ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

དེབ་གསར་༼བདེན་པ་དོན་གཉེར་༽མཚམས་སྦྱོར།

[རྩོམ་པ་པོ:འབྲོག་མི།  ཡོང་ཁུངས:མཚོ་སྔོན་པོ།  དུས་ཚོད:2013/8/7 10:55:30  བཀླགས་ཐེངས:1087][ཡིག་གཟུགས:ཡིག་གཟུགས་མདོག]

དེབ་གསར་བདེན་པ་དོན་གཉེར་མཚམས་སྦྱོར།

ཨ་ལ་སྐལ་བཟང་ཕུན་ཚོགས།

མཚོ་སྔོན་པོ་ཚང་གི་ཟིན་བྲིས་པ་དང་ཀློག་པ་པོ་ཡོངས་ལ་མཚམས་འདྲི་དང་བཅས། འདིར་བདེན་པ་དོན་གཉེར་ཞེས་པའི་དེབ་ཀྱི་སྐོར་ནས་ཅུང་ཟད་ཞུས་ན།

དེ་ཡང་སྲིད་གཞུང་དུ་ལས་ཀ་བྱེད་པའི་མི་ཞིག་གིས་དཔེ་ཆ་ཞིག་འབྲི་བ་དང་ལྷག་པར་དུ་བོད་ཡིག་གི་དཔེ་ཆ་ཞིག་འབྲི་བ་ནི་བདག་གི་ཁོར་ཡུག་འདི་ལྟ་བུར་མཚོན་ན་དཔེ་མི་སྲིད་པའི་ཚོད་དུ་འགྲོ་ཞིང་། དེ་ནི་ཅིས་ཀྱང་དགོས་མཁོ་མེད་པའི་ལས་ལྷག་མ་ཞིག་ཏུ་ངོས་འཛིན་ངེས། ཡིན་ན་ཡང་། མི་སྒེར་གྱི་ངོས་ནས་ལབ་ན་བོད་ཡིག་བོད་སྐད་ནི་རང་ཉིད་ནར་སོན་པའི་གོ་རིམ་དང་ཁ་འབྲལ་མ་མྱོང་བ་ཞིག་ཡིན་པས་ན་རང་གི་བསམ་རྒྱུས་མྱོང་གསུམ་པོ་དཔེ་ཆ་ཞིག་བྱས་པ་འདི་ཚུལ་བབས་དང་མི་མཐུན་པ་གང་ཡང་མེད་།

སྲིད་གཞུང་གི་མི་ཞིག་གི་ངོས་ཐད་ནས་གླེངས་ན་མི་རིགས་འདིའི་སྐད་དང་ཡི་གེའི་ཉེན་ཚབ་ཀྱི་འདུ་ཤེས་ལྷག་ཏུ་ཤུགས་ཆེར་འབྱུང་བ་ཞིག་རེད། ༼རེད་དེ། རིགས་འདིའི་སྐྱེ་བོ་མང་དག་ཅིག་ནི་ལས་བྱེད་པའི་བྱ་བ་རག་རྗེས་རང་གི་སྐད་ཡིག་བརྗེད་འགྲོ་བ་ཞིག་ཡིན་པས་སྐད་ཡིག་གི་ཉེན་ཚབས་འདུ་ཤེས་ཞེས་པ་ཞིག་སྐྱེ་ཐབས་བྲལ། ༽བདག་གིས་དུས་ཡུན་རིང་བོར་སྦྱངས་བའི་སྐད་ཡིག་འདི་ད་ནི་བཀོལ་སྤྱོད་བྱེད་ཡུལ་མེད་པར་གྱུར་བ་དང་། སྐད་ཡིག་གཞན་ཞིག་མི་ཤེས་བཞིན་དུ་ནན་གྱིས་སྤྱོད་དགོས་བྱུང་། དེ་ལྟ་བུའི་ཕམ་ཁ་བྱུང་བའི་མི་ནི་ང་གཅིག་པུ་ཡིན་པར་མི་འདོད་ལ། སྐད་ཡིག་ཅིག་གི་བཀོལ་སྤྱོད་ཀྱི་རིན་ཐང་ཉམས་ཀྱིན་པ་ནི་མི་གཅིག་གཉིས་ཤིག་གི་སྐྱོ་གར་ག་ལ་ཡིན།

དེ་བས། བདག་གིས་བདེན་པ་ཞེས་པའི་ཐ་སྙད་འདི་དྲན། དེ་ནི་ང་ཚོའི་སེམས་ནང་གི་ཐ་སྙད་གཞན་དག་དང་འདྲ་བར་ཐ་སྙད་ཀྱི་ངོས་སུ་ཡོད་ངེས་པ་ཞིག་ཡིན་འདུག་མོད། ༼དོན་གཉེར་མེད་པའི་བདེན་པ་ནི་ཡོད་པས་ཡོད་གོ་མི་ཆོད་༽ཅེས་པ་བཞིན་ཅིས་ཀྱང་འཚོལ་ཞིང་སྙེག་པར་བྱེད་དགོས་པ་ཞིག་ཡིན་པ་རྟོགས། བདག་གི་བསམ་པར། ང་ཚོས་ནི་༼བདེན་པ་༽གཅིག་ཤོར་གཉིས་ཤོར་བྱས་ཏེ་རང་ཉིད་ལ་སེམས་གསོ་བྱས་ནས་སྡོད་པ་ཞིག་ཏུ་སྣང་།

ད་ནི་དེབ་འདིའི་ནང་དོན་ཅི་ལྟ་བུ་ཞིག་ཡོད་སྙམ་ན་འདི་ལྟ་སྟེ། དེབ་འདི་ནི་སྙན་ངག་དང་འབོལ་རྩོམ་གཉི་ག་འདུས་པའི་དེབ་ཅིག་ཡིན་པ་དང་། དེང་ཐོག་སོ་སོར་དེབ་རེ་བྱེད་འདོད་ཀྱང་རྒྱུ་རྐྱེན་དུ་མའི་དབང་གིས་དེབ་གཅིག་ཏུ་བཟོ་དགོས་བྱུང་། དེས་ན་ཉིད་ཀྱིས་སྙན་ངག་གི་དེབ་ཅིག་དང་འབོལ་རྩོམ་གྱི་དེབ་གཅིག་མཉམ་དུ་བཀླགས་པ་དང་མཚུངས་ལ། བདག་གི་ནང་སེམས་ཀྱི་འཇིག་རྟེན་ཧྲིལ་བོར་ངོ་ལ་ངོ་འཕྲད་ནས་རྒྱུས་ལོན་བྱས་པ་དང་མཚུངས།

དེབ་ཀྱི་སྟོད་ཆ་ནི་སྙན་ངག་གི་སྐོར་ཡིན་པ་དང་། ཚང་མ་ཚིགས་བཅད་སྙན་ངག་ཡིན། རྒན་བདུན་ལྷ་རྒྱལ་ལགས་ཀྱིས་རང་རེའི་སྙན་ངག་གསར་རྙིང་གི་ཁྱད་པར་ནི་ཚིགས་སུ་བཅད་ཡོད་མེད་ཁོ་ནས་ཐོག་ནས་འཇོག་རྒྱུ་ཞིག་མིན་པར་འདོད་པ་བཞིན། སྙན་ངག་འདི་རིགས་ཀྱང་གསར་བའི་ཁོངས་སུ་གཏོགས་པ་ཡིན།

འབོལ་རྩོམ་གྱི་སྐོར་ནི་དོན་དམ་པར་སྣ་འཛོམས་ཤིག་ཡིན་ཏེ། སྤྱི་ཚོགས་དཔྱད་བརྗོད་ཀྱི་རིགས་དང་། སློབ་གསོའི་དཔྱད་རྩོམ་གྱི་སྐོར། དེ་བཞིན་དུ་ལྷུག་རྩོམ་གྱི་གྲས་སུ་བགྲང་ཆོག་པ་དང་། ཐ་ན་བརྩམས་སྒྲུང་ཐུང་གྲས་ཀྱི་ཁོངས་སུ་བསྡུས་ཆོག་པ་ལྟ་བུའང་ཡོད། བཅད་ལྷུག་སྤེལ་མ་གསུམ་གྱི་རྩོམ་ལུས་ཀྱི་ཆ་ནས་ལྷུག་མའི་ཁོངས་སུ་འདུ་བས་ན། ལྷུག་མའི་སྡེ་ཞེས་བཏགས་ཡོད།

དེབ་ཅིག་དཔར་སྐྲུན་བྱེད་པའི་གོ་རིམ་ནི་སློབ་སྦྱོང་གི་གོ་རིམ་ཧྲིལ་བོ་ཞིག་རེད། མི་རྣམས་སློབ་སྦྱོང་གི་ཁྲོད་ནས་ནར་སོན་པ་རེད།༼འདི་དཔེ་ཆ་ཁོ་ནར་བསྟན་པ་མིན།༽བདག་གི་བསམ་པར། དཔེ་ཀློག་ནི་ངེས་པར་དུ་མཁས་པ་ཞིག་གམ་རྩོམ་པ་པོ་ཞིག་ཆགས་ཆེད་དུ་མིན་པར། དེ་ནི་ཁྱོད་ཉིད་འཕྲད་པའི་སྨྲེང་སྐྱོ་དང་། སུན་སྣང་། ངལ་དུབ་སོགས་ཀྱི་སེམས་བྱུང་ཕར་བསྐྲད་ནས་ཁྱོད་ལ་བག་ལྷོད་དང་ཞི་འཇགས། ཡང་ན་སེམས་ཀྱི་ངལ་གསོ་ཞིག་འཐོབ་ཆེད་དང་། དཔེ་ཀློག་གིས་རྒྱུན་པར་ནང་སེམས་ཀྱི་འཇིག་རྟེན་ལ་༼བྱབས་ཁྲུས་༽བྱེད་ཕྱིར། བདག་ནི་རྩོམ་འབྲི་ལས་ཀྱང་དཔེ་ཀློག་ལ་དགའ་བོ་ཡོད། དཔེ་ཀློག་གིས་སེམས་པ་དང་སེམས་པ་གཅིག་ཏུ་སྦྲེལ་ནས་མཐར་ཕུགས་བསམ་གྱི་འཇིག་རྟེན་མངོན་འགྱུར་ཡོང་བའི་སྨོན་འདུན་དང་བཅས།

གསལ་བཤད། དེབ་འདི་ལྟ་ཀློག་བྱེད་འདོད་མཁན་གྱི་རྒྱ་ཆེའི་ཀློག་པ་པོ་ཡོངས་ལ་སྟབས་བདེ་བཟོ་ཆེད། དེབ་འདི་ས་གནས་སོ་སོའི་སྒེར་གཉེར་དཔེ་འཚོང་ཁང་དང་། ཞིན་ཧྭ་དཔེ་འཚོང་ཁང་དུ་བཀྲམ་ཡོད་པས། གནས་དེ་དག་ནས་མངག་ཉོ་བྱས་ཆོག་གོ།

དཔེ་སྐྲུན་ཁང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

དེབ་རིན།  སྒོར་༡༨

འདི་ནས་དེབ་ཀྱི་རི་མོ་ལ་གཟིགས།http://www.dobum.org/

·གསར་འགྱུར་གོང་མ:དགེ་རྒན་གྱི་བྲན་གཤིས་མཁྲེགས་གཏོར་བྱ་དགོས།
·གསར་འགྱུར་འོག་མ:གླུ་པ་ཀུན་དགའི་ཆེད་སྒྲིག་གསར་འདོན་དགོང་ཚོཊ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆུ་ཐིགས་འཕྲུལ་དེབ་དེབ་ཕྲེང་བཞི་བ་སྐོར་དང་གཉིས་དྲ་ཐོག་བཀྲམ་པ། 2014/9/24 15:46:30
·༼བྱམས་བརྩེ་དང་སློབ་གསོ་ཞེས་པའི་དེབ་གསར་མཚམས་སྦྱོར། 2014/8/24 19:09:35
·འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད་འགྲེམ་སྤེལ་བྱས། 2014/3/29 22:26:39
·བགྲེས་པོའི་འབེལ་གཏམ་ཐེངས་༡༤པ་ལེགས་ཐོན་བྱུང་བ། 2014/3/8 9:20:27
·ཆུ་ཐིགས་དེབ་ཕྲེང་གསུམ་པ་བཀྲམ་པ། 2014/3/7 19:11:52
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:37:42 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:15:01 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:55:44 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS