ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
གསར་འགྱུར་ཀློག་པ།

དགེ་རྒན་དུས་ཆེན་དང་དགེ་མཐོང་གི་འཆར་སྣང་།

[རྩོམ་པ་པོ:ཨ་རིག་དགེ་མཐོང་།  ཡོང་ཁུངས:དྲ་ཐོག  དུས་ཚོད:2013/9/10 21:44:39  བཀླགས་ཐེངས:1454][ཡིག་གཟུགས:ཡིག་གཟུགས་མདོག]
དགེ་རྒན་དུས་ཆེན་དང་དགེ་མཐོང་གི་འཆར་སྣང་།

ཨ་རིག་དགེ་མཐོང་།

སྤྱིར་བཏང་དགེ་རྒན་ཞེས་པའི་མིང་ཚིག་འདི་མཐོང་སྐབས་རང་གཞན་ཚང་མའི་བློ་ངོར་ཅིག་སློབ་མཁན་ཞིག་ཡིན་པའི་ཚོར་སྣང་སྟེར། འོན་ཀྱང་དགེ་རྒན་ཞེས་པའི་མིང་བརྡ་འདིའི་འོག་ན་ཡོད་ཚད་པོ་དེ་འདྲ་ཞིག་མིན་ལ། ལྷག་པར་སློབ་མཁན་མ་དགོས་རང་གི་ལས་གནས་ཙམ་པོ་ལ་འདང་མི་རྒྱག་པར་ཟླ་ཕོག་གཅིག་པོའི་སླད་དུ་རང་གཞན་ཟུང་གི་དུས་ཚོད་དང་མི་ཚེའི་མདུན་ལམ་བརླག་མཁན་མང་། ད་ལྟ་དུས་རབས་གསར་བར་འབོད་པ་འདིའི་ནང་དུ་དེ་བས་ཀྱང་མང་། དེ་དག་ནི་གླེང་ན་རྫོགས་མཐའ་བྲལ་བ་དང་ཁོ་བོ་ཡང་དེ་རིང་ཚོགས་འདུ་དང་ལས་ཀ་གང་མང་གིས་དེད་པས་དེ་རིགས་ཡར་ལ་བཞག གནས་སྐབས་དགེ་རྒན་གྱི་འགན་འཁྲི་གཙོར་བཟུང་གི་དོན་ཚན་འགའ་གླེང་བར་སྤྲོ།

དང་པོ། དགེ་རྒན་གྱི་ཤེས་ཡོན།

སྤྱིར་བཏང་སྐད་རིགས་གང་ཞིག་སློབ་མཁན་གྱི་དགེ་རྒན་ཞིག་ཡིན་ན་སྐད་ཡིག་དེའི་རྨང་གཞི་དགོས་པ་དང་། ལྷག་པར་སྐད་ཡིག་དེའི་ཐོག་མའི་རུས་རྐང་ལྟ་བུའི་བཅུད་ལ་རོལ་མཁན་ཞིག་གལ་ཆེ། འདིར་བདག་གིས་གཙོ་བོ་བོད་ཀྱི་སྐད་ཡིག་དང་དེ་སློབ་མཁན་གྱི་དགེ་རྒན་དག་གཙོར་བཟང་གིས་གླེང་ན། བོད་ཡིག་གི་ཕྱོགས་ནས་སུམ་རྟགས་ཟུང་རང་ཚུགས་ཐུབ་དགོས་པ་དང་། དེའི་སྟེང་དུ་རང་གི་སྐད་ཡིག་འདིའི་འཕེལ་རིམ་དང་། སྐད་གསར་བཅད་སོགས་ཀྱི་སྐོར་ངེས་པར་ཤེས་དགོས། ཐོག་མར་གསར་བཏོད་སྐབས་ཀྱི་དཀའ་སྡུག་སོགས་ལ་འདང་ཕོག་རྒྱུ་དང་དེའི་བརྒྱུད་རིམ་ཤེས་དགོས། མདོར་དེད་ན། དགེ་རྒན་རང་ལ་བོད་ཀྱི་སྐད་ཡིག་སྐོར་གྱི་རྒྱུན་ཤེས་ལྟ་བུ་དང་ཕྲད་རྣམ་དབྱེ་དང་རྟགས་ཀྱི་འཇུག་ཚུལ་སོགས་ལ་ཁ་འགུལ་རྒྱུ་ཡོད་དགོས་པ་ལས་དེང་སང་གི་དགེ་རྒན་གྱི་མིང་ཙམ་པ་ཁག་ཅིག་ལྟར་ཁུ་སིམ་མེར་འདུག་མི་རུང་།

གཉིས་པ། དགེ་རྒན་གྱི་འགན་འཁྲི།

དགེ་རྒན་གྱི་འགན་འཁྲི་ནི་སློབ་ཕྲུག་ཚོ་ལ་སློབ་ཁྲིད་ཅིག་བྱེད་རྒྱུ་ཙམ་མིན་པར། སློབ་མ་རབ་འབྲིང་ཐ་གསུམ་ཡོད་པས་དེ་དག་གི་བློའི་ནུས་པ་དང་བསྟུན་ནས་བསླབ་དགོས། ལྷག་པར་སློབ་ཕྲུག་ཚོ་ལ་བརྩེ་ཞེན་ཞིག་ཡོད་པའི་སྟེང་ནས་རང་ལ་འཕྲད་པའི་དཀའ་ངལ་རིགས་ལ་གདོང་ལེན་བྱས་ཏེ་སློབ་བུ་ཚོར་སྐབས་བབ་ཀྱི་ཤེས་བྱ་དག་གོ་སླ་བོ་དང་དཔེ་འཇོག་གི་སྒོ་ནས་བསླབ་རྒྱུ་ལས། རང་གི་གང་ཤེས་ཐབས་ཅད་དབུགས་ཐེངས་གཅིག་དང་མཁས་ཉམས་ཤིག་གིས་སྟེང་ནས་ཁྲིད་མི་རུང་། དུས་ཚོད་ལ་དམ་འཛིན་དགོས་པ་དང་ལྷག་པར་བརྗོད་གཞི་དང་མ་འབྲེལ་བའི་ཁ་བརྡའི་རིགས་དང་། སུན་སྣང་ཅན་གྱི་མིང་ཚིག་བེད་སྤྱོད་མི་རུང་བ་དང་། སྤྱོད་ལམ་སོགས་ཀྱི་ཐད་ལ་ཡང་ཧ་ཅང་གཟབ་དགོས། མདོར་དེད་ན། སློབ་བུ་ཚོས་ཁྱེད་མཐོང་སྐབས་དགའ་སྣང་སྟེར་མཁན་ཞིག་ལས་གདོན་འདྲེ་མཐོང་བ་ལྟ་བུའི་ཚོར་བ་སྐྱེ་གི་འཇུག་མི་རུང་བ་དེའོ། །

གསུམ་པ། དགེ་རྒན་གྱི་འདུ་ཤེས་འཛིན་སྟངས།

དགེ་རྒན་གྱིས་འདུ་ཤེས་ག་འདྲ་ཞིག་འཛིན་དགོས་ལབ་ན། ངས་སློབ་བུ་འདི་དག་གི་མི་ཚེའི་མདུན་ལམ་ལ་བསམ་བློ་གཏོང་རྒྱུ་དང་འདི་དག་མིའི་སྤྱི་ཚོགས་ནང་ནས་ཏོག་ཙམ་ཡར་ཐོན་ཞིག་ཡོང་མིན་དེ་ང་ལ་རག་ལས་བསམ་པ་དགོས། ད་དུང་སློབ་བུ་འདི་དག་གི་ཕ་མ་ཚོའི་རེ་བ་དང་བོད་ཀྱི་མ་འོངས་ད་ལྟའི་གནས་སྟངས་འོག་ནས་ངས་འདི་དག་ལ་ཤེས་ཡོན་དང་སྤྱོད་ལམ་གང་ཐད་ནས་འགན་འཁུར་དགོས་བསམ་པའི་ཚོར་བ་དེ་ཉིན་རེ་བཞིན་ཇེ་ལེགས་སུ་གཏོང་རྒྱུ་ལས་ཞན་དུ་འཇུག་མི་རུང་སྙམ་དགོས། སློབ་ཁྲིད་ཀྱི་སྐབས་སུ་ཡང་སང་ཉིན་ཀྱི་སློབ་ཁྲིད་དག་ལ་དེ་རིང་བསམ་བློ་གཏོང་རྒྱུ་དང་དེའི་ཐད་ནས་དཔེ་ཀློག་བྱེད་རྒྱུ་ལས། ངས་སྔོན་མ་བལྟས་ཟིན་དང་ཏོག་ཙམ་ཤེས་པ་དང་དེ་ཙམ་གྱིས་འགྲིག་འགྲོ་ནམ་ཡང་མི་བསམ་པར། ཅི་ཙམ་དགེ་རྒན་གྱི་ལས་གནས་ནས་བསྡད་པ་དེ་ཙམ་དུ་རང་ཉིད་ཀྱིས་དགེ་ཕྲུག་ཚོ་ཐབས་ལམ་བདེ་མོ་ཞིག་གི་འོག་ནས་རང་ལ་འབྱོར་བའི་ཡོན་ཏན་འདི་དག་རྩིས་སྤྲོད་བྱ་དགོས་པའི་འདུན་པ་གལ་ཆེ། མདོར་དེད་ན། སློབ་བུ་འདི་དག་མ་འོངས་བོད་ཀྱི་སོན་རྩ་དང་འདི་ཚོའི་ཕ་མའི་རེ་བ་སྟོང་ཟད་དུ་འགྲོ་མིན་ང་ལ་རག་ལས་སྙམ་རྒྱུའོ།།

བཞི་བ། དགེ་རྒན་གྱི་ལྷག་བསམ།

དགེ་རྒན་ཞིག་ཡིན་ན་རང་གི་འཚོ་གནས་དང་རང་གི་ཁྱིམ་ཚང་འགྲིག་ཙམ་ཞིག་ཡོད་ན་བསམ་པ་དེའི་འོག་ནས་སློབ་བུ་ཚོ་ལ་བཅངས་པའི་བསམ་པ་ནི་ཕ་མ་ལྟ་བུ་ཞིག་དགོས་པ་ལས། རང་གི་གཉེན་ཉེ་དང་བཟང་ཁ་མཐུན་ཕྱོགས་ཀྱི་སློབ་བུ་ཚོ་ལ་ཡོན་ཏན་ཨེ་འབྱོར་ཙམ་ལས་སློབ་བུ་ཡོངས་ཀྱི་བདེ་སྡུག་ལ་མི་ལྟ་མཁན་ཞིག་ཡིན་མི་འོས། སློབ་བུ་ཚོ་ལ་རང་གི་ཤ་ལས་ཆད་པའི་བུ་ཕྲུག་ལྟར་ཡོན་ཏན་རེ་ཨེ་འབྱོར་བསམ་པ་ནི་ཉིན་རེའི་ཁྲོད་དུ་མེད་མི་རུང་བའི་གནད་དོན་ནོ། །མདོར་དེད་ན། མི་རིགས་ཀྱི་ལར་ཞེན་དང་བུ་ཕྲུག་གི་འདང་བརྩེ་ལྟ་བུ་ཞིག་གི་འོག་ནས་སྐྱོང་རྒྱུ་དེའོ།།

ལྔ་བ། དགེ་རྒན་གྱི་ཉམས་མྱོང་།

དགེ་རྒན་གྱི་ཉམས་མྱོང་ལབ་ན་སྔོན་རང་ཉིད་སློབ་གྲྭར་འགྲིམ་པའི་སྐབས་ཀྱི་དགེ་རྒན་དག་གི་ལམ་སྟོན་དང་སློབ་ཁྲིད་ཀྱི་ལེགས་ཆ་དག་ཡིད་ལ་བཟུང་སྟེ་ཁྲིད་རྒྱུ་དང་། ད་དུང་རང་ཉིད་སློབ་བུ་ཡིན་པའི་སྐབས་སུ་དགེ་རྒན་གྱིས་སློབ་ཁྲིད་གནང་བའི་ཁྲོད་དུ་སུན་སྣང་ཅན་དག་ནི་གང་ཡིན། སྤྲོ་བ་སྐྱེ་བའི་རིགས་དང་ཉན་འདོད་པ་ཁག་དང་། སློབ་ཁྲིད་སྐབས་སུ་དགེ་རྒན་གྱི་ས་རྣམ་འགྱུར་སྟོན་སྟངས་དང་དཔེ་འཇོག་གང་བདེ་སོགས་གཞི་ལ་བཟུང་ནས་ཁྲིད་རྒྱུ་དང་། ད་ལྟ་རང་ཉིད་ཀྱིས་སློབ་བུ་ཚོ་སྐྱོང་བཞིན་པའི་སྐབས་སུ་དུས་རབས་ཀྱི་འགྲོ་སྟངས་དང་ད་ལྟའི་གནས་བབ་ཀྱི་ཤེས་བྱ་གལ་ཆེན་དང་། སྤྱི་ཚོགས་འདིའི་ནང་གི་འགྲོ་འདུག་དང་བེད་སྤྱོད་གང་ལེགས་ཀྱི་སྐད་ཡིག་དང་དེའི་ཕན་ནུས་སོགས་ལ་དཔྱད་རྒྱུ་ལས་སྲོལ་རྒྱུན་དང་རིག་གཞུང་ཟེར་ནས་སྐབས་བབ་ཀྱི་སློབ་མའི་སེམས་ཁམས་ལ་མ་བསྟུན་པ་དང་བརྗོད་གཞི་དང་མ་འབྲེལ་བའི་རིགས་ལ་འཛེམ་དགོས་སྙམ་པ་གལ་ཆེ། མདོར་དེད་ན། ཤ་ཞེན་ལར་ཞེན་ཡོད་པའི་མི་ཆོག་པར་སྤྱི་ཚོགས་ཀྱི་གནས་བབ་དང་སློབ་མའི་སེམས་ཁམས་སྔོག་འདོན་བྱ་རྒྱུའོ།།

དྲུག་པ། དགེ་རྒན་གྱི་རྐང་རྗེས།

དགེ་རྒན་གྱི་རྐང་རྗེས་ལབ་ན། དགེ་རྒན་ཞལ་བཞུགས་པའི་སྐབས་སུ་སློབ་མ་ཚོས་ཁོང་ལ་བརྩི་བཀུར་དང་གདེང་འཇོག་བྱེད་པ། སློབ་མའི་ཕ་མ་ཚོས་ཀྱང་དགེ་རྒན་དེའི་དྲིན་ལས་ངེད་ཚང་གི་སློབ་མ་འདི་ལ་ཡོན་ཏན་ཅིག་ཅིག་ཉིག་ཉིག་འབྱོར་སོང་ཟེར་བ། དམངས་ཁྲོད་དུ་ཡང་དགེ་རྒན་ཟེར་ན་དེ་འདྲ་ཞིག་དགོས་ཞེས་པའི་གཏམ་གང་སར་ཁྱབ་པ་ཞིག་དང་། དགེ་རྒན་ཁོང་ཞལ་མ་བཞུགས་པའི་སྐབས་སུ་ཡང་རྒྱལ་ཁབ་དང་མི་རིགས་ཀྱིས་རྗེས་དྲན་བྱས་ཏེ་གཏན་ནས་མི་བུ་ཚོའི་སེམས་ངོགས་ནས་མི་ཡལ་མཁན་ཞིག་ཡིན་ན་ད་བཟོད་དགེ་རྒན་གྱི་རྐང་རྗེས་དེ་རིན་ཐང་ཆེ།མདོར་དེད་ན། རྐང་རྗེས་ལབ་ན་ཁྱེད་ཀྱིས་སྤྱི་ཚོགས་ལ་བསྐྲུན་པའི་བག་ཆགས་ནམ་ཡང་ཡལ་མི་ཐུབ་པ་དེའོ།།

འདི་ནི་དེ་རིང་དྲ་ཚིགས་ཁག་བསྔོག་པ་ལས་དགེ་རྒན་དུས་ཆེན་ལ་ཕུལ་བའི་རྩོམ་ཡིག་འགའ་མཐོང་བས། རང་ཉིད་ཀྱིས་གནས་སྐབས་ཀྱི་ངལ་གསོའི་དུས་ཚོད་བེད་སྤྱད་དེ་རྒྱ་གར་གྱི་ཚིག་ཇ་འཐུང་ས་སྟབས་བདེ་ཞིག་ནས་བྲེལ་འཚུབ་ངང་བྲིས་པས་ཡིག་ནོར་དང་གཏགས་ནོར། དོན་ནོར་བཅས་ཡོད་ངེས་པས་དྲ་གྲོགས་ཚོ་གཙོ་བྱས་ཀློག་མཁན་ཡོངས་ལ་དགོངས་སེལ་ཞུ།   ཟུར་རྒྱན།
·གསར་འགྱུར་གོང་མ:ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས།༢
·གསར་འགྱུར་འོག་མ:ཚན་རྩལ་ལོ་ཙཱའི་བྱ་བ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ཐོག་མའི་བགྲོ་གླེང་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན། 2016/1/4 14:33:07
·འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས། 2015/10/28 12:45:21
·མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ། 2015/5/17 21:03:50
·ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས། 2015/4/24 9:00:16
·བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག 2015/4/18 11:08:08
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 14:29:02 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:36:52 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:09:50 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS