ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

རང་སྐྱོན་ངོས་ལེན་ཐུབ་པའི་མི་བཅའ་བ།

[རྩོམ་པ་པོ:སོན་གསར།  ཡོང་ཁུངས:དྲ་ཐོག  དུས་ཚོད:2013/8/20 20:12:18  བཀླགས་ཐེངས:1076][ཡིག་གཟུགས:ཡིག་གཟུགས་མདོག]
རང་སྐྱོན་ངོས་ལེན་ཐུབ་པའི་མི་བཅའ་བ།
རང་སྐྱོན་ངོས་ལེན་བྱེད་ཐུབ་པའི་སྤྱོད་ལམ་ནི་མི་བཅའ་བའི་བྱེ་བྲག་གི་ནང་དོན་གལ་ཆེན་ཞིག་སྟེ། ནང་སེམས་ཀྱི་ཀུན་སློང་ནས་རྫུན་གཡོ་སོགས་ཉེས་སྐྱོན་བཀག་སྟེ་རང་རྒྱུད་ལེགས་པར་བཅོ་བའི་བྱེད་ཐབས་རྨ་མེད་ཞིག་ཡིན།
མི་གཞི་དང་སྒལ་ཚིགས་ཡོད་མེད་གྱི་ཁྱད་པར་འབྱེད་བྱེད་ཁག་གཅིག་ནི་རང་སྐྱོན་ངོས་ལེན་བྱེད་ཐུབ་མིན་གྱི་སྟེང་ནས་འཇོག་པ་སྟེ། དཔེར་ན། མི་སྐོར་ཞིག་གིས་རང་ཉིད་ཀྱི་མཚན་སྙན་དང་ཁ་ངོ་ལ་བསམ་ནས། མི་ཤེས་ཤེས་ཁུལ་དང་མི་འཇོན་འཇོན་མདོག་བྱེད་པ་རེད། དེ་ལྟར་བྱས་ན་རང་གི་མི་གཤིས་ལ་རྫུན་དུ་འགྲོ་ཡང་། སྙན་གྲགས་དང་ཁ་ངོ་ལ་མི་གནོད་པར་འདོད་ཡོད། འོན་ཀྱང་དེ་ལྟར་ཡུན་རིང་སོང་ཚེ། མི་གཞི་དང་སྒལ་ཚིགས་མེད་པའི་མི་རུ་འགྱུར་ཉེན་ཆེ། བློ་དང་ལྡན་པ་ཞིག་ཡིན་ཕྱིན། སྔ་མོ་ནས་དོན་གྱིས་མི་ཤེས་པ་ལ་ངས་མི་ཤེས་དང་། གཞི་ནས་མི་ནུས་པ་ལ་ངས་མི་ནུས། དེ་བཞིན་དུ་མ་འགྲིག་པ་ དང་ནོར་འཁྲུལ་ཡོད་ཚེ་ང་འཆུག་སོང་སོགས་བཤད་ཐུབ་རྒྱུ་ནི།རང་སྐྱོན་ངོས་ལེན་ཐུབ་པའི་མི་གཤིས་སྐོར་ཀྱི་སྙིང་སྟོབས་ཤིག་ཡིན།
ལེ་ཉིན(列宁1870—1924)ལ་རང་སྐྱོན་ངོས་ལེན་ཐུབ་པའི་མི་གཤིས་ཀྱི་སྙིང་སྟོབས་དེ་ཡོད་པས། ཁོ་ནི་མི་སྒལ་ཚིགས་ཅན་དུ་གྱུར་པའི་རྒྱུ་གཙོ་བོ་ནི་འདི་ཡིན་པར་འདོད་ནས་ལེ་ཉིན་གྱི་གཏམ་རྒྱུད་ཅིག་ཚང་མའི་སྤྱན་ལམ་དུ་འབུལ།
ལེ་ཉིན་ཆུང་དུས་ཨ་མར་འགྲོགས་ནས་རྨོ་མོ་ཚང་ལ་མགྲོན་དུ་སོང་། ཁོ་དང་བྱིས་པ་འགའ་མཉམ་དུ་རྩེད་སྐབས་སེམས་ཆུང་མ་བྱས་པར་མེ་ཏོག་གི་བུམ་པ་ས་ལ་འཕངས་ནས་བཅག རྨོ་མོས་བྱིས་པ་རྣམས་མདུན་དུ་བོས་ཏེ་དྲིས་པ་ན། ལེ་ཉིན་གྱིས་རྨོ་མོས་སྡིགས་མོ་གནང་བར་སྐྲག་ནས་བྱིས་པ་གཞན་རྣམས་དང་མཉམ་དུང་མིནཞེས་རྫུན་བཤད་པ་ན། ལེ་ཉིན་གྱི་ཨ་མས་ལེ་ཉིན་ནི་བྱུང་ནས་མ་རབས་པྲ་ཚགས་དང་འདུག་མི་བཟོད་པའི་བསྟན་བཤིག་ཚ་བོ་ཞིག་ཡིན་པ་དང་། དེའི་ཁར་ཁོའི་རྒྱུན་ལྡན་མིན་པའི་ངོ་མདངས་དང་རྣམ་འགྱུར་ལ་བལྟས་ནས། བུམ་པ་ལེ་ཉིན་གྱིས་བཅག་པ་ཤེས་ཡོད་ནའང་། གནས་སྐབས་སུ་ཅི་ཡང་མ་བཤད་པར་བཞག་པ་རེད།
རང་སྐྱོན་ངོས་ལེན་མི་བྱེད་པའི་བྱ་སྤྱོད་ནི་མི་གཤིས་ལེགས་པོ་མི་ཡོང་བའི་སྐྱོན་ཆེན་པོ་ཞིག་ཡིན་པ་དང་། རྫུན་འགོག་གི་བྱ་བ་འདི་བསྒྲུབ་དགོས་ན། ནང་བསམ་པའི་སློབ་གསོ་ལ་བརྟེན་ནས་བསྒྱུར་བཅོས་གཏོང་བ་ལས་ཐབས་གཞན་མེད་པར་འདོད་ནས། ལེ་ཉིན་གྱི་ཨ་མས་ཁྱིམ་བདག་གཞན་གྱི་བྱེད་ཐབས་ཏེ། རྫུན་བཤད་པ་དང་། སྐྱོན་ལས་མ་ཐག་སྐད་ལོག་གནམ་ལ་མི་ཤོངས་པ་དང་། འགྲམ་ལྕག་མེ་སྟག་མཆེད་པ་ལྟ་བུ་ཞིག་མ་གཞུས་པར་མ་ཟད། དེ་ལས་ལྡོག་སྟེ། མི་གཞི་དང་འབྲེལ་བ་ཡོད་པའི་ཡ་རབས་སྤྱོད་བཟང་སྐོར་གྱི་གནས་ལུགས་དང་གཏམ་རྒྱུད་མང་པོ་བཤད་པའི་ཞོར་དུ། ལེ་ཉིན་གྱི་མགོ་ལ་བྱིལ་བྱིལ་བྱས། དེ་ལྟར་ཟླ་ངོ་གསུམ་ཙམ་འདས་པའི་སྐབས་ཤིག་ལ། ལེ་ཉིན་གྱི་ཨ་མས་སྔོན་ལྟར་ལེ་ཉིན་ལ་གཏམ་རྒྱུད་བཤད་བཞིན་ལེ་ཉིན་གྱི་མགོ་ལ་བྱིལ་བྱིལ་བྱས། གཏམ་རྒྱུད་ལ་ཉན་བཞིན་པའི་ལེ་ཉིན་གློ་བུར་དུ་ངུ་སྔངས་དང་བཅས། ངས་རྨོ་མོ་ལ་རྫུན་བཤད་ཡོད། བུམ་པ་གཅོག་མཁན་དེ་ང་ཡིནཞེས་བཤད། ཨ་མས་རྣམ་འགྱུར་དེ་མཐོང་བ་དང་མཉམ་དུདེས་ན་ཁྱོད་ཀྱིས་རྨོ་མོར་རང་སྐྱོན་ངོས་ལེན་བྱོས་དང་། རྨོ་མོས་ཁྱོད་ལ་གུ་ཡངས་གཏོང་ངེས་པ་ཁོ་ཐག་ཡིནཞེས་སེམས་གསོའི་ཚུལ་དུ་བཤད། དེ་ནས་ལེ་ཉིན་གྱིས་ཨ་མའི་རོགས་རམ་ལ་བརྟེན་ནས། རྨོ་མོ་ལགས་ལ་རང་སྐྱོན་ངོས་ལེན་གྱི་ཡི་གེ་ཞིག་བྲིས་ཏེ་བསྐུར་བས། རྨོ་མོས་ཁོ་ལ་གུ་ཡངས་བཏང་པར་མ་ཟད། བྱིས་པ་ཡ་རབས་ཞེས་པའི་མཚན་སྙན་གནང་ནས་སྡེ་བ་ཡོངས་ལ་གྲགས་པ་བྱུང་། དུས་དེ་ནས་བཟུང་། ལེ་ཉིན་གྱིས་གཏན་ནས་རྫུན་བཤད་མ་མྱོང་ལ། རྫུན་མ་བཤད་པའི་དབང་གིས་གནས་ལུགས་དང་དྲང་བདེན་བརྩི་བའི་མི་རུ་གྱུར་བས། རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཁོ་ལ་རྒྱབ་སྐྱོར་བྱས་ཤིང་།བཅུ་བའི་གསར་བརྗེསོགས་རླབས་ཆེན་གྱི་ལས་དོན་ལ་རྒྱལ་ཁ་བླངས་པ་རེད།
དེ་ལྟ་བས་ན། གནའ་རབས་བོད་ཀྱི་མི་ཆོས་སློབ་གསོའི་གཞུང་སྟེ། «ཕུ་ནུའི་མདོ»ཡི་ནང་དུའངརྫུན་གྱི་ཚིག་ཅི་ཡང་མ་བཤད་ན་ཀུན་ཡིད་ཆེས་པ་ཡིན། ཡིད་ཆེས་ན་ཀུན་གྱི་ཆ་ འཇོག་འཐོབ་པ་དེ་ནས་འབྱུང་ངོ་། །ཞེས་གསུངས་པ་དང་། དེ་བཞིན་དུ་དྲིས་ལན་སོ་བརྒྱད་པར་ཡང་། “ནུ་ན་རེ། བདག་ལ་བླ་མ་གཤེ་ན་ཆི་ལྟར་བྱཞེས་དྲིས་པར། ཕུ་ན་རེ། བདག་དགིས་ཉེས་ན། ཁས་ལོང་ཤིག མ་ཉེས་ན། འཇམ་བྱང་བར་འཇམ་དུ་ཤོད་ཆིག མ་ཉེས་པ་གཤེ་ཞེས། ཆུ་ཚད་དང་ལོག་པ་ནང་ཚིག་བྱེ་སྟེ་བཀྱེད་ན། བདག་ལ་གནོདོ། །བདག་ལ་གཡོ་ཡོད་ན། བོར་ཏེ། སླར་བསྐོར་ཞིང་ཡིད་ཆེས་པར་བྱ་བའྀ་རིགསོ། །ཞེས་རང་གིས་ཉེས་པ་ཡིན་ན་ནི་ངོས་ལེན་ཞུ་དགོས། མ་ཉེས་ན་ནི་རྒྱུ་མཚན་རྣམས་ཚིག་འཇམ་པོས་ཤོད་ཅིག མ་ཉེས་པར་གཤེ་གཤེ་གཏོང་བ་ཞེས་ཚད་ལས་བརྒལ་ཏེ་ནང་ཉམས་ཀྱི་ཚིག་ཤུགས་ཆེ་དྲགས་ན་རང་ལ་གནོད་དོ། །གལ་ཏེ་རང་ན་མནོང་ཡོད་ན་སྤངས་ཏེ་སླར་དེ་ལས་ལྡོག་ཅིང་ཡིད་ཆེས་འཐོབ་པར་བྱ་བའི་རིགས་སོ་གསུངས་ཡོད། སྐབས་འདིའི་བླ་མ་ཞེས་པ་ནི་གོང་མ་སྟེ། ལོ་དང་ཡོན་ཏན་དང་ཉམས་མྱོང་སོགས་བདག་ལས་མཐོ་བའམ་གོང་ན་དང་བླ་ན་ཡོད་པའི་མི་རྒན་ལ་གོ་བས། དེ་དག་གིས་གཤེ་གཤེ་གཏོང་བར་སྐྲག་ནས་རྫུན་བཤད་ཚེ། མི་གཞི་བོར་འགྲོ་བའི་རྒྱུ་མཚན་གྱིས་རང་ལ་གནོད་པ་ཡོད་པ་བཤད་ཡོད།
གལ་ཏེ་རང་ལ་མནོང་ངམ་སྐྱོན་ཡོད་པ་ཡིན་ན། གོང་གི་ལེ་ཉིན་གྱི་བྱེད་སྟངས་ལྟར་ངོས་ལེན་བྱེད་པ་དང་། རྫུན་བཤད་པ་དང་གཡོ་བྱེད་པ་སོགས་ཡོངས་སུ་སྤངས་ན་མི་རྣམས་ཀྱིས་ཡིད་ཆེས་དང་ཆ་འཇོག་བྱེད་པ་ཡིན་པས། ལམ་ལྷོང་མི་འབྱུང་བའི་བྱ་བ་གང་ཡང་ཡོད་མི་སྲིད་དོ། །

ཞེས་སོན་གསར་ནས།
༢༠༡༣ལོའི་ཟླ༧པའི་ཚེས༢༩ལ།
·གསར་འགྱུར་གོང་མ:གླུ་བ་ཀུན་དགའི་ཆེད་བསྒྲིཊ་གསར་བ་སེམས་ནང་གི་གླུ་ལེཊ་གྲུབ་བྱུང་བ།
·གསར་འགྱུར་འོག་མ:བོད་ཀྱི་སྣུམ་རིས་སྒྱུ་རྩལ་པ་ངག་དབང་གྲཊ་པའི་མི་སྒེར་གྱི་རི་མོ་འགྲེམ་སྟོན་
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:34:50 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:56:12 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:20:20 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS