ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཁྲིམས་ལུཊ
  གསར་འགྱུར་ཀློག་པ།

དཔལ་འབྱོར་དང་སྤྱི་ཚོཊ། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས།༡

[རྩོམ་པ་པོ:ཨ་རིན་  ཡོང་ཁུངས:གཞོན་གསར་དྲ་བ།  དུས་ཚོད:2013/9/28 11:37:55  བཀླགས་ཐེངས:1564][ཡིག་གཟུགས:ཡིག་གཟུགས་མདོག]

དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས།(1)

ཨ་རིན་གྱིས་བསྒྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་༡༩༦༦ལོའི་ཟླ་༡༢ཚེས་༡༦ཉིན་གྲོས་འཆམ་བྱུང་།
རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་༢༠༠༡ལོའི་ཟླ་༢ཚེས་༢༨ཉིན་གྲོས་འཆམ་བྱུང་།

ཀླད་ཀྱི་གཏམ།
  སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནང་གསལ་བསྒྲགས་གནང་བའི་རྩ་དོན་ལྟར། འགྲོ་མིའི་ཁྱིམ་ཚང་གི་ཁྱིམ་མི་ཡོངས་ལ་མངའ་བའི་ལྷན་སྐྱེས་ཀྱི་རྩིས་ཐང་དང་འདྲ་མཉམ། འཕྲོག་ཏུ་མི་རུང་བའི་ཁེ་དབང་ཁས་ལེན་བྱེད་པ་ནི། འཛམ་གླིང་རང་དབང་དང་དྲང་བདེན། ཞི་བདེ་ཡོང་བའི་རྨང་གཞི་ཡིན་ལ། ཁེ་དབང་འདི་དག་མི་ལུས་ཀྱི་ལྷན་སྐྱེས་རྩིས་ཐང་ལས་བྱུང་བར་ངོས་འཛིན་བྱས་པ་དང་། འཛམ་གླིང་འགྲོ་མིའི་ཡོངས་ཁྱབ་ཁེ་དབང་གི་གསལ་བསྒྲགས་ལྟར། འགྲོ་མི་རེ་རེར་སྤྱི་དམངས་དང་ཆབ་སྲིད་ཁེ་དབང་ལོངས་སུ་སྤྱོད་པ་ཕུད་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཁེ་དབང་ལོངས་སུ་སྤྱོད་པའི་ཆ་རྐྱེན་བསྐྲུན་པའི་གནས་ཚུལ་འོག ད་གཟོད་རང་དབང་གིས་འགྲོ་མིས་སྤྱི་དམངས་དང་ཆབ་སྲིད་རང་དབང་ལོངས་སུ་སྤྱོད་ཐུབ་ལ། འཇིགས་སྐྲག་དང་དབུལ་ཕོངས་ཀྱིས་མནར་མི་དགོས་པའི་རང་དབང་གི་ཕུགས་བསམ་མངོན་དུ་འགྱུར་ཐུབ་པར་ངོས་འཛིན་བྱུང་བ། གཞན་དུ་ན། རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གཞིར་བཞག་གིས་འགྲོ་མིའི་ཁེ་དབང་དང་རང་དབང་གང་དེར་ཡོངས་ཁྱབ་ཀྱིས་བརྩི་འཇོག་དང་ལག་བསྟར་བྱེད་པར་སྐུལ་སྤེལ་གཏོང་བའི་འོས་འགན་ཡོད་པར་བསམ་ཞིང་། རང་ཉིད་ཀྱིས་གཞན་པའི་མི་སྒེར་དང་དེ་གཏོགས་པའི་སྤྱི་ཚོགས་ལ་འོས་འགན་མཆིས་པའི་ངོས་ཟིན་གྱིས་སྤྱི་ཆིངས་འདི་ཉིད་དུ་ཁས་ལེན་བྱུང་བའི་ཁེ་དབང་རིགས་འབད་བརྩོན་སྒོས་དར་སྤེལ་དང་ལག་བསྟར་བྱེད་པར་མོས་མཐུན་བྱུང་བ་གཤམ་གསལ་ཏུ།


ས་བཅད་དང་པོ།


དོན་ཚན་དང་པོ།
གཅིག མི་རིགས་ཡོད་དོ་ཅོག་ལ་རང་ཐག་རང་གཅོད་ཀྱི་ཁེ་དབང་ཡོད་དེ། ཁོ་པ་ཚོས་ཁེ་དབང་འདི་བེད་སྤྱད་ནས་ཁོ་པ་ཚོའི་ཆབ་སྲིད་ཐོབ་ཐང་རང་དབང་གིས་ཐག་བཅད་ཆོག་པ་དང་ཆབས་ཅིག དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་འཕེལ་རྒྱས་ལའང་རང་དབང་གིས་དོན་གཉེར་ཆོག་པ་ཡིན།
གཉིས། གཉིས་ཕན་གྱི་རྩ་དོན་གཞིར་བཞག་བྱས་ཡོད་པའི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་རྒྱལ་སྤྱིའི་ཁྲིམས་ཀྱིས་བསྐྱེད་པའི་འོས་འགན་གང་རུང་ལ་མི་གནོད་པའི་སྒོ་ནས། མི་རིགས་ཡོད་དོ་ཅོག་གིས་ཁོ་པ་ཚོ་རང་ཉིད་ཀྱི་དམིགས་ཡུལ་དེའི་སླད་དུ་ཁོ་པ་ཚོའི་རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་རང་དབང་གིས་བཀོད་སྒྲིག་བྱས་ཆོག་ཅིང་། དེ་མིན་གནས་ཚུལ་གང་རུང་གི་འོག་ནས་ཀྱང་མི་རིགས་གང་དེའི་འཚོ་ཐབས་བཙན་འཕྲོག་བྱས་མི་ཆོག་པ་ཡིན།
གསུམ། རང་སྐྱོང་མིན་པའི་མངའ་ཁོངས་དང་ཚབ་གཉེར་མངའ་ཁོངས་ལ་དོ་དམ་འགན་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཀྱང་འདུས་པའི་སྤྱི་ཆིངས་འདི་ཉིད་འཇོག་མཁན་གྱི་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ནང་གསལ་བསྒྲགས་བྱས་པའི་གྲོས་ཆོད་ལྟར། རང་ཐག་རང་གཅོད་ཀྱི་ཁེ་དབང་མངོན་དུ་འགྱུར་བར་སྐུལ་སྤེལ་བྱེད་དགོས་པ་དང་ཆབས་ཅིག ཁེ་དབང་འདི་ལ་བརྩི་འཇོག་ཀྱང་བྱ་དགོས་པ་ཡིན།


ས་བཅད་གཉིས་པ།


དོན་ཚན་གཉིས་པ།
 གཅིག སྤྱི་ཆིངས་འཇོག་མཁན་རྒྱལ་ཁབ་རེ་རེ་ནས་ཆེས་ཆེ་བའི་ནུས་ཚོད་ཀྱིས་རང་སོ་སོའི་ཐོན་ཁུངས་སམ་ཡང་ན་རྒྱལ་སྤྱིའི་རོགས་སྐྱོར་དང་མཉམ་ལས་ཏེ། སྒོས་སུ་དཔལ་འབྱོར་དང་ལག་རྩལ་ཕྱོགས་ནས་རོགས་སྐྱོར་དང་མཉམ་ལས་བརྒྱུད་དེ་བྱེད་རིམ་སྣ་ཚོགས་ལག་བསྟར་དང་། ལྷག་པར་དུ་ཁྲིམས་འཛུགས་ཀྱི་ཐབས་ཤེས་ཀྱང་འདུས་པའི་འོས་འཚམ་གྱི་ཐབས་ཤེས་ཡོད་རྒུ་བེད་སྤྱོད་བཏང་སྟེ། རིམ་གྱིས་སྤྱི་ཆིངས་འདི་ཉིད་དུ་ཁས་ལེན་བྱུང་བའི་ཁེ་དབང་རིགས་ཕྱོགས་ཡོང་ནས་མངོན་དུ་འགྱུར་བར་འགན་ལེན་གནང་ཡོད།
གཉིས། སྤྱི་ཆིངས་འདི་ཉིད་འཇོག་མཁན་གྱི་རྒྱལ་ཁབ་ཁག་གིས་སྤྱི་ཆིངས་འདིར་གསལ་བསྒྲགས་གནང་བའི་ཁེ་དབང་རིགས་ཡོངས་ཁྱབ་ཀྱིས་ལག་བསྟར་བྱེད་པ་ལས། རིགས་རྒྱུད་དང་ཤ་མདོག ཕོ་མོ། སྐད་རིགས། ཆོས་ལུགས། ཆབ་སྲིད་དམ་ཡང་ན་ལྟ་སྟངས་གཞན་དང་། རྒྱལ་ཁོངས། སྤྱི་ཚོགས་གོ་ཐོབ། རྒྱུ་ནོར། སྐྱེས་དུས། ཡང་ན་ཐོབ་ཐང་གཞན་པ་ལྟ་བུ་སོགས་དབྱེ་འབྱེད་གང་རུང་གི་དབང་དུ་མི་འགྱུར་བའི་ཁག་ཐེག་འགན་ལེན་བྱས་ཡོད།
གསུམ། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འགྲོ་མིའི་ཐོབ་ཐང་ཁེ་དབང་དང་རྒྱལ་དམངས་དཔལ་འབྱོར་ལ་འོས་འཚམ་གྱིས་བསམ་བློ་བཏང་བའི་གནས་ཚུལ་འོག རྒྱལ་ཁབ་དེའི་མིན་པའི་རྒྱལ་དམངས་ཀྱིས་སྤྱི་ཆིངས་འདིར་ཁས་ལེན་བྱུང་བའི་དཔལ་འབྱོར་ཁེ་དབང་ལོངས་སུ་སྤྱོད་པར་ཚད་རིམ་ག་འདྲའི་ཐག་གཅོད་བྱེད་པར་འགན་ལེན་བྱས་ཡོད།
དོན་ཚན་གསུམ་པ།
སྤྱི་ཆིངས་འདི་ཉིད་འཇོག་མཁན་གྱི་རྒྱལ་ཁབ་སོ་སོས་སྤྱི་ཆིངས་འདིར་ཁས་ལེན་བྱུང་བའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་ཁེ་དབང་ཕྱོགས་ནས་ཕོ་མོའི་ཁེ་དབང་འདྲ་མཉམ་ཡིན་པའི་ཁག་ཐེག་དང་འགན་ལེན་བྱས་ཡོད།
དོན་ཚན་བཞི་བ།
སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་ཁག་གིས་རྒྱལ་དམངས་ཀྱིས་སྤྱི་ཆིངས་འདིར་གཏན་འཁེལ་ཟིན་པའི་ཁེ་དབང་རིགས་གཞིར་བཞག་གིས་ལོངས་སུ་སྤྱོད་སྐབས། རྒྱལ་ཁབ་ཀྱིས་ཁྲིམས་ལུགས་ནང་གསལ་བ་བཞིན་ཁེ་དབང་འདིའི་རིགས་ཚོད་འཛིན་བྱེད་ཆོག་པ་དང་། འོན་ཀྱང་ཚོད་འཛིན་བྱེད་ཚད་དེ་འདིའི་རིགས་ཀྱི་ཁེ་དབང་ངོ་བོ་དང་རྒྱབ་ཀྱིས་ཕྱོགས་མི་རུང་སྟེ། ཚོད་འཛིན་བྱེད་པའི་དམིགས་ཡུལ་གཅིག་པུ་ནི་དམངས་གཙོའི་སྤྱི་ཚོགས་ཀྱི་སྤྱི་པའི་ཕན་བདེ་གོང་དུ་སྤེལ་བ་ཡིན་དགོས་པའི་ཁག་ཐེག་གནང་ཡོད།
དོན་ཚན་ལྔ་བ།
གཅིག སྤྱི་ཆིངས་འདི་ཉིད་དུ་འཁོད་པའི་དོན་ཚན་དག་རྒྱལ་ཁབ་དང་ཚོགས་པ། མི་སྒེར་གང་རུང་གིས་བྱ་བར་ཞུགས་པའམ་སྦྱོར་བ་ལག་བསྟར་གྱི་ཁེ་དབང་ངོས་ནས་སྤྱི་ཆིངས་འདིར་ཁས་ལེན་བྱུང་བའི་ཁེ་དབང་གང་རུང་དང་རང་དབང་ལ་གཏོར་བརླག་བྱེད་པའམ། ཡང་ན་སྤྱི་ཆིངས་འདིར་འཁོད་པའི་གཏན་འཁེལ་ལས་འགོངས་ཏེ་འདིའི་རིགས་ཀྱི་ཁེ་དབང་དང་རང་དབང་ལ་ཚོད་འཛིན་བྱེད་པའི་འགྲེལ་བཤད་དུ་མི་ཆོག་པ་ཡིན།
གཉིས། རྒྱལ་ཁབ་གང་རུང་ནང་བཅའ་ཁྲིམས་དང་སྤྱི་ཆིངས། ཡང་ན་གོམས་སྲོལ་ལ་གཞིར་བཅོལ་ནས་ཁས་ལེན་བྱུང་བའམ་གནས་པའི་གཞི་རྩའི་འགྲོ་མིའི་ཐོབ་ཐང་གང་རུང་དེ། སྤྱི་ཆིངས་འདི་ཉིད་དུ་མ་འཁོད་པའམ་ཡང་ན་ཁྱབ་ཆུང་ས་ནས་ཁས་ལེན་པར་ཁ་གཡར་ཏེ་ཚོད་འཛིན་དང་འཕྲི་བར་བྱེད་མི་ཆོག་པ་ཡིན།


ས་བཅད་གསུམ་པ།


དོན་ཚན་དྲུག་པ།
གཅིག སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་བྱ་བ་སྒྲུབ་པའི་ཁེ་དབང་སྟེ། མི་རེ་རེ་ནས་གོ་སྐབས་དམ་འཛིན་གྱིས་རང་མོས་སྒོས་བྱ་བ་གདམ་གསེས་དང་དང་ལེན་བྱས་ཏེ་འཚོ་ཐབས་ལ་འབད་ཆོག་པའི་ཁེ་དབང་དང་། དེ་དང་ལྷན་དུ་འོས་འཚམ་གྱི་བྱེད་རིམ་ལ་བརྟེན་ཏེ་ཁེ་དབང་འདི་ཉིད་འགན་སྲུང་བྱེད་དགོས་པར་ཁས་ལེན་བྱས་ཡོད།
གཉིས། སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་ཁེ་དབང་འདི་ག་མངོན་འགྱུར་གང་ལེགས་བྱེད་ཆེད་ལག་རྩལ་དང་ལས་རིགས་མཛུབ་སྟོན་དང་། སྦྱོང་བརྡར་གྱི་བྱེད་རིམ་སྒྲུབ་དགོས་པར་མ་ཟད། སྒེར་མིའི་རྩ་བའི་ཆབ་སྲིད་དང་དཔལ་འབྱོར་རང་དབང་ཡིན་པའི་གནས་ཚུལ་འོག དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བརྟན་བརླིང་གིས་འཕེལ་རྒྱས་དང་ཐོན་སྐྱེད་རང་བཞིན་གྱི་ལས་བགོ་འདང་ངེས་སྒྲུབ་དགོས་པ་ཡིན།
དོན་ཚན་བདུན་པ།
སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་མི་རེ་རེར་དྲང་སྙོམས་སམ་ཡང་ན་ཆེས་ལེགས་པའི་བྱ་བའི་མཐུན་རྐྱེན་ལོངས་སུ་སྤྱོད་དབང་ཡོད་པ་ཁས་ལེན་དང་། སྒོས་སུ་འགན་སྲུང་བྱས་ཡོད་པ་ནི།
ཀ བྱ་བ་སྒྲུབ་མཁན་ཡོངས་ལ་གཤམ་གྱི་ཆེས་དམའ་བའི་ཚད་ཐིག་གི་ཐོབ་ཆ་སྤྲོད་དགོས་ཏེ།
༡ དྲང་སྙོམས་ཀྱི་ཕོགས་དངུལ་དང་། བྱ་བའི་རིན་ཐང་འདྲ་བའི་མི་དག་ལ་ཐོབ་ཆ་འདྲ་མཉམ་དུ་སྤྱོད་དབང་ཡོད་པ་ལས་རིས་སུ་ཤོར་མི་རུང་ལ། སྒོས་སུ་བུད་མེད་ཀྱི་བྱ་བའི་མཐུན་རྐྱེན་དེ་སྐྱེས་པ་ལས་མི་སྡུག་པར་འདྲ་མཉམ་གྱི་ཐོབ་ཆ་ཡོད་པར་ཁག་ཐེག་བྱེད་དགོས།
༢ ཁོ་པ་ཚོ་རང་ཉིད་དང་ཁོ་པ་ཚོའི་ཁྱིམ་མིར་སྤྱི་ཆིངས་འདི་ཉིད་ཀྱི་གཏན་འཁེལ་དང་མཐུན་པར་འོས་འཚམ་གྱི་འཚོ་བའི་ཆུ་ཚད་རྒྱུན་འཁྱོངས་བྱེད་ཐུབ་པའི་ཁག་ཐེག་ཡོད་དགོས།
ཁ བདེ་འཇགས་དང་འཕྲོད་བསྟེན་གྱི་བྱ་བའི་མཐུན་རྐྱེན་བསྐྲུན་པར་འགན་སྲུང་བྱས་ཡོད།
ག མི་རེ་རེར་རང་རང་གི་ལས་རིགས་ཁྲོད་འོས་འཚམ་གྱིས་གོ་ཐོབ་ཡར་བསྟོད་པར་གོ་སྐབས་འདྲ་མཉམ་དུ་ཡོད་ལ། བསླབ་རིམ་དང་འཇོན་ནུས་ཕུད་པའི་བསམ་བློ་གཞན་བཏང་སྟེ་ཚད་བཀག་མི་བྱེད་པའི་འགན་སྲུང་བྱས་ཡོད།
ང ངལ་གསོ་དང་བར་གསེང་། བྱ་བའི་དུས་ཚོད་འོས་འཚམ་གྱིས་ཚོད་འཛིན་དང་། གུང་སེང་དང་ཐུན་མོང་གི་གནང་བའི་སྐབས་ཀྱི་ཐོབ་ཆ་དུས་ལྟར་སྤྲོད་པའི་འགན་སྲུང་བྱས་ཡོད།
དོན་ཚན་བརྒྱད་པ།
གཅིག སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་ཁག་ཐེག་འགན་ལེན་བྱས་ཡོད་པ་ནི།
ཀ མི་རེ་རེར་དཔལ་འབྱོར་དང་སྤྱི་ཚོགས་ཁེ་ཕན་སྐུལ་སྤེལ་དང་འགན་སྲུང་བྱེད་པར་བཟོ་ཚོགས་རྩ་འཛུགས་དང་བཟོ་ཚོགས་གང་དེར་ཞུགས་པའི་ཁེ་དབང་ཡོད་ལ། ཁེ་དབང་དེར་བཟོ་ཚོགས་གང་དེའི་གཏན་འཁེལ་གྱི་སྒྲིག་ཁྲིམས་ཁོ་ནས་ཚོད་འཛིན་བྱེད་དབང་ཡོད། ཁེ་དབང་འདི་ཉིད་ལག་བསྟར་བྱེད་པར། ཁྲིམས་ལུགས་ཀྱི་གཏན་འཁེལ་དང་། དམངས་གཙོའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སམ་ཐུན་མོང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད་དང་། ཡང་ན་མི་གཞན་པའི་ཁེ་དབང་དང་རང་དབང་འགན་སྲུང་བྱེད་དུས་ཚོད་འཛིན་ཆོག་པ་ལས་གཞན་གྱི་ཚོད་འཛིན་གང་ཡང་མི་ཆོག་པ་ཡིན།
ཁ བཟོ་ཚོགས་ལ་རྒྱལ་ཡོངས་རང་བཞིན་གྱི་མཐུན་ཚོགས་དང་མཉམ་འབྲེལ་ཚོགས་པ་འཛུགས་དབང་ཡོད་ལ། རྒྱལ་སྤྱིའི་བཟོ་ཚོགས་རྩ་འཛུགས་སུ་ཞུགས་པའམ་ཡང་ན་རྩ་འཛུགས་བྱེད་དབང་ཡོད།
ག བཟོ་ཚོགས་ལ་བྱ་བ་རང་དབང་གིས་སྒྲུབ་པའི་ཁེ་དབང་ཡོད་ལ། དེར་ཁྲིམས་ལུགས་ཀྱི་གཏན་འཁེལ་དང་། དམངས་གཙོའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སམ་ཐུན་མོང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་ཆེད་དང་། ཡང་ན་མི་གཞན་པའི་ཁེ་དབང་དང་རང་དབང་འགན་སྲུང་བྱེད་དུས་ཀྱི་ཚོད་འཛིན་ལས་གཞན་གྱི་ཚོད་འཛིན་གང་ཡང་མི་ཆོག་པ་ཡིན།
ང ལས་མཚམས་འཇོག་དབང་ཡོད་ལ། རྒྱལ་ཁབ་གང་དེའི་ཁྲིམས་ལུགས་དང་བསྟུན་ནས་ཁེ་དབང་འདི་ཉིད་ལག་བསྟར་བྱེད་དགོས།
གཉིས། དོན་ཚན་འདིས་དམག་མིའམ་ཉེན་རྟོག་པ། ཡང་ན་རྒྱལ་ཁབ་སྲིད་འཛིན་ལས་ཁུངས་ཀྱི་ལས་མིས་ཁེ་དབང་འདི་དག་ལག་ཏུ་བསྟར་བར་ཁྲིམས་མཐུན་གྱིས་ཚོད་འཛིན་བྱེད་པར་འགོག་རྐྱེན་མི་བཟོ་བ་ཡིན།
གསུམ། དོན་ཚན་འདིས་༡༩༤༨ལོའི་རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་སྤྱི་ཆིངས་འཇོག་མཁན་རྒྱལ་ཁབ་སོ་སོས་ཚོགས་པ་གསར་འཛུགས་ཀྱི་རང་དབང་དང་རྩ་འཛུགས་ཀྱི་ཁེ་དབང་འགན་སྲུང་ཐད་ལ་ཁྲིམས་འཛུགས་བྱེད་ཐབས་སམ་ཡང་ན་ཁྲིམས་ལུགས་བྱེད་སྤྱད་དེ་སྤྱི་ཆིངས་དེ་གས་གཏན་འཁེལ་ཟིན་པའི་ཁག་ཐེག་ལ་འགོག་རྐྱེན་བཟོ་བའི་དབང་བཅོལ་གནང་མེད་པ་ཡིན།
དོན་ཚན་དགུ་བ།
སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་མི་རེ་རེར་སྤྱི་ཚོགས་ཉེན་འགོག་འདུས་པའི་སྤྱི་ཚོགས་འགན་སྲུང་ལོངས་སུ་སྤྱོད་དབང་ཀྱི་ཁག་ཐེག་བྱས་ཡོད།
དོན་ཚན་བཅུ་བ།
སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་ཁག་ཐེག་བྱས་ཡོད་པ་ནི།
གཅིག ཁྱིམ་ཚང་ནི་སྤྱི་ཚོགས་གྲུབ་བྱེད་ཀྱི་རང་བྱུང་དང་ཚོགས་པའི་སྡེ་ཚན་ཞིག་ཡིན་པས། ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་དང་རམ་འདེགས་བྱ་དགོས་ངེས་ཡིན་ལ། སྒོས་སུ་འཚར་ལོང་མ་བྱུང་བའི་བྱིས་པར་འབྲེལ་ལམ་འཛུགས་པའམ་སློབ་གསོ་གཏོང་བ། བདག་སྐྱོང་གི་འགན་འཁུར་དུས། ནུས་པ་ཡོད་རྒུས་སྲུང་སྐྱོབ་དང་རམ་འདེགས་གང་ལེགས་བྱེད་དགོས། གཉེན་སྒྲིག་པར་ངེས་པར་དུ་ཕོ་མོ་ཟུང་རང་མོས་རང་འཐད་ཡིན་དགོས།
གཉིས། མ་ཡུམ་གྱིས་བྱིས་པ་བཙའ་བའི་སྔ་གཞུག་གི་དུས་ཡུན་གང་འཚམ་དུ་དམིགས་གསལ་གྱིས་སྲུང་སྐྱོང་བྱེད་དགོས་ཤིང་། བར་སྐབས་འདིར་བྱ་བ་ཡོད་པའི་མ་ཡུམ་ལ་ཕོགས་དངུལ་སྔར་བཞིན་ལོངས་སུ་སྤྱོད་དབང་ངམ་ཡང་ན་འོས་འཚམ་གྱི་སྤྱི་ཚོགས་འགན་སྲུང་ཕན་བདེ་དངུལ་ལོངས་སུ་སྤྱོད་པའི་གུང་སེང་ཡོད་ཆོག་པ་ཡིན།
གསུམ། ན་ཆུང་བྱིས་པ་དང་ན་གཞོན་ཡོངས་ལ་དམིགས་གསལ་གྱི་སྲུང་སྐྱོང་དང་རམ་འདེགས་བྱེད་ཐབས་ལག་ཏུ་བསྟར་དགོས་པ་ལས། སྐྱེས་ཁུངས་སམ་ཡང་ན་ཆ་རྐྱེན་གཞན་གྱི་དབང་གིས་ཁྱད་གསོད་བྱེད་མི་ཆོག་པ་ཡིན། ན་ཆུང་བྱིས་པ་དང་ན་གཞོན་ལ་སྲུང་སྐྱོང་གིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བཤུ་གཞོག་མྱོང་དུ་འཇུག་མི་ཆོག་ཅིང་། ཁོ་པ་ཚོ་གླས་ཏེ་ཁོ་པ་ཚོའི་ཀུན་སྤྱོད་དམ་བདེ་ཐང་ལ་གནོད་པའམ་ཡང་ན་སྲོག་ཉེན་ཡོད་པའི་བྱ་བ་སྒྲུབ་པ། ཡང་ན་ཁོ་པ་ཚོའི་བདེ་ཐང་གི་འཚར་ལོངས་ལ་གནོད་བསྐྱལ་སྲིད་པའི་བྱ་བའི་རིགས་སྒྲུབ་ཏུ་འཇུག་མཁན་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས་པ་ཡིན། རྒྱལ་ཁབ་སོ་སོས་ལོ་ཚོད་གཏན་འཁེལ་བྱས་ནས་གལ་ཏེ་གཏན་འཁེལ་ཟིན་པའི་ལོ་ཚོད་དེའི་མན་གྱི་བྱིས་པ་གླ་མཁན་ལ་བཀག་སྡོམ་མམ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་དགོས་པ་ཡིན།
དོན་ཚན་བཅུ་གཅིག
གཅིག སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་མི་རེ་རེ་ནས་ཁོ་པ་ཚོ་རང་ཉིད་དམ་ཁོ་པ་ཚོའི་ཁྱིམ་ཚང་གི་ཕྱིར་དུ་འདང་ངེས་ཀྱི་ལྟོ་ཆས་དང་། རྒྱབ་གོས། སྡོད་གནས་ཏེ་ཚད་ངེས་ཅན་གྱི་འཚོ་བའི་ཚད་གཞི་བསྐྲུན་པའི་ཁེ་དབང་དང་། འཚོ་བའི་ཆ་རྐྱེན་མུ་ནས་ཇེ་ལེགས་སུ་གཏོང་བའི་ཁེ་དབང་ཡོད་པ་ཁག་ཐེག་བྱས་ཡོད། སྤྱི་ཆིངས་འཇོག་མཁན་རྒྱལ་ཁབ་སོ་སོས་འོས་འཚམ་གྱི་བྱེད་རིམ་ལག་བསྟར་གྱིས་ཁེ་དབང་འདི་ཉིད་མངོན་ཏུ་འགྱུར་བར་ཁག་ཐེག་བྱེད་པ་དང་ཆབས་ཅིག ཁེ་དབང་འདི་ཉིད་ལག་བསྟར་བྱེད་པར་རང་མོས་རང་འཐད་ཀྱི་རྒྱལ་གཅེས་མཉམ་ལས་གཞི་རྩ་བྱེད་པའི་གལ་ཆེན་རང་བཞིན་ལ་ངོས་འཛིན་བྱུང་ཡོད།
གཉིས། སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་མི་རེ་རེ་ནས་བཀྲེས་ལྟོགས་མྱོང་མི་དགོས་པའི་རྩ་བའི་ཁེ་དབང་ལོངས་སུ་སྤྱོད་པ་དང་། ཆེད་དུ་བཟོས་པའི་ཞིབ་གསལ་གྱི་ཇུས་གཞི་འདུས་པའི་གཤམ་གྱི་དམིགས་ཡུལ་དེའི་ཕྱིར་ངེས་པར་དུ་རྒྱལ་ཁབ་རེ་རེ་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་པའམ་ཡང་ན་རྒྱལ་སྤྱིའི་མཉམ་ལས་བརྒྱུད་ནས་དགོས་ངེས་ཀྱི་བྱེད་ཐབས་བེད་སྤྱོད་པར་ཁག་ཐེག་བྱས་ཡོད་དེ།
ཀ ཚན་རྩལ་ཤེས་བྱ་བཀོལ་སྤྱོད་གང་ལེགས་དང་འཚོ་བཅུད་རྩ་དོན་དུ་བྱེད་པའི་ཤེས་བྱ་བརྒྱུད་སྒྲོག། ས་ཞིང་ལམ་ལུགས་འཕེལ་རྒྱས་སམ་ཡང་ན་བཅོས་བསྒྱུར་གྱིས་རང་བྱུང་ཐོན་ཁུངས་གསར་སྤེལ་གོ་ཆོད་བྱེད་པའམ་བེད་སྤྱོད་གཏོང་བ་སོགས་ཀྱི་ཐབས་ཤེས་སྤྱད་ནས། འབྲུ་རིགས་ཐོན་སྐྱེད་དང་ཉར་ཚགས། བགོ་འགྲེམ་ཐབས་ཤེས་ལེགས་སུ་གཏོང་དགོས།
ཁ འབྲུ་རིགས་ཕྱིར་འདྲེན་དང་ནང་འདྲེན་བྱེད་པའི་རྒྱལ་ཁབ་གཉིས་ཀའི་གནད་དོན་ལ་གཞིགས་ཏེ། འཛམ་གླིང་གི་འབྲུ་རིགས་མཁོ་འདོན་བྱེད་དུས་དགོས་མཁོ་དང་སྤྱི་སྙོམས་ལ་བསྟེན་ནས་བགོ་འགྲེམ་བྱེད་པའི་ཁག་ཐེག་བྱས་ཡོད།
དོན་ཚན་བཅུ་གཉིས།
གཅིག སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་མི་རེ་རེར་ཆེས་མཐོ་བའི་ཚད་གཞིར་སླེབས་པའི་ལུས་སྟོབས་དང་སེམས་ཁམས་བདེ་ཐང་ལོངས་སུ་སྤྱོད་པའི་ཁེ་དབང་ཡོད་པ་ཁག་ཐེག་བྱས་ཡོད།
གཉིས། སྤྱི་ཆིངས་འདི་འཇོག་མཁན་རྒྱལ་ཁབ་སོ་སོས་ཁེ་དབང་དེ་ཉིད་མངོན་འགྱུར་གང་ལེགས་བྱེད་པར་ལག་ཏུ་བསྟར་བའི་བྱེད་རིམ་ལ།
ཀ བྱིས་པ་མངལ་ནས་ཤི་བ་དང་བྱིས་པའི་ཤི་ཚད་ཇེ་དམའ་རུ་བཏང་ནས་བྱིས་པ་བདེ་ཐང་གིས་འཚར་ལོངས་བྱུང་དུ་འཇུག་དགོས།
ཁ ཁོར་ཡུག་འཕྲོད་བསྟེན་དང་བཟོ་ལས་འཕྲོད་བསྟེན་གྱི་ཕྱོགས་སོ་སོ་ནས་ཇེ་ལེགས་སུ་གཏོང་དགོས།
ག འགོས་ནད་དང་ས་གནས་རང་བཞིན་གྱི་ནད། ལས་རིགས་ཀྱི་ནད། དེ་མིན་ནད་རིགས་གཞན་སོགས་སྔོན་འགོག་དང་སྨན་བཅོས། ཚོད་འཛིན་བྱེད་དགོས།
ང མི་རེ་རེར་ནད་བྱུང་དུས་སྨན་བཅོས་བདག་སྐྱོང་གི་ཆ་རྐྱེན་སྐྲུན་པར་ཁག་ཐེག་བྱེད་དགོས།
དོན་ཚན་བཅུ་གསུམ།
གཅིག སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་མི་རེ་རེར་སློབ་གསོ་མྱོང་བའི་ཁེ་དབང་མཆིས་པ་ཁས་ལེན་བྱས་ཡོད། སྤྱི་ཆིངས་འཇོག་མཁན་རྒྱལ་ཁབ་ཁག་གིས་སློབ་གསོ་ཡིས་མི་གཤིས་དང་རྩིས་ཐང་གི་འདུ་ཤེས་གང་ལེགས་སྒོས་གོང་འཕེལ་འབྱུང་བར་སྐུལ་སློང་དང་། འགྲོ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ལ་བརྩི་འཇོག་བྱེད་པར་ཤུགས་སྣོན་པ། སློབ་གསོ་ཡིས་འགྲོ་མི་ཡོངས་རང་དབང་གི་སྤྱི་ཚོགས་སུ་ཞུགས་ཏེ་གྲུབ་འབྲས་འཇོག་ཏུ་འཇུག་པ་དང་། མི་རིགས་ཕན་ཚུན་དང་རིགས་རྒྱུད། མི་རྒྱུད་དམ་ཡང་ན་ཆོས་ཚོགས་ཕན་ཚུན་བར་རྒྱུས་ལོན་དང་། བཟོད་སྒོམ། མཛའ་བརྩེའི་འབྲེལ་བ་ཡར་སྤེལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་གི་བྱེད་སྒོ་སྣ་ཚོགས་སྔར་ལས་ཇེ་ལེགས་སུ་འགྲོ་བར་ནུས་པ་ཐོན་དགོས་པའི་ངོས་འཛིན་བྱུང་ཡོད།
གཉིས། སྤྱི་ཆིངས་འདི་འཇོག་མཁན་རྒྱལ་ཁབ་སོ་སོས་ཁེ་དབང་དེ་ཉིད་མངོན་འགྱུར་གང་ལེགས་ཡོང་བར་གཤམ་གྱི་དག་ངོས་འཛིན་བྱུང་བ་སྟེ།
ཀ དམའ་རིམ་སློབ་གསོ་ནི་འགན་འབབ་སློབ་གསོར་གཏོགས་པ་དང་། ཆབས་ཅིག་རིན་མེད་སྒོས་རྒྱལ་དམངས་ཀུན་ལ་ཁྱབ་གདལ་གཏོང་དགོས།
ཁ འབྲིང་རིམ་ལག་རྩལ་དང་ལས་རིགས་འབྲིང་རིམ་སློབ་གསོ་འདུས་པའི་རྣམ་པ་སྣ་ཚོགས་ཀྱི་འབྲིང་རིམ་སློབ་གསོ་སྟེ། འོས་འཚམ་གྱི་ཐབས་ཤེས་ཡོད་རྒུ་རྩལ་ཏུ་བཏོན་ཞིང་། སྒོས་སུ་རིན་མེད་ཀྱི་སློབ་གསོའི་ལམ་ལུགས་རིམ་གྱིས་ལག་བསྟར་བྱས་ཏེ་མི་རེ་རེ་ནས་སློབ་གསོ་མྱོང་བའི་བསྐལ་བ་ལྡན་དུ་འཇུག་དགོས།
ག མཐོ་རིམ་སློབ་གསོ་ནི་དགོས་ངེས་ཀྱི་སྦྱངས་འབྲས་ལ་གཞི་བཅོལ་ཞིང་འོས་འཚམ་གྱི་ཐབས་ཤེས་ཡོད་རྒུ་རྩལ་ཏུ་བཏོན་ནས་མི་ཀུན་ལ་འདྲ་མཉམ་གྱིས་སློབ་གསོ་མྱོང་བའི་སྐལ་བ་ལྡན་དུ་འཇུག་པ་དང་། ཁྱད་པར་དུ་རིན་མེད་ཀྱི་སློབ་གསོའི་ལམ་ལུགས་རིམ་གྱིས་ལག་བསྟར་བྱེད་དགོས།
ང འབྲིང་རིམ་སློབ་གསོ་མྱོང་ཚར་མེད་པའམ་གཏན་ནས་མ་མྱོང་མཁན་གྱི་རྨང་གཞིའི་སློབ་གསོ་དེ། ཐབས་ཤེས་ཡོད་རྒུ་བཏོན་ནས་སྐུལ་སློང་ངམ་ཡང་ན་སྐུལ་སྤེལ་བྱེད་དགོས།
ཅ རིམ་པ་སོ་སོའི་སློབ་གྲྭའི་ལམ་ལུགས་འབད་བརྩོན་གྱིས་འཕེལ་རྒྱས་གཏོང་དགོས་ཤིང་། འོས་འཚམ་གྱི་སྦྱངས་འབྲས་ལེགས་ཐོན་དངུལ་གྱི་ལམ་ལུགས་འཛུགས་པ། ཁྲིད་མཁན་གྱི་དངོས་པོའི་ཆ་རྐྱེན་མུ་ནས་ཇེ་ལེགས་སུ་གཏོང་དགོས།
གསུམ། སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་འགན་ལེན་བྱས་ཡོད་པ་ནི། ཕ་མ་དང་ཁྲིམས་བཀོད་ལྟ་སྐྱོང་པས་བུ་བུ་མོར་རྒྱལ་ཁབ་ཀྱི་ཐག་གཅོད་དང་འཚམ་པའམ་ཡང་ན་ཆེས་དམའ་བའི་སློབ་གསོའི་ཚད་གཞི་ཅན་གྱི་གཞུང་བཙུགས་མིན་པའི་སློབ་གྲྭ་འདེམས་པ། མ་ཟད་ཁོ་པ་ཚོའི་བུ་བུ་མོས་རང་ཉིད་ཀྱི་དད་པ་དང་འཚམ་པའི་ཆོས་ལུགས་དང་ཀུན་སྤྱོད་སློབ་གསོ་མྱོང་བའི་རང་དབང་ལ་བརྩི་འཇོག་བྱེད་དགོས་པ་དེའོ།།
བཞི། དོན་ཚན་འདི་ཉིད་ཀྱི་ཚན་པ་གང་ཡིན་ཡང་མི་སྒེར་རམ་ཡང་ན་ཚོགས་པ་འཛུགས་པ་དང་སློབ་གསོའི་སྒྲིག་འཛུགས་ཀྱི་དོ་དམ་རང་དབང་ལ་ཐེ་གཏོགས་བྱེད་པའི་འགྲེལ་བརྗོད་དུ་བརྩི་མི་རུང་བ་ཡིན། འོན་ཀྱང་དོན་ཚན་འདི་ཉིད་ཀྱི་ཚན་པ་དང་པོར་བཀོད་པའི་རྩ་དོན་ཁག་དང་འདིའི་རིགས་ཀྱི་སྒྲིག་འཛུགས་ཀྱིས་བསྟར་བའི་སློབ་གསོ་དེ་རྒྱལ་ཁབ་ཀྱིས་ཐག་བཅད་པའི་ཚད་གཞི་ཆེས་དམའ་མོ་དང་མཐུན་པའི་བརྩི་སྲུང་བྱེད་དགོས་པ་ཡིན།
དོན་ཚན་བཅུ་བཞི་བ།
སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་གང་ཡིན་ཡང་སྤྱི་ཆིངས་འདིར་ཞུགས་དུས་རང་གི་མངའ་ཁོངས་སམ་ཡང་ན་གཞན་པའི་བདག་སྐྱོང་མངའ་ཁོངས་སུ་རིན་མེད་དང་འགན་བབ་རང་བཞིན་གྱི་དམའ་རིམ་སློབ་གསོ་ལག་བསྟར་བྱས་མེད་ཚེ། ལོ་གཉིས་ཀྱི་རིང་རིམ་གྱིས་ལག་བསྟར་བྱེད་པའི་ཞིབ་གསལ་གྱི་བྱེད་སྒོའི་འཆར་གཞི་ཞིག་གཏན་འབེབས་དང་བེད་སྤྱོད་གཏོང་བ་འགན་ལེན་བྱེད་དགོས་ཏེ། དེའི་ཁྲོད་དུ་འོས་འཚམ་གྱི་ལོ་ཚད་ནང་མི་ཀུན་ལ་རིན་མེད་ཀྱི་འགན་བབ་སློབ་གསོ་མྱོང་བའི་རྩ་དོན་གཏན་འཁེལ་བྱས་པ་ཡོད་དགོས།
དོན་ཚན་བཅོ་ལྔ་བ།
གཅིག སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་མི་རེ་རེའི་ཁེ་དབང་ངོས་འཛིན་བྱུང་བ་ནི།
ཀ རིག་གནས་འཚོ་བར་ཞུགས་པ།
ཁ ཚན་རིག་འཕེལ་རྒྱས་དང་བེད་སྤྱོད་བཏང་བ་ལས་ཐོན་པའི་ཁེ་ཕན་ལོངས་སུ་སྤྱོད་པ།
ག མི་རང་ཉིད་ལ་ཚན་རིག་དང་རྩོམ་རིག ཡང་ན་སྒྱུ་རྩལ་བརྩམས་ཆོས་གང་རུང་ལས་ཐོབ་པའི་བསམ་བློ་དང་དངོས་པའི་ཁེ་ཕན་ལོངས་སུ་སྤྱོད་དབང་དང་སྲུང་སྐྱོབ་བྱེད་པའོ།།
གཉིས། སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་ཁེ་དབང་འདི་ཡོངས་སུ་ལག་ཏུ་བསྟར་བའི་བྱེད་རིམ་ལ། ཚན་རིག་དང་རིག་གནས་ཉར་ཚགས་དང་། གོང་སྤེལ། བརྒྱུད་སྒྲོག་བྱེད་པ་ལ་ངེས་པར་དུ་མཁོ་བའི་ཐབས་ཤེས་འདུས་ཡོད།
གསུམ། སྤྱི་ཆིངས་འདི་ཉིད་འཇོག་མཁན་རྒྱལ་ཁབ་སོ་སོས་ཚན་རིག་ཞིབ་འཇུག་བྱེད་པ་དང་གསར་གཏོད་ཅན་གྱི་བྱེད་སྒོ་སྤེལ་བའི་རང་དབང་ལ་བརྩི་འཇོག་བྱེད་པའི་འགན་ལེན་བྱས་ཡོད།


༼མུ་འགོད།༽

·གསར་འགྱུར་གོང་མ:འབྲུག་པ་རྒྱལ་ཁབ་ཀྱི་ལམ་ལུགས་ངོ་སྤྲོད་
·གསར་འགྱུར་འོག་མ:དཔལ་འབྱོར་དང་སྤྱི་ཚོཊ། རིག་གནས་ཁེ་དབང་གི་རྒྱལ་སྤྱིའི་སྤྱི་ཆིངས།༢
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 17:09:33 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:55:21 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 8:53:23 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS