྒྱལ་བརྒྱུད་པར་ཅས་པ་ཡིས། །
དགེ་ལེགས་བྱེ་བའི་དངོས་གྲུབ་དེང་འདིར་སྩོལ། །
རབ་རྒྱས་པད་དཀར་ཟླ་བའི་གདན་གྱི་སྟེང་། །
བརྒྱད་གཉིས་ཡིད་འོང་ལང་ཚོའི་དཔལ་འཛིན་པའི། །
ཏཱྃ་ཡིག་ལས་བྱུང་རྒྱལ་ཡུམ་ཏ་རེ་མས། །
འཆི་མེད་གྲུབ་པའི་བྱིན་བརྒྱ་དེང་འདིར་ཕོབས། །
རླབས་ཆེན་ཐུགས་བསྐྱེད་གྲངས་མེད་སྨོན་ལམ་མཐུ། །
དུས་སུ་སྨིན་པས་གངས་ཅན་བསྟན་འགྲོའི་སྲོག །
འཛིན་པའི་ཆོས་རྗེ་འཇིག༵ས་མེད༵་ཕུན༵་ཚོག༵ས་ཞབས། །
གསོལ་བ་འདེབས་སོ་དགེ་ལེགས་ཆར་དུ་བསྙིལ། །
མ་སྨད་ཚུ༵ལ་ཁྲིམ༵ས་དག་པའི་དབྱིག་གི་ནོར། །
ཡོན་ཏན་རིན་ཆེན་བྱེ་བའི་གཏེར་འཛིན་པ། །
རྒྱ་ཆེན་བློ་གྲོས་མཚུངས་པ་མེད་པའི་སྡེ། །
ངེས་དོན་བཤེས་གཉེན་ཆེན་པོར་གསོལ་བ་འདེབས། །
ཡོངས་རྫོགས་གངས་ཅན་རྒྱལ་བསྟན་ས་ཆེན་པོ། །
དུས་ཀྱི་མུན་པའི་ཀློང་དུ་བྱིང་བ་ན། །
མཛད་པའི་འཕྲིན་ལས་འོད་སྣང་འབུམ་ཕྲག་གིས། །
བསྟན་པའི་སྲོག་མཐུད་མཛད་པ་རྨད་དུ་བྱུང་། །
ཐོས་བསམ་སྒོམ་པས་ངེས་དོན་ལེགས་རྙེད་ནས། །
རིས་སུ་མ་མཆིས་རྒྱལ་བའི་བསྟན་པ་མཆོག །
འཆད་རྩོད་རྩོམ་པས་རྒྱ་ཆེར་སྤེལ་མཛད་པའི། །
གཤེས་གཉེན་མཆོག་ཁྱེད་ཞབས་པད་བརྟན་པར་མཛོད། །
སྲས་བཅས་རྒྱལ་བ་རྒྱ་མཚོས་བྱིན་རླབས་དང་། །
ཁྱད་པར་གངས་རིའི་མགོན་པོ་པད་དཀར་འཆང་། །
མཚོ་སྐྱེས་རྒྱལ་བའི་ཐུགས་བསྐྱེད་བདེན་པའི་མཐུས། །
ཇི་ལྟར་སྨོན་པའི་དོན་ཀུན་འགྲུབ་པར་ཤོག །
ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོས།
·གསར་འགྱུར་གོང་མ:དཔེ་འཕྲིན་གཏམ་བཟང་།
·གསར་འགྱུར་འོག་མ:དགེ་རྒན་གྱི་སློབ་གསོ། ༦
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཨེ་མ་ཧོའི་བླ་མཆེད་རིན་ཆེན་ཕྲེང་བ་༣ 2012/10/16 22:42:34
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 20:34:50 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:27:13 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 20:52:00 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 63 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS