ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

རྒྱལ་འཇོག་ཤོ་རྒྱག་གི་གནོད་པ་གཏན་འགོག་སྐོར་གྱི་བསམ་འཆར།

[རྩོམ་པ་པོ:གཅན་རྣམ་ཐར།  ཡོང་ཁུངས:མཚོ་སྔོན་པོ་  དུས་ཚོད:2013/9/15 23:00:54  བཀླགས་ཐེངས:1089][ཡིག་གཟུགས:ཡིག་གཟུགས་མདོག]
རོང་འབྲོག་ཁུལ་གྱི་རྒྱལ་འཇོག་ཤོ་རྒྱག་གི་གནོད་པ་གཏན་འགོག་བྱེད་དགོས་
པའི་སྐོར་གྱི་བསམ་འཆར།

གཅན་རྣམ་ཐར།

རྩེད་འཇོར་རོལ་བ་ནི་མི་སུ་ཡིན་རུང་སྤྲོ་སྣང་ལ་འཚོལ་སྙེག་དང་འཚོ་བའི་གནོན་ཤུགས་སེལ་བའི་དུས་གཉུག་གི་གཤིས་སྤྱོད་ཅིག་ཡིན་ལ། རིག་གནས་དང་ལག་རྩལ། དེང་རབས་སྤྱི་ཚོགས་གང་ཡིན་ཡང་མིའི་བློ་ཁ་ཕྱོགས་གཅིག་ཏུ་སྐུལ་བཞིན་པའི་སྤྱོད་ལམ་ཞིག་ཡིན་པ་དང་། རྩེད་འཇོ་ནི་བྱེད་ཐབས་གང་ཞིག་ལ་བརྟེན་ནས་གཟིགས་མོ་པར་སྤྲོ་སྣང་སྟེར་བའི་རྣམ་གྲངས་ཤིག་གམ་ཡང་ན་འཁྲབ་སྟོན་དང་བྱ་འགུལ་ལ་སོགས་པའི་ཁོངས་སུ་འདུ་བ་ཞིག་ཡིན། རྒྱན་པོ་འགྱེད་པ་ནི་རིན་ཐང་ཅན་གྱི་དངོས་པོ་གང་རུང་གཏའ་མར་བཞག་སྟེ་རྒྱལ་ཕམ་རྩོད་པའི་རྩེད་མོ་ཞིག་ཡིན་པའི་ཆ་ནས་མིའི་རིགས་ཀྱི་རྩེད་འཇོ་རོལ་སྟངས་ཤིག་ལ་རྩིས་ཡོད། ནུབ་ཕྱོགས་ཀྱི་སྤྱི་ཚོགས་ཁྲོད་དུ་དེ་ལ་དཔལ་འབྱོར་གྱི་མཚན་ཉིད་ཅིག་ཡོད་ལ། དེ་ནི་དོན་རྐྱེན་ཞིག་དང་ཐག་གཅོད་དཀའ་བའི་མཇུག་འབྲས་ཤིག་ལ། སྒོར་མོ་དང་རིན་ཐང་ཅན་གྱི་དངོས་པོ་གང་ཞིག་གཏའ་མར་འཇོག་པ་དེ་ཡིན་ལ། དེའི་དམིགས་ཡུལ་གཙོ་བོ་ནི་སྒོར་མོ་དང་དངོས་པོ་གང་མང་ཞིག་ཚུར་ལེན་པའི་ཆེད་ཡིན་པ་མཚན་གཞིར་བཞག་ཡོད། ཀྲུང་གོ་རྒྱལ་ཁབ་ལ་མཚོན་ན་རྒྱན་པོ་འགྱེད་པ་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཞིག་ཡིན་པ་དང་། དེ་ལས་བྱུང་བའི་གནོད་འཚེ་ནི་ཧ་ཅང་ཁྱབ་ཆེ་བ་ཞིག་ཡིན་ཡང་ང་ཚོ་རོང་འབྲོག་ཕྱོགས་ལ་མཚོན་ན། ཁྲིམས་ལུགས་ཀྱི་གོ་རྟོགས་ཞན་པའི་དབང་གིས་མི་མང་ཆེ་བ་ཞིག་གིས་མི་དགེ་བའི་ལས་རྒྱན་འཇོག་ཤོ་རྒྱག་གི་རོལ་རྩེད་ལ་ཞུགས་ནས་ཉི་མ་འགྲོ་ཐབས་བྱེད་བཞིན་ཡོད།
རོང་འབྲོག་ཁུལ་གྱི་རྒྱན་འཇོག་ཤོ་རྒྱག་གི་གནས་བབ་ཐད་དུ་ཕྱོགས་གཅིག་ནས་རོང་འབྲོག་ཁུལ་གྱི་རྒྱན་འཇོག་ཤོ་རྒྱག་མཁན་གྱི་སྐོར་ལ། སྲིད་འཛིན་ལས་ཁུངས་ཀྱི་མགོ་ཁྲིད་ལས་བྱེད་པ་དང་། སྤྱི་ཞབས་པ། ལས་རིགས་ལག་རྩལ་མི་སྣ། དགེ་རྒན། སློབ་གྲྭ་བ། བུད་མེད། རོང་འབྲོག་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་ཡོད་པ་དང་། ཕྱོགས་གཉིས་ནས་རྒྱན་འཇོག་ཤོ་རྒྱག་བྱེད་ས་སྟེ་ཁུལ་སོ་སོ་དང་རྫོང་རེ་རེ། གྲོང་སྡེ་རེ་རེ། ཐ་ན་སྡེ་བ་མང་ཆེ་ཤས་དང་རྫོང་མཁར་ཆུང་ཆུང་ཞིག་ལའང་ཁྱིམ་ཚང་ལྔ་བཅུ་ལྷག་གིས་ཤོ་རྒྱག་ས་ལས་ཡོད། ཕྱོགས་གསུམ་ནས་རྒྱན་འཇོག་ཤོ་རྒྱག་དང་འགྲོགས་པའི་མ་དངུལ་འཕེལ་ནག་འཇོག་པ་སྟེ། རྒྱན་འཇོག་པའི་སྐབས་དང་བསྟུན་ནས་སྒོར་མོ་ཁྲི་གཅིག་ལ་ཉིན་རེར་སྐྱེད་ཀ་སྒོར་མོ་ལྔ་བརྒྱ་ལེན་པའི་མ་དངུལ་འཇོག་པ་ཡིན་ལ། དེ་ལ་ས་ཆ་ལ་ལས་བསུ་མ་ཞེས་མིང་བཏགས་ཡོད། སྐྱེད་ཀ་འཇོག་སྐབས་ཁང་བ་དང་རླངས་འཁོར། ཁྱིམ་གཞིས། ཐ་ན་ཆུང་མ་སོགས་གཏའ་མར་འཇོག་སྲོལ་ཡང་ཡོད། ཕྱོགས་བཞི་ནས་རྒྱན་འཇོག་ཤོ་རྒྱག་མཁན་གྱིས་རྒྱལ་ཤོར་བ་སྟེ། རོང་འབྲོག་ཁུལ་གྱི་རྒྱན་འཇོག་མཁན་ལ་མཚོན་ན་ཕར་ཤོར་བ་ལས་ཚུར་ལོན་པ་དཀའ་ལ། ཡུལ་ཕྱོགས་གཞན་ནས་ཡོང་བའི་རྒྱན་འཇོག་མཁན་ལ་གཡོ་སྒྱུའི་ཐབས་སྣ་ཚོགས་ཤིག་གནས་པས་ཆེད་ལས་ལྟ་བུའི་གཡོ་སྒྱུའི་བྱང་ཆ་ཡོད་ལ། ཟླ་ཕོགས་ཀྱི་ཡོང་འབབ་དང་། ཕྱུགས་ལས་ཐོན་རྫས་ཀྱི་ཡོང་འབབ། ཞོར་ལས་ཀྱི་ཡོང་འབབ། ཐ་ན་དབུལ་སྐྱོར་གནང་སྦྱིན་གྱི་ཡོང་འབབ་སོགས་རྒྱན་འཇོག་ཤོ་རྒྱག་བྱས་ཏེ་མེད་པར་བཏང་བ་མང་བོ་ཞིག་ཡོད། ཕྱོགས་ལྔ་ནས་རྒྱན་འཇོག་ཤོ་རྒྱག་གི་གནོད་པ་བཏང་བའི་སྐོར་ནས། རྒྱན་འཇོག་ཤོ་རྒྱག་བྱས་ཏེ་སྲོག་ཤོར་བ་དང་། འཁོན་འཛིང་བསླངས་ཏེ་ཕན་ཚུན་གསོད་པ། རང་ཚུགས་ཤོར་ནས་རང་སྲོག་གཅོད་པ། འཚབ་འཚུབ་ལངས་ནས་སྙིང་ནད་བྱུང་སྟེ་ཤི་བ་སོགས་ཤིན་ཏུ་མང་བ་ལས། རྒྱན་འཇོག་ཤོ་རྒྱག་བྱས་ཏེ་ཁྱིམ་གཞིས་དང་ཆུང་མ་ཤོར་ནས་ཁྱིམ་གཞིས་སྟོང་བའམ། ཆུང་མ་གཞན་གྱི་གཡོག་མོ་བྱས་པའང་རྣ་ཐོས་ཡོད་ལ། རྒྱན་འཇོག་ཤོ་རྒྱག་བྱས་ཏེ་ནད་བྱུང་བ་ནི་འཚུབ་ཆ་ལངས་ནས་སྙིང་ནད་དང་ཁྲག་ནད་བྱུང་བ་དང་། ཟས་ཀྱི་སྤྱོད་ལམ་རྒྱུན་ལྡན་མིན་པས་དོན་ལྔ་སྣོད་དྲུག་གི་ནད་གང་རུང་བྱུང་བ་ཡིན། འཁོན་འཛིང་སློང་བའི་ཚུལ་ནི་རྒྱན་འཇོག་མཁན་ཕན་ཚུན་བར་དང་། རྒྱན་འཇོག་མཁན་དང་འཕེལ་ནག་འཇོག་མཁན་བར། རྒྱལ་ཁང་གི་བདག་པོ་དང་རྒྱན་འཇོག་མཁན་བར་ཁ་འཛིང་དང་རྒྱག་རེས་བྱེད་པའི་གནས་ཚུལ་བྱུང་ནས་སྡེ་བ་ཕན་ཚུན་བར་དང་། ཚོ་བ་ཕན་ཚུན་བར། ཉེ་འབྲེལ་ཕན་ཚུན་བར་འགལ་བ་སློང་བའི་གནས་ཚུལ་ཡང་བྱུང་ཡོད། རྒྱན་འཇོག་ཤོ་རྒྱག་བྱས་ཏེ་རྐུ་འཕྲོག་བྱེད་པ་ནི། རྒྱུ་ནོར་མེད་པར་བཟོས་རྗེས་ཐབས་ཟད་ནས་རྐུ་འཁྱེར་དང་འཕྲོག་བཅོམ་བྱས་ཏེ་སྡེ་བཤིག་རྐུན་མས་བཤིགས། ས་གཤིག་ཨ་བྲས་བཤིགས་ཞེས་པ་ལྟར་སྡེ་བ་དང་ཚོ་བའི་བར་འགལ་བ་ཆེན་པོ་སློང་བཞིན་ཡོད་ལ། རྒྱན་འཇོག་ཤོ་རྒྱག་གི་ཁྱིམ་ཚང་བཟའ་འཐོར་བྱུང་བ་ནི། ཁྱིམ་བདག་གིས་ཁྱིམ་ཚང་གི་རྒྱུ་ནོར་མེད་པར་བཟོས་ནས་ཐབས་ཟད་དེ་བཟའ་འཐོར་བྱེད་པ་དང་། བུ་བུ་མོས་ཕ་མའི་ཁར་མ་ཉན་པར་ཁྱིམ་གྱི་རྒྱུ་ནོར་མེད་པར་བཟོས་ནས་ཁྱིམ་མ་སྐྱོང་བར་ཕ་མ་དང་བྲལ་ཏེ་སོ་སོར་འགྲོ་བ་སོགས་ཡིན། རྒྱན་འཇོག་ཤོ་རྒྱག་གིས་གྲོགས་པོ་དང་ཉེ་འབྲེལ་གྱི་རྒྱུ་ནོར་ལ་གནོད་པ་ཐེབས་པ་ནི། རྒྱུ་ནོར་ཆེན་པོའི་རྒྱལ་ཤོར་བས་ངོ་ཚ་རྒྱབ་ཏུ་བསྐྱུར་ནས་རང་དང་འབྲེལ་བ་ཡོད་པའི་མི་ལ་རྒྱུ་ཟས་ནོར་སློང་བ་སོགས་ཡིན་ལ། ཐ་ན་འཇིག་རྟེན་གྱི་ལུགས་དང་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་བ། འཚོ་སྡོད་ཀྱི་ཁོར་ཡུག་དང་སྤྱི་ཚོགས་ལ་འགལ་རྐྱེན་བཟོ་བ་སོགས་ཉེས་ཁྲིམས་དང་འགལ་བའི་དོན་རྐྱེན་གང་མང་བཟོ་བ་སོགས་གྲངས་མེད་པ་ཡོད།
དེ་བས་རྒྱན་འཇོག་ཤོ་རྒྱག་ཐད་ནས་གཏན་འགོག་བྱ་རྒྱུ་ལ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་བྱས་ཏེ། ལོ་རེ་བཞིན་ཟླ་གཅིག་གི་རིང་ལ་རྒྱན་འཇོག་ཤོ་རྒྱག་གི་གནོད་པ་དེ་ཇི་ལྟར་ཁྲིམས་དང་འགལ་བའི་སྐོར་དྲིལ་བསྒྲགས་བྱེད་པ་དང་། ལྷག་པར་དུ་རོང་འབྲོག་མང་ཚོགས་ཀྱིས་གོ་བདེ་བའི་གར་ཆུང་འཁྲབ་སྟོན་དང་། བརྙན་འཕྲིན་དང་རྒྱང་སྒྲོག་གི་ལམ་ནས་དྲིལ་བསྒྲགས་དང་སློབ་གསོ་གཏོང་རྒྱུ་དེ་ཡིན་པ་དང་། ས་གནས་ཁྲིམས་འཛིན་སྡེ་ཁག་གིས་མཐོང་ཆེན་བྱས་ཏེ། རྒྱན་འཇོག་ཤོ་རྒྱག་ལ་དྲག་རྡུང་བྱེད་པའི་བྱ་འགུལ་སྤེལ་ནས། རྒྱན་འཇོག་མཁན་དང་རྒྱལ་ཁང་གཉེར་མཁན་ལ་ཁྲིམས་སྲོལ་སློབ་སྦྱོང་འཛིན་གྲྭ་བསྒྲུབ་པ་དང་། གནས་ཚུལ་ཚབས་ཆེ་བའི་ཁྲིམས་འགལ་པ་ཉུང་ཤས་ཁྲིམས་ལྟར་ཁྲིམས་ཐག་གཅོད་པ་དང་བཀག་སྡོམ་བྱ་དགོས་ཤིང་། ས་གནས་རིག་གནས་སྲིད་འཛིན་སྡེ་ཁག་གིས་རིག་གནས་རོལ་རྩེད་ཀྱི་ཚོང་རར་ལྟ་ཞིབ་བྱས་ནས། ཁྲིམས་འགལ་གྱི་རྒྱན་འཇོག་ཤོ་རྒྱག་གཉེར་ས་གཏན་འགོག་བྱས་ཏེ་རིག་གནས་ཀྱི་ཞིབ་བཤེར་རུ་ཁག་དུས་རྒྱུན་གཞི་རིམ་དུ་ཟབ་ཞུགས་སྒོས་རྒྱན་འཇོག་ཤོ་རྒྱག་སོགས་ཁྲིམས་འགལ་གྱི་རིག་གནས་རོལ་རྩེད་ཕྱོགས་ལ་རྟོག་ཞིབ་ཀྱི་ནུས་པ་ཐོན་དགོས། ས་གནས་དཔལ་ཡོན་གཞུང་ལས་ཁང་གི་མཐོང་ཆེན་སྒོས་སྡེ་སྲོལ་དམངས་ཆིངས་ཀྱི་ནང་དོན་འཐུས་ཚང་དུ་བཏང་ནས། སྤྱི་དམངས་ཀྱི་གཞི་རྩའི་ཀུན་སྤྱོད་ཚད་ལྡན་ཅན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་ཡོང་བར་སྣེ་ཁྲིད་དང་མཛུབ་སྟོན་གྱི་ནུས་པ་ཐོན་དགོས། སྡེ་བ་དང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་མཐོང་ཆེན་བྱས་ཏེ། སྡེ་བ་དང་མཉམ་ལས་ཁང་རེ་རེ་བཞིན་རྒྱན་འཇོག་ཤོ་རྒྱག་གཏན་འགོག་བྱེད་པའི་སྲོལ་ཡིག་བཀྲམ་པ་དང་ཆིངས་ཡིག་བཀོད་ནས། ཁྱིམ་ཚང་དང་མི་རེ་རེར་སློབ་གསོ་བཏང་ནས་རྒྱན་འཇོག་ཤོ་རྒྱག་ཐད་ལྟ་སྐུལ་གྱི་ནུས་པ་ཆེན་པོ་ཐོན་དགོས། དགོན་སྡེ་དང་ཆོས་ལུགས་མི་སྣས་ཀྱང་མཐོང་ཆེན་ཚད་མཐོན་པོ་གནངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་མཐོ་རུ་འདེགས་པའི་ཆེད་དུ་ཆོས་དད་མང་ཚོགས་ལ་རྒྱན་འཇོག་ཤོ་རྒྱག་གི་ཉེས་པ་དང་གནོད་པའི་སྐོར་གྱི་སློབ་གསོ་གཏོང་དགོས་ལ། ས་གནས་སྲིད་གཞུང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་རྒྱན་འཇོག་ཤོ་རྒྱག་གཏན་འགོག་བྱ་བར་རྒྱབ་སྐྱོར་དང་རམ་འདེགས་བྱེད་དགོས་པ་ལས། རྒྱན་འཇོག་ཤོ་རྒྱག་གཏན་འགོག་བྱེད་པའི་ཐད་ཀྱི་སྲོལ་ཡིག་དང་ཆིངས་ཡིག་ལག་བསྟར་བྱེད་པར་ལྟ་སྐུལ་གྱི་ནུས་པ་ཐོན་དགོས།
རིག་གནས་རོལ་རྩེད་དར་ཁྱབ་ཏུ་གཏོང་བའི་ཐད་ནས་རིག་རྩལ་འཁྲབ་སྟོན་དང་རྒྱང་སྒྲོག་བརྙན་འཕྲིན། གློག་བརྙན་སོགས་རིག་གནས་རོལ་རྩེད་གཞི་རིམ་དུ་བསྐྱལ་བའི་བྱ་བར་མཐོང་ཆེན་བྱས་ནས། རོང་འབྲོག་པ་མང་ཚོགས་གྱི་རིག་གནས་རོལ་རྩེད་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ལ། སྡེ་བ་དང་སྡེ་ཁུལ། སྐྱེ་ཁམས་གནས་སྤོ་སྡེ་ཁུལ་བཅས་སུ་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། རིག་གནས་ས་ཚིགས། ལུས་རྩལ་ར་བ། རྟ་རྒྱུག་ར་བ་སོགས་རིག་གནས་རོལ་རྩེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ཅན་དུ་བཏང་སྟེ། རྟ་རྒྱུག་དང་མདའ་འཕེན། གླུ་གར། གནའ་གཏམ། བཤད་པ། གབ་ཚིག གླིང་སྒྲུང་སོགས་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་དགོས་པ་དང་། ས་གནས་སྲིད་གཞུང་གིས་ལུས་རྩལ་འགྲན་ཚོགས་དང་རྟ་རྒྱུག་འགྲན་ཚོགས། སྒྱུ་རྩལ་དུས་ཆེན། ཡུལ་སྐོར་དུས་ཆེན་སོགས་རིག་རྩལ་དང་ལུས་རྩལ་གྱི་རྣམ་གྲངས་ལོ་རེར་སྤེལ་རྒྱུ་དང། སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རྩ་འཛུགས་བྱས་ནས། ལྗོངས་རྒྱུ་ལྟ་སྐོར་ལ་འགྲོ་བ་སོགས་རིག་རྩལ་བྱ་འགུལ་མང་བོ་སྤེལ་དགོས།
མདོར་ན། རྩ་འཛུགས་ངེས་ཅན་ཞིག་དང་། དུས་ཚོད་ངེས་ཅན་ཞིག གོ་རིམ་ངེས་ཅན་ཞིག་ལ་བརྟེན་ནས། ཤོ་རྒྱག་རྒྱན་འཇོག་གི་གནད་དོན་ཐག་གཅོད་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རོང་འབྲོག་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་བྱ་བ་མངོན་འགྱུར་ཡོང་བར་འབད་འབུངས་གང་ལེགས་བྱ་རྒྱུ་ནི་ཀུན་གྱི་རེ་བ་ཉག་གཅིག་ཡིན།
·གསར་འགྱུར་གོང་མ:ཚན་རྩལ་ལོ་ཙཱའི་བྱ་བ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ཐོག་མའི་བགྲོ་གླེང་།
·གསར་འགྱུར་འོག་མ:བྱེ་འགོག་དཔའ་བོ་བྲ་ཁྱོམ་དཀོན་མཆོག་དཔལ་བཟང་གི་མཛད་རྗེས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 9:12:32 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:20:17 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 18:21:11 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS