ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
གསར་འགྱུར་ཀློག་པ།

ཁེ་ལས་སྐོར་གྱི་གཏམ་བཤད་ཅིག

[རྩོམ་པ་པོ:བྱ་སྐྱ་གས་འོས་སྦྱོར་བྱས།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས  དུས་ཚོད:2013/9/22 8:26:06  བཀླགས་ཐེངས:1587][ཡིག་གཟུགས:ཡིག་གཟུགས་མདོག]
ཁེ་ལས་སྐོར་གྱི་གཏམ་བཤད་ཅིག

བྱ་སྐྱ་གས་འོས་སྦྱོར་བྱས།

དེང་སང་མི་རིགས་གཞན་གྱིས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་གསར་གཏོད་ཀྱི་ལམ་ལ་ཚ་ཚ་འུར་འུར་གྱིས་ཨ་སྔོན་ནམ་མཁའ་ཡིན་ཡང་ཞྭ་རུ་གྱོན་པའི་སྤོབས་པ་ལྡན་ལ།དོག་མོ་ས་གཞི་ཡིན་ཡང་ལྷམ་དུ་བཟོ་བའི་འཆར་བཀོད་ཡོད། ཁོང་ཚོས་བསམ་པའི་འཆར་བཀོད་ལས་བྱུང་བའི་གནད་དོན་དག་རེ་རེ་བཞིན་མངོན་འགྱུར་བྱས་ནས་དོན་དངོས་སུ་མིག་མདུན་དང་རྣ་ལམ་དུ་བསྟར་ཡོང་སྐབས་ད་བཟོད་ང་ཚོ་མི་བུ་འགའཞིག་ཁ་གདངས།མིག་བགྲད་ནས་སྡོད་པ་ལས་ཐབས་ཟད།དེ་ལས་སྐྱོ་བ་ཞིག་ལ་མི་བུ་འགའ་ཞིག་ད་དུང་འདིའི་ཐད་རྨི་ལམ་དུ་ཡང་བཏང་མ་མྱོང་བར་ད་དུང་ཁོར་ཡུག་དོག་པོ་དེར་རྩ་ས་རྩོད་གླེང་གི་དོན་དུ།ཕུ་ནུའི་ཚེ་སྲོག་ཕྲ་མོ་གྲི་ཁ་ལ་དྲངས་ནས།དཔའ་ཡོད་མདོག་དང་དཔུང་སྦོམདོག་གིས་ཁོག་རྒྱ་ལག་མཐིལ་ཙམ་དེ་ཚིམས་པར་བྱེད། གདོད་མའི་ལུགས་ཏེ་མདའ་གྲི་ལ་བརྟེན་ནས་རྒྱལ་ཕམ་བརྩོད་པའི་བྱ་སྤྱོད་དེ་ད་ལྟ་ཡོངས་སུ་དུས་ཡོལ་སོང་བ་ཡིན་རུང་མཐའ་འཁོབ་ཀྱི་ཡུལ་གྲུ་གཞན་ཞིག་ལ་ད་དུང་འདི་ལྟར་དར་ཁྱབ་བྱེད་པ་འདི་མཚར།རྒྱལ་ཁབ་དང་མི་རིགས་གཞན་དུ་སྤོ་ཐོ་བསྐོར་ནས་རི་བོང་ལ་འཇབ་རྡོ་གཞུ་བའི་དཔེ་ལྟར།དཔལ་འབྱོར་གྱི་འགྲན་རྩོད་ཆུ་མོ་ཁོལ་ཁོལ་དང་མེ་ལྕེ་མཆེད་མཆེད་དུ་གནས་ཡོད། ཁོང་ཚོས།དཔལ་འབྱོར་གྱི་འཕེལ་རྒུད་་ལས་རྒྱལ་ཁབ་བམ་མི་རིགས་དེའི་འཕེལ་རྒྱས་དང་མ་འོངས་ལ་སྡོམས་ཚིག་བཀོད་བཞིན་ཡོད།
དེས་ན།  འུ་ཚོས་ཀྱང་ཕྱིན་ཟིན་པའི་ལོ་རྒྱུས་དང་སྙིང་སྟོབས་སོགས་ཁོ་ན་མི་གླེང་བར་གླ་བ་གར་སོང་རི་བོང་སླེབས་པའི་དཔེ་བཞིན།ཚོང་ལས་ཀྱི་ལམ་ལ་བཞུགས་ནས་དཔལ་འབྱོར་གྱི་རྨང་རྡོ་ཅི་ནས་ཀྱང་འདིངས་དགོསཔའི་དུས་ལ་སླེབསའདུག་སྙམ།ས་འོན་ཀྱང་སྐྱ་ལེགས་བཤད་ལས།༼དམན་རྣམས་འབྱོར་ན་དྲེགས་རྒྱུ་བདེ།།ཝ་སྐྱེས་འགྲངས་ན་དྲེགས་པས་རྒྱལ༽ཞེས་གསུངས་པ་ལྟར།འུ་ཚོའི་ཁོར་ཡུག་ཏུ་རང་ཉིད་ཀྱིས་རྡོག་མགོ་ལས་མི་མཐོང་བའི་མི་བུ་ཁ་ཤས་ཀྱིས་གནས་སྐབས་ཀྱི་ཁེ་ཕན་ཕྲ་རག་གི་དོན་དུ་ཕ་སྤུན་ཡིན་ཡང་གཡོ་སྒྱུ་དང་མགོ་བསྐོར་གྱིས་བསླུ་ཁྲིད་བྱེད།མི་དང་མིའི་བར་ཡིད་རྟོན་མེད་པར་མཐེ་བོང་རང་གི་བྲང་ཁར་གཏད་ཀྱིན་པའི་མི་རིགས་འདིས་རང་གདོང་ལ་རང་གིས་ཐལ་བ་བྱུགས་ཀྱིན་འདུག་།ད་ལྟ་འུ་ཅག་ཚོས་ཁུངས་མེད་ང་རྒྱལ་གྱི་མགོ་བོ་དེ་དམའ་རུ་ཕབས་ནས་ལག་མཐིལ་ལྟར་དོག་པའི་སེམས་ཁམས་དེ་ཕྱག་བརྡར་ཞིག་བཏང་དགོས་འདུག་ལ་མིག་ཟུང་རྒྱང་རིང་ཙམ་བལྟ་རྒྱུ་གལ་ཆེ་འདུག་བསམ་གྱི་ཡོད་།གཤམ་དུ་ཀྲུང་གོའི་གྲགས་ཅན་གྱི་ཁེ་ལས་པ་དང་ཨ་ལིས་པ་པའི་རུ་ཚོགས་ཀྱི་བྱ་བཞག་གསར་གཏོད་མཁན་མ་ཡུན་ལགས་ཀྱི་གཏམ་བཤད་ཞིག་ཁོ་བོས་བསྒྱུར་ཁུལ་བྱས་པ་དེ་ལ་གཟིགས་དང་ཅིག་བྱས་ན་འུ་ཚོར་ཚོར་སྣང་གསར་པ་ཞིག་སྦྱིན་སྲིད།།
༼ ངས་ལས་ལམ་གསར་གཏོད་བྱས་ནས་ལོ་ངོ་བཅུ་ཕྱིན་སོང།མི་མང་པོ་ཞིག་གིས་ང་ལ་འདྲི་དོན།
ལས་ལམ་གསར་གཏོད་འདི་ཡང་སྙིང་ཅི་ཞིག་གི་ཆེད་དུ་ཡིན་ཟེར།
ངས་རྒྱུན་དུ་རང་ཉིད་ལའང་འདི་ལྟར་འདྲི་བཞིན་ཡོད་དེ།ལོ་བཅུའི་ནང་ལ་ངས་རང་ཉིད་ཀྱི་ཅི་ཞིག་ཤོར་ན་ཆེས་སྐྲག་ཤོས་དང་སྡུག་ཤོས་ཡིན་ནམ། གང་ཞིག་ཐོབ་ན་
ཆེས་དགའ་ཤོས་དང་སྐྱིད་ཤོས་ཡིན་༽ཞེས་ཚ་འདྲི་བྱེད་ཀྱི་ཡོད།
མི་གཞན་གྱིས་ཟེར་དོན། ཁྱོད་ལ་དངུལ་མང་པོ་ཐོབ་ཡོད་ཟེར།
དེ་རིང་གི་ཨ་ལིས་པ་པ་ 阿里巴巴འདི་ལོ་བཅུའི་སྔོན་གྱི་སྤྱི་གཉེར་ཁང་ཁེར་རྐྱང་དེ་
ད་ལྟ་སྤྱི་གཉེར་ཁང་ལྔ་ལ་འགྱུར་ཡོད་ལ། ཐོག་མའི་ལས་མི་བཅོ་བརྒྱད་དེ་ལས་ད་ལྟའི་ལས་མི་ཆིག་ཁྲི་བཞི་སྟོང་རུ་འགྱུར་ཡོད།
ཚོང་གཉེར་པ་རེ་གཉིས་ནས་འཛམ་གླིང་ཐོག་གི་ཆུང་འབྲིང་ཁེ་ལས་ཁྲི་བཞི་སྟོང་ཙམ་དུ་འགྱུར་ཡོད།
ཡིན་ན་ཡང་དེ་དག་ཡོད་ཚད་ཡང་སྙིང་ང་ལ་མཁོ་བ་དང་མཐར་ཐུག་ཐོབ་འདོད་པ་དེ་ཨེ་ཡིན།ཡང་ན་ང་ལ་ཤིན་ཏུ་མཁོ་ཤོས་དེ་ཨེ་རེད།དངོས་པོ་གང་ཞིག་ཤོར་ན།ང་ལ་སྡུག་སྔལ་བཟོད་དཀའ་བ་ཞིག་ཡོང་ངམ། ཞེས་འདི་ལྟར་དྲིས་ཚེ།ངས་ད་གཟོད་གནད་དོན་ཞིག་གསར་པོ་དྲན་བྱུང།དེ་ནི་ཨ་ལིས་པ་པ་འདི་ལོ་བཅུའི་ནང་ཚོང་འབྲེལ་གྱི་རྩ་བ་དེ།ངས་བལྟས་ན།ཁ་དན་ཚིག་གནས་བྱས་པ་ལ་བརྟན་ནས་བྱུང་བ་རེད།
དེས་ན།ངའི་ཡོད་ཚད་ཀྱི་དམིགས་དབེན་ནི།ཡིད་ཆེས་ཐོབ་པའི་ཆེད་དུ་ཡིན།
དེ་ནི་སྤྱི་ཚོགས་ཀྱིས་ང་ཚོ་ལ་ཡིད་ཆེས་ཐོབ་པའི་ཆེད་དུ་ཡིན། མཛད་སྤྱོད་པས་ང་ཚོ་ལ་ཡིད་ཆེས་ཐོབ་པའི་ཆེད་དུ་ཡིན།ལས་མིས་ང་ཚོ་ལ་ཡིད་ཆེས་ཐོབ་པའི་ཆེད་དུ་ཡིན།མ་དངུལ་འཇོག་མཁན་གྱིས་ང་ཚོ་ལ་ཡིད་ཆེས་ཐུབ་པའི་ཆེད་དུ་ཡིན་།
དེར་བརྟེན་ཡིད་ཆེས་ནི་ཆུ་ཐིགས་ལྟར་རེ་རེ་བཞིན་བསགས་ནས་ཡོང་བས་ཤིན་ཏུ་ནས་དཀའ་ངལ་ཆེ་བར་འདོད།
ངས་རང་ཉིད་ཀྱིས་རང་ཉིད་ལ་འདི་ལྟར་བཤོད་ཀྱིན་ཡོད།གལ་སྲིད།ཨ་ལིས་པ་པ་འདི་ཉིན་ཞིག་ཉམས་རྒུད་དུ་ཕྱིན་ཚེ་རྒྱུ་རྐྱེན་གང་ཞིག་ཡིན་རུང།བདག་གཉེར་གྱི་ཕམ་ཉེས།རང་བྱུང་གི་གནོད་ཚེ།་མི་བཟོས་གནོད་སྐྱོན་གང་ཞིག་
ཡིན་རུང།ང་ཚོ་ལ་ཁ་དན་ཚིག་གནས་ཀྱི་སེམས་ཞིག་ཡོད་ན་འགྲིག་སོང་།དངུལ་ནི་ག་དུས་
ཡིན་ཡང་ཐོབ་སྲིད་པ་ཞིག་རེད།གང་རེད་ཟེར་ན་མཛད་སྤྱོད་པས་ང་ཚོ་ལ་ཡིད་ཆེས་ཡོད།
གལ་སྲིད་ང་རང་ཉིད་ལ་བསམ་བློ་གཏང་བསྐྱར་བྱེད་པའི་བློ་ཞིག་ཡོད་ཚེ།ངའི་
ལས་མིས་ང་དང་མཉམ་དུ་ང་ཚོ་ད་དུང་ཡང་བསྐྱར་བསྒྲུབ་ཆོག་ཟེར།
དེ་རིང་ཀྱང།བྱ་བཞག་གསར་གཏོད་མཁན་ཆུང་འབྲིང་ཁྲི་སྟོང་མང་པོས་གལ་་སྲིད་ཁྱེད་
ཚོ་ལ་དྲ་ཚོང་གཅིག་པུ་གཅིག་རང་ལས་མེད་ཀྱང།ཁོང་རྣམས་པས་ཡང་བསྐྱར་བེད་སྤྱོད་གཏོང་སྲིད་པ་
ཞིག་རེད་བསམ་པར་ང་ཡིད་ཆེས་ཡོད།
འདི་ནི་བློས་ཁེར་གྱི་སྟོབས་ཤུགས་རེད། འདི་ནི་ཡིད་རྟོན་གྱི་ཤུགས་རྐྱེན་རེད་།མི་མང་པོ་ཞིག་གིས་ཡིད་རྟོན་དེ་དངུལ་ལ་བསྒྱུར་ཐུབ་བམ་ཟེར། ཡིད་རྟོན་ནི་དངུལ་མ་རེད།ཡིད་རྟོན་ནི་དངུལ་ལས་རྩ་ཆེ་བ་ཞིག་རེད། ཡིད་རྟོན་ནི་ཚོང་འབྲེལ་ལ་བརྩེ་དུང་ནི་གཉེན་སྒྲིག་པའི་རྨང་གཞིའི་དཔེ་རེད།གལ་སྲིད་གཉེན་སྒྲིག་པ་ལ་བརྩེ་དུང་མེད་ན་འཚོ་བ་བསྐྱེལ་ཐོབ་པ་ཞིག་མ་རེད་ལ།བརྩེ་དུང་ནི་དངུལ་གྱིས་ཉོ་ཐོབ་པ་ཞིག་མ་ཡིན།
དེར་བརྟེན།ངས་དེ་རིང་འདིར་བཞུགས་ཀྱི་བྱ་བཞག་གསར་གཏོད་མཁན་ཡོངས་ལ་བཤད་རྒྱུར།ཨ་ལིས་པ་པ་ལོ་བཅུའི་ནང་ལ་གསལ་ཐུབ་པའི་གནད་དོན་དེ།དེ་རིང་ཁྱོད་ཀྱིས་ཉི་མ་དང་པོ་ནས་བཟུང་བླངས་ཆ་རུ་བརྩིས་ནས་མཛད་སྤྱོད་པ་རེ་རེ་བཞིན་ལ་བརྩི་མཐོང་ཆེན་པོ་དང།རང་ཉིད་ཀྱི་ཚོགས་པ་ལ་བཞུགས་མཁན་གྱི་ཚོགས་མི་རེ་རེ་བཞིན་ལ་བརྩི་མཐོང་ཆེན་པོ་དགོས་པ་མ་ཟད།རང་ཉིད་ལ་རྒྱབ་སྐྱོར་ཡོད་པ་མཐའ་དག་དང།ཡིད་བརྟོན་ཡོད་པའི་མ་རྐང་འཇོགས་མཁན་ཡོངས་ལ།བརྩི་མཐོང་ཆེན་པོ་བྱེད་དགོས།གང་ཡིན་ཟེར་ན་མཛད་སྤྱོད་པ་དང།ལས་མི།མ་རྐང་འཇོག་མཁན་ཚོས།ཁྱོད་ལ་ཡིད་རྟོན་ཡོད་པ་ལ་བརྟེན་ནས།ཁྱོད་གཞི་ནས་ག་ཚད་སོང་རུང་དེ་ཚད་ལ་སླེབས་ངེས་ལ།ག་ཚད་སོང་རུང་དེ་ཚད་འགྲོ་འདོད་ཡོང་པ་རེད།ཚང་མར་དཀའ་དྲིན་ཆེ།
གཤམ་དུ་ལྟད་མོ་བ་ཞིག་གི་དྲི་བ་ཡིན་ཏེ།
བྱ་བཞག་གསར་་གཏོད་པ་ཞིག་བྱེད་སྐབས།ཁོ་ལ་བར་ཆད་མང་པོ་ཞིག་འཕྲད་སྲིད་དཔེར་ན་རང་ཉིད་ལ་དངུལ་ཉུང་ཤས་ཞིག་ལས་མེ་དུས།ཁོས་མ་དངུལ་འཇོག་མཁན་དང།མཛད་སྤྱོད་པ་ལ་སོགས་ལ་གང་འདྲ་བྱས་ནས་བགོ་བཤའ་བརྒྱག་དགོས།
མ་ཡུན། གུས་པ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཚོང་འགྲུལ་པ་ཨང་དང་པོ་དང།ལས་མི་ཨང་གཉིས་པ།མ་དངུལ་འཇོག་མཁན་གྱི་ཕན་ཐོག་ཨང་གསུམ་པ་འཇོག་མཁན་གྱི་དད་མོས་རིང་ལུགས་པ་ཞིག་ཡིན།
དེ་རིང་ནུབ་ཕྱོགས་པ་ཡོངས་ཀྱི་སྤྱིའི་ཆ་ནས།མ་དངུལ་འཇོག་མཁན་གྱི་ཕན་ཐོག་དེ་ཨང་དང་པོ་རུ་འཇོག་གི་རེད་ལ།མི་མང་པོ་ཞིག་གི་དངུལ་གསོག་རྒྱུ་དེའང་ཨང་དང་པོ་རུ་འཇོག་གི་འདུག།
ང་ནི་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ང་ཚོའི་ཁེ་ལས་ལེགས་གྲུབ་་ནི་སྤྱི་ཚོགས་ཀྱི་དོན་དུ་དང་མཛད་སྤྱོད་པའི་གསར་གཏོད་ཀྱི་རིན་ཐང་དོན་དུ་ཡིན་དགོས་རེད་བསམ་གྱི་ཡོད།
མཛད་སྤྱོད་པས་ཁྱོད་ལ་དངུལ་སྤྲད་ན་ཁྱོད་གཞི་ནས་མ་དངུལ་འཇོག་མཁན་ལ་དངུལ་སྤྲོད་རྒྱུ་ཡོད་པ་ཡིན་ལ།མཛད་སྤྱོད་པའི་ལག་ནས་ཐོབ་པའི་དངུལ་གྱིས་ལས་མིའི་ནུས་པ་འདོན་སྤེལ་བྱ་ཐུབ། ལས་མི་དགའ་པོ་བྱུང་ན་མཛད་སྤྱོད་པ་དགའ་པོ་ཡོང་བ་ང་ལ་ཡིད་ཆེས་ཡོད།ལས་མི་དགའ་པོ་བྱུང་ན།མ་དངུལ་འཇོག་མཁན་ཡང་དགའ་པོ་ཡོང་སྲིད།ད་ལྟ་ཁྱེད་ཀྱིས་དྲི་བ་བཏོན་པའི་གནད་དོན་དང་བསྟུན་ན།གལ་སྲིད་ཁེ་ལས་ལ་གནད་དོན་བྱུང་ན།ཁྱོད་ལ་མ་དངྭུལ་ཡོད་ཀྱང་གང་འདྲ་བྱས་ནས་བགོ་བཤའ་བརྒྱག་དགོས་ཞེས་པ་དེ་ཡིན་པ་འདྲ།
གལ་སྲིད་མ་དངུལ་གྱི་ཡོངས་ཁུངས་དེ་མཛད་སྤྱོད་པ་ནས་ཡིན་ན།ཁྱོད་ཀྱིས་དངུལ་དེ་ལ་དགོས་པའི་རིན་ཐང་ཞིག་ངེས་པར་དུ་མཛད་སྤྱོད་པར་བསློག་དགོས།
གལ་སྲིད་ཁྱོད་ཀྱི་མ་དངུལ་གྱི་ཡོངས་ཁུངས་དེ་མ་དངུལ་འཇོག་མཁན་ནས་ཡིན་ན།ཁྱོད་ཀྱིས་དེ་ཡང་ངེས་པར་དུ་མ་དངུལ་འཇོག་མཁན་ལ་བསློག་དགོས།
འདི་ནམ་ཡང་སེམས་ལ་ཉོར། སུས་རང་ལ་ཡིད་རྟོན་བྱས་ན་དེ་ལ་ཁྱོད་ཀྱིས་ལུས་སེམས་གཉིས་ནས་ནུས་པ་ཡོད་རྒུས་ཞབས་འདེགས་བཞུ་དགོས།
ཁྱོད་ཀྱིས་རང་ཉིད་གཞན་གྱིས་ཡིད་རྟོན་རུང་བ་ཞིག་བྱེད་ཐུབ་པ་ཡིན་ན།ཁྱོད་གཞི་ནས་རྒྱང་རིང་བའི་སར་གོམས་པ་སྤོ་ཐོབ། ཚང་མ་ཡག་བྱུང།ཐུགས་རྗེ་ཆེ།།།།༽

འདི་ལས་ང་ཚོའི་ཁོར་ཡུག་ཏུ་ཚོང་ལས་གྱི་ལམ་ལ་བཞུགས་མཁན་རྣམས་ཀྱིས་བླང་བྱའི་ཆ་མང་པོ་འདུག་བསམ་པ་ཡིན། འོན་ཀྱང་འདི་ནི་ཁེ་ལས་པ་གྲགས་ཅན་ཞིག་གིས་རང་གི་མྱོང་བ་དང་དགོངས་ཚུལ་གསུངས་པ་ཙམ་ཡིན་པ་ལས་ཁེ་ལས་ཀྱི་ལམ་བུ་དངོས་སུ་བཞུགས་དགོས་ན་སྐད་ཆ་ཚིག་འབྲུ་འགའ་ཞིག་ལ་གཞི་བྱས་ནས་རྒྱང་རིང་པོ་གང་ལ་འགྲོ་ཐུབ།མི་ཐུབ་སྟེ།གཙོ་བོ་སོ་སོས་འདུ་ཤེས་འདི་ལྟ་བུ་ཞིག་ཁྱེར་ནས་འདི་ཐད་ཀྱི་ཤེས་བྱ་དང་ཉམས་མྱོང་གསོག་འཇོགས་བྱ་རྒྱུ་གལ་ཆེ་བ་ཡིན་ནོ།།།།

·གསར་འགྱུར་གོང་མ:དུས་གསར་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད།
·གསར་འགྱུར་འོག་མ:འབྲུག་པ་རྒྱལ་ཁབ་ཀྱི་ལམ་ལུགས་ངོ་སྤྲོད་
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 18:26:24 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:31:18 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 11:13:27 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS