ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

དཀྱེལ་ཡངས་ནི་ཅི་ཞིག་ཡིན།

[རྩོམ་པ་པོ:སྐལ་བཟང་ཕུན་ཚོགས།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/9/29 16:18:08  བཀླགས་ཐེངས:1474][ཡིག་གཟུགས:ཡིག་གཟུགས་མདོག]
དཀྱེལ་ཡངས་ནི་ཅི་ཞིག་ཡིན།

ཨ་ལ་སྐལ་བཟང་ཕུན་ཚོགས།

དཀྱེལ་ཡངས་ནི་ཨུ་ཚུགས་མཁྲེགས་འཛིན་གྱི་དུས་སྐབས་སུ་བེད་སྤྱོད་ཅི་ཡང་མེད་པའི་ཐ་སྙད་ཅིག་སྟེ།  སུ་ལའང་རང་ལྟ་འཛིན་རྒྱུ་ལས་གཞན་པའི་བྱ་བ་ཞིག་ཡོད་པ་ནི་གཞན་ལྟ་དགག་རྒྱུ་དེ་རེད།   དེས་ན་ཕན་ཚུན་བར་ལ་དཀྱེལ་ཡངས་ཀྱི་དགོས་མཁོ་མེད་ལ་རང་ལྟ་དང་མི་འཚམས་པའི་༼སྨྲ་བ་ངན་པ་༽ཡོད་ཚད་ཐལ་བའི་རྡུལ་དུ་བརླག་དགོས་པ་རེད།
དཀྱེལ་ཡངས་ནི་དུས་རབས་གསར་བའི་སྐབས་འདིར་སྤྱོད་ཐེངས་ཆེས་མང་པའི་ཐ་སྙད་ཅིག་སྟེ། དོན་དུ་འགྲོ་མིན་གཉི་གས་ཁ་ནས་དཀྱེལ་ཡངས་ཞེས་པའི་ཚིག་འབྲུ་ཞིག་ཟློ་བར་བྱེད་པ་དང་། དེས་རང་ལ་བསམ་བློ་དང་ལྟ་བ་མཐོན་པོ་ཞིག་ཡོད་ཚུལ་མཚོན་དགོས་པ་རེད།
དོན་དམ་པར་དཀྱེལ་ཡངས་ནི་ཅི་ཞིག་ཡིན་ནམ་ཞེ་ན། དཀྱེལ་ཡངས་ནི་བསམ་བློ་སྣ་ཚོགས་གནས་ཆོག་པའི་ཁོར་ཡུག་ཅིག་རེད། ཁོར་ཡུག་དེ་ནས་རང་ལྟ་བརྗོད་པའི་དབང་ཆ་ལ་གཞན་གྱིས་བཀག་འགོག་དང་དམའ་འབེབ་མི་ཐེབས་པ་ཞིག་ཡིན།   དཀྱེལ་ཡངས་ནི་འདྲ་མཉམ་གྱི་སྒོ་ནས་བསམ་བློ་བརྗེ་རེས་བྱེད་པའི་མཁའ་དབུགས་ཤིག་རེད། མཁའ་དབུགས་དེ་ནས་ཕན་ཚུན་གྱི་མི་གཞི་ལ་བརྙས་བཅོས་དང་འཕྱ་སྨོད་མི་ཐེབས་པའི་ངང་ནས་ཕ་རོལ་པོའི་འདོད་ཚུལ་ལ་རང་གི་བསམ་འཆར་འདོན་པ་ཞིག་རེད།
དཀྱེལ་ཡངས་ནི་དྲང་བདེན་དང་རྒྱུ་འབྲས་གཞི་རྩར་བྱས་པའི་མཛེས་སྡུག་གི་བར་སྟོང་ཞིག་ཡིན། བར་སྟོང་དེ་ནས་བདེན་པ་དང་དྲང་པོའི་ལས་ལ་ཀུན་གྱིས་རྒྱབ་སྐྱོར་ཐོབ་ཅིང་བཅོས་མ་དང་རྫུན་མའི་ངོ་བོ་ལ་ཀུན་གྱིས་འགོག་རྒོལ་བྱེད་པ་ཞིག་རེད།
དཀྱེལ་ཡངས་ནི་མཐོ་དམན་དང་བཙན་གཉོམ། དབུལ་ཕྱུག་དང་མཁས་བླུན་སོགས་ཀྱི་ཁྱད་པར་ལ་མི་ལྟ་བར་མི་བུ་སོ་སོར་རང་ལ་དབང་བའི་མཁའ་དབྱིངས་ཤིག་ཡོད་པ་དང་ཐུན་མོང་མཉམ་གནས་ཀྱི་ཁོར་ཡུག་ཅིག་ཡོད་པ་དེའོ།
དཀྱེལ་ཡངས་ནི་གཞན་གྱིས་བཤད་པ་ལ་བདེན་ཁ་རྐྱང་རྐྱང་སྟེར་དགོས་པ་མིན་ལ། གཞན་གྱིས་དོན་མེད་ཀྱི་འཚེ་བ་ལ་བཟོད་སྒོམ་བྱེད་དགོས་པའང་མིན། ཁྱོད་ཀྱི་བསམ་བློ་དང་ལྟ་ཚུལ་ལ་གནས་ལུགས་མེད་པའི་དགག་བཞག་བྱས་པར་མི་སྨྲ་བའི་བརྟུལ་ཞུགས་འཛིན་དགོས་པའང་མིན།
དཀྱེལ་ཡངས་ནི་མི་ལེགས་པའི་བྱ་སྤྱོད་ཡོད་ཚད་ལ་ཁ་ཡ་མི་བྱེད་པ་དེ་མིན་ལ། དྲང་བདེན་མིན་པ་དང་རྒྱུ་འབྲས་མིན་པའི་རིགས་ལང་ཤོར་དུ་གཏང་རྒྱུ་མིན།  དཀར་ནག་གོ་ལྡོག་དང་བཟང་ལན་ངན་འཇལ་ལ་ཐེར་འདོན་མི་བྱེད་པའང་མིན།
དཀྱེལ་ཡངས་ནི་བཙན་པོའི་གཏུམ་དྲག་ལ་བཟོད་བསྲན་བྱེད་པ་དང་། ཕྱུག་པོའི་སྒེར་གཅོད་ལ་གུ་ཡངས་བྱེད་པ། མཁས་པའི་འཁྱོག་བཤད་རྒྱ་ཡན་དུ་གཏོང་བ་མིན།
དཀྱེལ་ཡངས་ནི་དཀྱེལ་ཡངས་ཡིན་པས་གུ་དོག་པོ་ལས་བརྒལ་དགོས། དཀྱེལ་ཡངས་ནི་དཀྱེལ་ཡངས་ཡིན་པས་སྣ་ཐུང་བ་ལས་གཡོལ་དགོས།  དཀྱེལ་ཡངས་ནི་དཀྱེལ་ཡངས་ཡིན་པས་བཙན་གཉན་དྲག་གསུམ་ལས་འདའ་དགོས།
དཀྱེལ་ཡངས་ཀྱི་ཁོར་ཡུག་ནས་བསམ་བློ་གགཏོང་བར་མཁས་པ་དག་གཞན་གྱི་བསམ་བློ་དང་ལྟ་བ་ཁོ་ནའི་རྗེས་སུ་འབྲངས་བའི་གནས་སྟངས་ལས་ཐར་འོས། དཀྱེལ་ཡངས་ཀྱི་ཁོར་ཡུག་ནས་མི་བུ་སོ་སོར་རིག་པའི་ཁོ་ལག་རྒྱས་ཤིང་བསམ་བློ་སྣ་ཚོགས་ཆར་ཤུལ་གྱི་ཤ་མོ་བཞིན་སྐྱེ་འོས། དཀྱེལ་ཡངས་ཀྱི་ཁོར་ཡུག་ནས་སྒེར་གཤིས་ཀྱི་ཡིད་འོང་ལྡན་ཞིང་གསར་བཏོད་ཀྱི་ཁྱད་མཚར་མཐོང་འོང་།
དཀྱེལ་ཡངས་ནི་ཐོག་མ་ནས་ཡོད་པ་ཞིག་མིན་པར་འཚོལ་དཔྱོད་ཀྱིས་རྙེད་པ་ཞིག་ཡིན། དཀྱེལ་ཡངས་ནི་ཀུན་ལ་ཡོད་སྲིད་པ་ཞིག་མིན་པར་ཀུན་གྱི་བློ་ཁོག་མཉམ་བསྐྱེད་ལས་བྱུང་བ་ཞིག་ཡིན།  དཀྱེལ་ཡངས་ནི་འཕྲལ་གྱི་ཁ་གཡང་ཙམ་མིན་པར་གཏན་གྱི་ལག་ལེན་ཞིག་གོ །
·གསར་འགྱུར་གོང་མ:སྤྱི་ཚོགས་གླེང་བརྗོད་དེབ་༼སྨན༽གྱི་རྩོམ་བརྡ།
·གསར་འགྱུར་འོག་མ:མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:38:23 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:09:57 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 5:03:05 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 56 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS