ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དཔེ་འཕྲིན
གསར་འགྱུར་ཀློག་པ།

ཁམས་པའི་འཛུམ་རིས་ཞེས་པའི་ཚགས་དེབ།

[རྩོམ་པ་པོ:ཁམས་  ཡོང་ཁུངས:གླིང་གེ་སར།  དུས་ཚོད:2013/8/26 19:29:41  བཀླགས་ཐེངས:1162][ཡིག་གཟུགས:ཡིག་གཟུགས་མདོག]

<<ཁམས་པའི་འཛུམ་རིས>>ནི་རྒྱལ་ནང་རང་བཞིན་གྱི་ཚགས་དེབ་ཚད་ལྡན་ཞིག་ཡིན་པར་མ་ཟད། ཡ་སྔོན་ཐེངས་ལྔ་ལ་འདོན་སྤེལ་གནང་མྱོང་ཞིང་། དེའི་ཁྲོད་ནས་རྒྱལ་རོང་ཞིབ་འཇུག་གི་སྐོར་སོགས་ཆེད་བཀོད་ལས་ཚན་འགས། འདས་སོང་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་འཕེན་པར་སྒེ་ཁུང་ལེགས་པོ་ཞིག་བསྐྲུན་ཡོད་པས་རྒྱ་ཆེའི་ཀློག་པ་པོ་མི་ཉུང་བས་དགའ་བསུ་ཐོབ་པར་མ་ཟད་དེབ་ཕྲེང་རེ་རེ་བཞིན་རེ་སྒུག་གིས་འདའ་བ་མང་། ད་ལོའི་<<ཁམས་པའི་འཛུམ་རིས་>>སྤྱིའི་འདོན་ཐེངས་དྲུག་པ་དང་བདུན་པ་གཉིས་ཀྱིས་ཁམས་ཁུལ་གྱི་གླིང་གེ་སར་རྗེས་ཤུལ་སོགས་གེ་སར་ཞིབ་འཇུག་ལ་ཁ་གཏད་ནས་འདོན་སྤེལ་བྱས་འདུག་ཅིང་། འདོན་ཐེངས་དྲུག་པ། <<གསེར་རྟ་ཡུལ་གྱི་གེ་སར་རིག་གནས་>>དང་། འདོན་ཐེངས་བདུན་པ་<<གླིང་གེ་སར་གྱི་ཕ་ཡུལ་དང་གླིང་གེ་སར་གྱི་རིག་གནས།>>ཞེས་ཚགས་དེབ་གཉིས་པོས་ཁམས་ཁུལ་གྱི་གླིང་གེ་སར་ལོ་རྒྱུས་དཔྱད་བརྗོད་དང་། གླིང་གེ་སར་དང་འབྲེལ་ཡོད་ཀྱི་མི་སྣ། གླིང་གེ་སར་གནས་ཤུལ་གནའ་རྫས་ངོས་འཛིན་སོགས་གླིང་གེ་སར་ཞིབ་འཇུག་ཁོ་ན་ཁ་གཏད་དེ་གེ་སར་སྐོར་ཧྲིལ་འགོད་བྱས་ཡོད་པས། བོད་ཀྱི་དཔའ་བོའི་མི་སྣ་གླིང་གེ་སར་ལ་ཞིབ་འཇུག་དང་རྒྱུས་ལོན་མཁན་ཚོར་དཔྱད་གཞིའི་དཔེ་མོད་པོ་ཞིག་སྔོག་འདོན་ཐུབ་འདུག་པས། བརྒྱ་ཆེའི་ཞུབ་འཇུག་པ་རྣམ་པ<<ཁམས་པའི་འཛུམ་རིས>>ལ་གཟིགས་པར་ཕེབས་དང་གླིང་གེ་སར་ཞིབ་འཇུག་ལ་དཔྱད་སྒོ་གསར་བ་རྙེད་ངེས་སུ་འདུག་སྙམ།

བཟོ་བཀོད་མཛེས་ལ་པར་རིས་ཀྱིས་ཕྱུག་པའི་ཚགས་དེབ་དེ་ད་ལྟ་གཙོ་བོ་ཁམས་དར་མདོ་ཕྱོགས་དང་ཁྲེན་ཏུའུ་གྲོང་ཁྱེར་གྱི་བོད་ཁྲོམ་དུ་འཚོང་རྒྱུ་འདུག་ཀྱང་། བོད་ལྗོངས་ལྷ་ས་སོགས་སུ་མཐོང་རྒྱུ་མི་འདུག  དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་པར་གཉེར་བྱས་པའི་ཁམས་པའི་འཛུམ་རིས་དེ་རྒྱལ་ནང་རང་བཞིན་གྱི་ཚགས་དེབ་ཚད་ལྡན་ཞིག་ཡིན་འདུག་པས། འདི་ཕྱོགས་ལྷ་ས་ཁུལ་གྱི་དཔེ་ཚོང་ཁང་ཁག་གིས་འབྲེལ་ལམ་བཙུག་སྟེ་འདྲེན་སྤེལ་བྱས་ན་ཀློག་པ་པོ་ཚོར་རིག་པའི་དགའ་སྟོན་འཕར་མ་ཞིག་བསྣན་པའི་དགེ་ཕན་ཆེན་པོ་ཡོང་ས་རེད་སྙམ།

·གསར་འགྱུར་གོང་མ:གླུ་མ་དབྱངས་ཅན་མ་ལ་ཀྲུང་གོའི་རྨི་སྒྲའི་བྱ་དགའ་ཐོབ་པ།
·གསར་འགྱུར་འོག་མ:མི་ཆོས་བསྟན་བཅོས་པར་འགྲེམ་ཞུས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཧྥ་རན་སེའི་རྩོམ་པ་པོ་ཕ་ཐྲི་ཁི་མོ་ཏི་ཡ་ནོ་ལ2014ལོའི་ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་པ། 2014/10/18 20:53:42
·འཆི་མེད་དབང་མོར་གསེར་་རྒོད་བརྙན་འཕྲིན་མདོ་འཛིན་པའི་བྱ་དགའ་ཐོབ། 2014/10/16 8:51:48
·བོད་ཀྱི་ན་ཆུང་བྱིས་པའི་གླུ་གཞས་གཟི་ཡི་ཕྲེང་བ་པར་འགྲེམ་བྱས་པ། 2014/10/15 18:14:21
·སྨན་བླ་སྐྱབས་ཀྱིས་འཚོལ་སྡུད་བྱས་པའི་ན་ཆུང་བྱིས་པའི་གླུ་གཞས་འགྲེམ་ལ་ཉེ། 2014/10/3 9:41:47
·ཆུ་ཐིགས་འཕྲུལ་དེབ་དེབ་ཕྲེང་བཞི་བ་སྐོར་དང་གཉིས་དྲ་ཐོག་བཀྲམ་པ། 2014/9/24 15:46:30
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 12:44:25 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 16:32:48 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 1:04:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS