ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དཔེ་འཕྲིན
གསར་འགྱུར་ཀློག་པ།

མི་ཆོས་བསྟན་བཅོས་པར་འགྲེམ་ཞུས་པ།

[རྩོམ་པ་པོ:ངེད་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/8/30 19:22:41  བཀླགས་ཐེངས:1447][ཡིག་གཟུགས:ཡིག་གཟུགས་མདོག]
བོད་ཀྱི་མི་ཆོས་ལུགས་ཀྱི་བསྟན་བཅོས།

ཉེ་ལམ་༼བོད་ཀྱི་མི་ཆོས་བསྟན་བཅོས་༽ཞེས་པ་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་ཞུས་ཡོད།

དེ་ཡང་སྔོན་བྱོན་ཡབ་མེས་གོང་མ་ཚོས་ཆོས་ཕྱོགས་གཅིག་པུ་ཙམ་མ་ཟད་འཇིག་རྟེན་མི་ཆོས་ཕྱོགས་ལའང་བསླབ་གདམས་མང་པོ་ཞིག་གནང་ཡོད་ཀྱང་། ང་ཚོ་ཕྱི་རབས་པས་དེ་དག་ཁ་ནས་བཤད་རྒྱུའི་ལུང་ཚིག་སྐམ་པོ་ཙམ་ཞིག་ཏུ་བཟུང་བ་ལས། སྤྱི་ཚོགས་འཚོ་བའི་ཉིན་རེའི་བྱ་སྤྱོད་དངོས་ནང་བེད་སྤྱོད་ཀྱིས་གང་ཤེས་ལག་ལེན་དུ་བསྟར་དགོས་པའི་ངོས་འཛིན་ཆེར་མེད་པར་གྱུར་ནས། ལེགས་བཤད་དེ་དག་གི་ཕན་ཐོགས་དང་རིན་ཐང་ཇི་བཞིན་མངོན་མི་ཐུབ་པར་ལུས་ཡོད་པའི་ཚོད་དུ་མཐོང་།
ཀུན་གྱིས་བལྟ་ཀློག་དང་།  ཉམས་སུ་ལེན་བདེ་བའི་ཆེད་དུ་ད་ལན་ཁོ་བོས་ཐོག་མའི་སེམས་བསྐྱེད་ཙམ་གྱི་ཚོད་དུ། གཙོ་བོར་ས་སྐྱ་ལེགས་བཤད་དང་། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས་བོད་ཀྱི་ཡོངས་གྲགས་ལེགས་བཤད་བསྟན་བཅོས་ཁག་ལས་འཇིག་རྟེན་མི་ཆོས་སྐོར་གྱི་ནང་དོན་དག་ཁོལ་དུ་ཕྱུངས་ནས་ས་བཅད་མདོར་བསྡུས་བཅས་༼བོད་ཀྱི་མི་ཆོས་བསྟན་བཅོས་༽ཞེས་པ་འདི་ཕྱོགས་བསྒྲིགས་ཞུས་པ་ཡིན།
ཁྱེད་ནས་དེབ་ཆུང་འདི་མཐོང་དུས། དེ་སྔོན་གོ་ཐོས་མྱོང་བའི་ལེགས་བཤད་དེ་འདྲ་རེད་བསམ་ཤོག་ལྷེ་བསྒྱུར་ཙམ་བྱེད་དེ་མི་འཇོག་པར་སེམས་རྣལ་དུ་ཕབ་ནས་ཞིབ་ཀློག་རེ་གནང་རྒྱུ་སློང་མོ་ཞུ་བ་ཡིན།  ཉིད་ནས་དུས་རྒྱུན་དོན་གང་ཞིག་སྒྲུབ་སྐབས་བློ་ཐག་མི་ཆོད་པའི་དཀའ་གནད་འདྲ་འཕྲད་ཚེ་བསྟན་བཅོས་འདིའི་ནང་གི་འབྲེལ་ཡོད་ས་བཅད་ནང་འཚོལ་བལྟ་རེ་བྱོས་དང་། ཁྱེད་ལ་བྱ་བ་བསྒྲུབ་པའི་བློ་སྟོབས་གསར་པ་རེ་རྙེད་ཤས་ཆེ།  འདིའི་དམིགས་དོན་གྱི་སྙིང་པོ་ཡང་ཀློག་པ་པོ་རྣམ་པས་རང་གིས་གང་ཤེས་པ་རྣམས་གོ་བ་དཔེ་ཐོག་ཏུ་མི་ལུས་པར་འཕྲལ་འཕྲལ་དུ་ལག་ལེན་ཐོག་སྦྱར་གང་ཐུབ་གནང་སྟེ། རང་ཉིད་ཀྱི་ལོ་གྲངས་ཇེ་མང་དུ་སོན་པའི་འགྲོས་དང་མཉམ་པར། བསམ་སྤྱོད་ཀྱི་ཡོན་ཏན་ཡང་ཇེ་བཟང་དུ་གཏོང་ཐབས་ལ་འབད་རྒྱུའི་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ལགས་ན། ཚང་མས་་དེ་ལུགས་ཡིད་འཇགས་གནང་འཚལ།
དཀར་ཆག

འགོ་བརྗོད། ་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་ 5
མི་ཆོས་གཙང་མ་བཅུ་དྲུག ་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ 5
ལྷ་ཆོས་དགེ་བ་བཅུ། ་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་7
དགེ་བཅུའི་ལུགས་སྲོལ། ་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ 7
ཕོ་རྩལ་སྣ་དགུ། ་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་ 8
ཕོ་རྩེད་སྣ་དགུ། ་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་ 9
སྲིད་དོན་འཛིན་སྐྱོང་སྐོར། ་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་9
ཁྲིམས་ལུགས་དང་ཁྲལ་བསྡུ་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་ ་་་་་་་་21
ཤེས་རིག་སློབ་བརྩོན་སྐོར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་30
སོ་ནམ་དང་དཔལ་འབྱོར་སྐོར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་37
ཁོར་ཡུག་དང་འཕྲོད་བསྟེན་སྐོར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་46
དགྲ་འདུལ་གཉེན་སྐྱོང་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་50
སྤྱི་སྙོམས་དང་འདུན་གྲོས་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་66
མི་སྣ་བསྐོ་སྤྱོད་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་            75
སྲི་ཞུ་དང་འཚོ་སྐྱོང་སྐོར། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་    82
མཐུན་འཇུག་དང་འབྲེལ་ལམ་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ 92
དཔའ་མཛངས་དང་བློ་ཐབས་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་114
སྨྲ་བརྗོད་དང་ཆ་ལུགས་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་127
བློ་སྦྱོང་དང་ལག་ལེན་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་136
མཁས་བླུན་དང་སྐྱོན་ཡོན་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་148
ཡ་རབ་བཟང་སྤྱོད་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་154
ངན་གཡོ་ལོག་འཚོའི་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་158
གནས་ལུགས་དང་བསླབ་གདམས་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ 164
ཡར་བརྩོན་དང་གསར་འབྱེད་སྐོར།  ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་175
ཟུར་བཀོད། འཇིག་རྟེན་ལུགས་ཀྱི་རྗེས་སུ་འབྲང་བའི་སྙིང་གཏམ། ་་་་་་་་185
མཇུག་གི་གཏམ།  ་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་་་་་་་་་་ ་་་་་་་་་་་་་ ་་་          191

སྔོན་བྱོན་མཁས་པས་ལེགས་གསུང་བསྟན་བཅོས་ལས།།
འབྲེལ་ཡོད་མི་ཆོས་སྐོར་གྱི་ནང་དོན་དག།
ཁོལ་དུ་ཕྱུང་སྟེ་ཕྱོགས་གཅིག་བསྡེབས་པ་འདི།།
དེང་འདིར་དགོས་པ་དོན་དང་བཅས་པར་མཐོང་།།

ལེགས་བཤད་བཤད་ཆོས་ཙམ་དང་ལུང་འདྲེན་དུ།།
མི་འཇོག་ཉིན་རེའི་འཚོ་བའི་བྱ་སྤྱོད་དང་།།
སྦྱར་ཏེ་རང་ངོས་ཡར་རྒྱས་གཏོང་རྒྱུ་གནད།།
དཔྱོད་ལྡན་རྣམས་ཀྱང་དེ་བཞིན་གཟུང་འཚལ་ལོ།།
མཇུག་ཏུ་འདིར་འབད་དགེ་བས་ཀུན་ལ་ཕན་ཐོགས་པར་འགྱུར་བའི་སྨོན་ལམ་བཅས།
༢༠༡༢ལོའི་ཟླ་༥ཚེས་༡དགེ་བར་བསྡུ་སྒྲིག་པ་ངོམ་ཚེ་མགོན་ནས།
·གསར་འགྱུར་གོང་མ:ཁམས་པའི་འཛུམ་རིས་ཞེས་པའི་ཚགས་དེབ།
·གསར་འགྱུར་འོག་མ:བོད་ཡུལ་གྱི་ཆུའི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆུ་ཐིགས་འཕྲུལ་དེབ་དེབ་ཕྲེང་བཞི་བ་སྐོར་དང་གཉིས་དྲ་ཐོག་བཀྲམ་པ། 2014/9/24 15:46:30
·༼བྱམས་བརྩེ་དང་སློབ་གསོ་ཞེས་པའི་དེབ་གསར་མཚམས་སྦྱོར། 2014/8/24 19:09:35
·འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད་འགྲེམ་སྤེལ་བྱས། 2014/3/29 22:26:39
·བགྲེས་པོའི་འབེལ་གཏམ་ཐེངས་༡༤པ་ལེགས་ཐོན་བྱུང་བ། 2014/3/8 9:20:27
·ཆུ་ཐིགས་དེབ་ཕྲེང་གསུམ་པ་བཀྲམ་པ། 2014/3/7 19:11:52
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:16:30 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:35:12 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 2:49:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 62 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS