ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
གསར་འགྱུར་ཀློག་པ།

བྱེ་འགོག་དཔའ་བོ་བྲ་ཁྱོམ་དཀོན་མཆོག་དཔལ་བཟང་གི་མཛད་རྗེས།

[རྩོམ་པ་པོ:ཆོས་དཔལ་བཟང་པོ།  ཡོང་ཁུངས:ཆོས་དཔལ་  དུས་ཚོད:2013/9/19 10:17:38  བཀླགས་ཐེངས:1073][ཡིག་གཟུགས:ཡིག་གཟུགས་མདོག]
བྱེ་འགོག་དཔའ་བོ་བྲ་ཁྱོམ་དཀོན་མཆོག་དཔལ་བཟང་གི་མཛད་རྗེས།

ཆོས་དཔལ་བཟང་བོས།

བྱེ་འགོག་དཔའ་བོ་རུ་འབོད་པའི་བྲ་ཁྱོམ་དཀོན་མཆོག་དཔལ་བཟང་མཆོག་གིས་ལོ་འདི་ཚོའི་རིང་ལ་ཁམས་སྡེ་དགེ་དང་མི་ཉག་གངས་དཀར་རི་བོ། དཔལ་ལྷ་སྒང་། ཨ་མདོའི་མཛོད་དགེ་སོགས་ནས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཕྱག་ལས་རྒྱ་ཆེན་པོ་དང་གྲངས་མང་པོ་མཛད་ཡོད་ལ། ཡུལ་ལུང་སོ་སོ་ནས་རྣམ་པ་དང་མ་དཔེ་མི་འདྲ་བའི་རྣམ་གྲངས་སྣ་ཚོགས་པ་ཞིག་སྤེལ་ཡོད་ཅིང་། མ་དཔེ་དེ་དག་དེང་སང་ཁོར་ཡུག་སྲུང་སྐྱོང་བ་མང་པོས་མིག་དཔེ་དང་འདྲ་བཤུ་བྱ་ཡུལ་དུ་གྱུར་ཡོད་ཕྱིན། སྔ་གཞུག་ཏུ་ཨ་རིའི་ཧྥུ་ཇེ་ནེའུ་ཡ་སློབ་གྲྭ་ཆེན་མོ་དང་ཀྲུང་གོའི་པེ་ཅིན་སློབ་གྲྭ་ཆེན་མོ། ཀྲུང་དབྱང་སྲིད་འཛིན་སློབ་གླིང་སོགས་སུ་གདན་འདྲེན་གྱིས་འཆད་ཁྲིད་སྤེལ་ཡོད།
ད་ལོ་ཧྲང་ཧེ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཨ་རིའི་ཧྭ་ཧྥོ་སློབ་གྲྭ་ཆེན་མོ་གཉིས་ཀྱིས་མཉམ་འབྲེལ་གྱིས་སྐོང་ཚོགས་བྱས་པའི་༢༠༡༣ལོའི་སྐབས་གཉིས་པའི་བོད་ལྗོངས་བདག་སྐྱོང་དང་ལག་ལེན་གླེང་སྟེགས་སྟེང་ཆེད་ཞུས་སྐུ་མགྲོན་དུ་ཕེབས་ཏེ་བོད་ཁུལ་ཁོར་ཡུག་གི་གནད་དོན་དང་འབྱུང་རྐྱེན། གནད་དོན་སེལ་ཐབས་དང་མ་འོངས་པར་ནམ་ཡང་རྒྱུན་བསྲིང་ཐུབ་པའི་སྒོས་འཕེལ་རྒྱས་བྱ་ཐབས་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་བར་དེ་གའི་ཚོགས་འདུའི་གཙོ་བསྒྲུབས་པ་དང་ཚོགས་ཞུགས་མི་སྣས་གདེང་འཇོག་མཐོན་པོ་གནང་འདུག
ལྷག་པར་ཏུ་ཁོང་གིས་ཨ་མདོའི་མཛོད་དགེ་རྩྭ་ཐང་ནས་སྤེལ་བའི་བྱེ་ཐན་སྔོན་འགོག་གི་རྣམ་གྲངས་དག་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་འཚོ་བ། ཡུལ་སྲོལ་གོམས་གཤིས་བཅས་དང་ཡོངས་སུ་མཐུན་པ་ཞིག་ཡིན་པར་མ་ཟད། ས་གནས་འབྲོག་པ་མང་ཚོགས་ལ་ཚོགས་ཞུགས་དང་ཇུས་འགོད། ཐག་གཅོད་བཅས་ཀྱི་དབང་ཆ་ཡོངས་སུ་སྤྲད་ཡོད་ལ། ས་གནས་ཀྱི་རྟ་ནོར་ལུག་གསུམ་སོགས་ཡོངས་སུ་བེད་སྤྱོད་ཀྱིས་སྤེལ་བའི་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་མ་དཔེ་གསར་བ་ཞིག་ཡིན་པས། བོད་ནང་ཁུལ་ནས་ཁོར་སྲུང་ཆེད་མཁས་ཧྭ་ཤུལ་བཀྲ་ཤིས་རྡོ་རྗེ་དང་འཇུ་བཀྲ་ཤིས་བཟང་བོ། མཚོ་སྔོན་པོའི་སྲུང་སྐྱོབ་པ་རྒན་རྣམ་རྒྱལ་སོགས་ཀྱིས་སོ་སོའི་ཕ་ཡུལ་གྱི་མི་སེར་ཁོར་སྲུང་པ་ཁ་ཤས་ཁྲིད་དེ་ཆེད་དུ་ས་གནས་དེར་ཕེབས་ཏེ་ལྟ་སྐོར་དང་སློབ་སྦྱོང་གནང་བའི་སྐབས་སུ་གདེང་འཇོག་མཐོན་པོ་གནང་འདུག་པར་མ་ཚད། ད་ཐེངས་འཇར་མན་རྒྱལ་ཁབ་ནས་ཡིན་པའི་ཡ་གླིང་གནམ་གཤིས་འགྱུར་ལྡོག་གི་ཞིབ་འཇུག་པ་གྲགས་ཅན་Carmen Meinert དང་Christian Gudehus གཉིས་ཀྱིས་༼ཡ་གླིང་ཤར་རྒྱུད་ཀྱི་རང་བྱུང་དང་ཁོར་ཡུག རིག་གནས། ༽ཟེར་བའི་སྐད་གྲགས་ཆེ་བའི་བརྩམས་ཆོས་ཀྱི་ནང་དུ་བྲ་ཁྱོམ་དཔལ་བཟང་ལགས་ཀྱི་བྱེ་འགོག་གི་རྣམ་གྲངས་མ་དཔེ་གསར་བའི་བརྒྱུད་རིམ་དང་བསམ་བློ། དེའི་རྒྱབ་ཀྱི་རིག་གནས་བཅས་ཞིབ་ཅིང་ཕྲ་བའི་སྒོས་བཀོད་འདུག དེ་ནི་ཕལ་ཆེར་རྒྱལ་ནང་གི་བོད་པ་ཞིག་གི་རྣམ་གྲངས་ལ་རྒྱལ་སྤྱིའི་ཆེས་མཐོའི་ཆེད་མཁས་རིམ་པས་གནང་བའི་གདེང་འཇོག་མཐོ་ཤོས་ཡིན་སྲིད་ལ། བོད་པ་རང་གིས་སྤེལ་བའི་ཁོར་སྲུང་གི་རྣམ་གྲངས་མ་དཔེ་ཞིག་ཞིབ་ཕྲའི་སྒོས་རྒྱལ་སྤྱིའི་བརྩམས་ཆོས་གྲགས་ཅན་གྱི་ནང་དུ་དཔེ་འགོད་བྱས་པའང་ཨང་དང་པོ་ཡིན་ལས་ཆེ་བས་འདིར་གསར་བསྒྲགས་བྱས་པ་ཡིན་ནོ། །

·གསར་འགྱུར་གོང་མ:རྒྱལ་འཇོག་ཤོ་རྒྱག་གི་གནོད་པ་གཏན་འགོག་སྐོར་གྱི་བསམ་འཆར།
·གསར་འགྱུར་འོག་མ:འབའ་ཡུལ་ཇོ་བོ་རིན་པོ་ཆེའི་བྱུང་བ་བརྗོད་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 0:28:44 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:49:02 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:09:47 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS