ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

སློབ་གཉེར་བསླབ་བྱ་དེང་དུས་སློབ་གསོ་དང་སྦྱར་བའི་གོ་དོན།

[རྩོམ་པ་པོ:དོར་ཞི།  ཡོང་ཁུངས:དོར་ཞིའི་པོད་ཕྲན།  དུས་ཚོད:2013/10/7 14:43:48  བཀླགས་ཐེངས:1421][ཡིག་གཟུགས:ཡིག་གཟུགས་མདོག]
 སློབ་གཉེར་བསླབ་བྱ་དེང་དུས་སློབ་གསོ་དང་སྦྱར་བའི་གོ་དོན།
དོར་ཞི་གདོང་དྲུག་སྙེམས་བློ།
 
དང་པོ།   བསླབ་བྱའི་མཚན་དོན་ལས་སློབ་གཉེར་གྱི་དམིགས་ཡུལ་བསྟན་པ།མི་སྐྱེ་བླངས་བའི་དོན་གོའམ་རིན་ཐང་ནི་རང་གཞན་གྱི་ཕན་བདེ་གང་ཐུབ་ཅིག་སྒྲུབ་པ་དེ་ཡིན་ལ། རིན་ཐང་དེ་ནི་ཡིད་བཞིན་ནོར་བུའི་རིན་ཐང་དང་མཚུངས་པས། རིན་ཐང་དེ་ལོན་ཕྱིར་རམ་མི་སྐྱེ་དོན་ལྡན་བྱ་ཕྱིར་ཧུར་བརྩོན་བྱེད་པ་ནི་ནོར་བུའི་གླིང་དུ་སོང་ནས་ཡིད་བཞིན་ནོར་བུ་ལེན་པ་དང་འདྲ། ཐོབ་དཀའ་ཞིང་ཐོབ་ན་དོན་ཆེ་བའི་མི་ལུས་རིན་པོ་ཆེ་ཐོབ་ནས་མི་སྐྱེ་ཐོབ་པའི་དོན་གོ་འམ་རིན་ཐང་ཞིག་མ་ལོན་ན་ནོར་བུའི་གླིང་ནས་ལག་སྟོང་དུ་ལོག་པ་དང་འདྲ་བར་མི་ཚེ་སྟོང་ཟད་བྱས་པ་ཡིན། དཔེར་ན་རྒྱ་མཚོའི་གླིང་དུ་བསྐྱོད་ནས་ནོར་བུ་ལེན་འདོད་པ་རྣམས་ཀྱིས་ ཐོག་མར་ནོར་བུའི་གླིང་དེ་ཕྱོགས་གང་ན་ཡོད། དེར་བགྲོད་པའི་ལམ་རིང་ཐུང་དང་བགྲོད་དཀའ་སླ་ཅི་ལྟར་ཡིན། ཅི་ལྟར་བགྲོད་དགོས། བགྲོད་པའི་ཆ་རྐྱེན་ཇི་འདྲ་འཚགས་དགོས། ནོར་བུ་དང་འཆིང་བུའི་ཁྱད་པར་ཅི་ལྟར་འབྱེད།
      ནོར་བུ་འཚོལ་ལེན་བྱེད་པར་ཐབས་ཤེས་ཅི་དགོས་སོགས་ཀྱི་ཤེས་བྱ་ཡོད་དགོས་པ་བཞིན་དུ་མི་སྐྱེས་ཀྱི་རིན་ཐང་ལེན་པ་ལ་ཡང་ཤེས་བྱའི་ཡོན་ཏན་མེད་དུ་མི་རུང་བ་ཡིན་ལ། དེ་ཡང་ས་པཎ་གྱིས། མ་བསླབ་པ་ལ་ཀུན་མཁྱེན་དུ། །འགྲོ་ན་རྒྱུ་འབྲས་ག་ལ་བདེན། །གསུངས་པ་ལྟར། ཤེས་བྱ་གང་ཡང་མ་བསླབ་རང་ཤེས་ཤིག་མེད་པས་བསླབ་ནས་ཤེས་དགོས་པ་ཡིན་ལ། དེ་སྟབས་ཀྱིས་ཤེས་བྱའི་ཡོན་ཏན་བསླབ་པའི་་སློབ་གསོའི་བྱ་བ་དེ་མི་ཡི་སྤྱི་ཚོགས་དང་རང་ལ་ཅི་ལྟར་གལ་ཆེ་བའི་རྒྱུ་མཚན་ཡང་ཤེས་པར་ནུས་སོ། དེས་ན་མི་སྐྱེས་ཀྱི་རིན་ཐང་ནི་ནོར་བུ་རིན་པོ་ཆེ་དང་འདྲ་ཞིང་། རིན་ཐང་ལོན་པར་འབད་པ་ནི་ནོར་བུའི་གླིང་དུ་བགྲོད་པ་དང་འདྲ་བས། སློབ་གཉེར་བྱེད་ཚུལ་གྱི་ལམ་སྟོན་པའི་བསླབ་བྱ་ལ་ལམ་ཡིག་ཅེས་པར་བཏགས་སོ། དེ་ནི་སློབ་གཉེར་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་ཅེས་པའི་དོན་ཡིན།
    གཉིས་པ།  བསླབ་བྱ་དངོས་ལ།  དེ་ཡང་སློབ་གཉེར་བཟང་བོ་ཞིག་ཡོང་དགོས་ན། སློབ་གཉེར་བྱེད་པའི་སློབ་མའི་གཞི་རྩའི་ཆ་རྐྱེན་དང་། ཡུལ་དུས། སྤྱི་ཚོགས། གཉེན་བཤེས། གྲོགས་པོ། འཚོ་བའི་ཆ་རྐྱེན་སོགས་ཕྱི་ནང་གི་ཆ་རྐྱེན་མང་བོ་ཞིག་འཛོམས་དགོས་ཤིང་། སློབ་གཉེར་བྱེད་པ་ནི། སློབ་གཉེར་བྱེད་མཁན་གྱིས་མཐུན་རྐྱེན་ཡོད་པ་བེད་སྤྱོད། མེད་པ་སྒྲུབ། འགལ་རྐྱེན་ཡོད་པ་སེལ། མེད་པ་མི་འབྱུང་པར་བྱེད་པའི་ཐབས་ལ་འབད་ཅིང་། ཤེས་བརྩོན་གྱི་གཤོག་ཟུང་བརྐྱངས་ནས་ཤེས་བྱའི་ནམ་འཕང་གཅོད་པའི་བུ་རབ་བྱ་རྒྱལ་རྒོད་པོའི་བྱ་བ་ཞིག་རེད།
      དེ་ཡང་སློབ་གཉེར་བྱེད་མཁན་གྱི་སློབ་མ་ལ་སློབ་གཉེར་བྱེད་པའི་གཞི་རྩའི་ཆ་རྐྱེན་ནམ་སློབ་མའི་མཚན་ཉིད་ཚང་བ་སློབ་འབྲས་བཟང་བོ་ཐོབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པས་ཐོག་མར་སློབ་མའི་མཚན་ཉིད་ཚང་དགོས་པར་བསྟན་པ་ནི། བསླབ་བྱ་ལས། སྐྱེ་བར་བཏགས་པའི་མངོན་རློམ་ཚངས་པ་དང་། །ཁེངས་དྲེགས་འབྱོར་བས་གཡེང་བའི་འདོད་ལྷའི་རིགས། །མ་ཡིན་བློ་གསལ་ཚུལ་མཐུན་དོན་གཉེར་ཅན། །སློབ་གཉེར་ཚུལ་བཞིན་བྱེད་པར་འདོད་རྣམས་ལ། །གདམས་ངག་ཅུང་ཟད་སྦྱིན་ནོ་ཉོན་ཅིག་ཨང་། ། ཞེས་གོ་གནས་མཐོན་པོར་འགྱིང་ཞིང་རློམ་པའི་ང་རྒྱལ་ཅན་དང་། རྒྱུ་འབྱོར་བས་གཡེང་བའི་རྣམ་གཡེང་ཅན་རྣམས་ང་རྒྱལ་དང་གཡེང་བ་མ་སྤངས་ན་སློབ་གཉེར་བྱེད་མི་ཐུབ་པ་དང་། སློབ་གཉེར་བྱེད་མཁན་ལ་བློ་གསལ་ཚུལ་མཐུནདོན་གཉེར་ལྡན་པ་བཅས་སློབ་མའི་མཚན་ཉིད་་གསུམ་ཚང་དགོས་པར་བསྟན། དེའི་བློ་གསལ་ནི་བསླབ་ན་དོན་ཤེས་པ་དང་བློ་་འཛིན་ཡོད་པ་སོགས་ཤེས་རབ་ཡོད་པའི་དོན།ཚུལ་མཐུན་ནི་བསམ་པ་དང་ཀུན་་་་སྤྱོད་ཡ་རབ་ཀྱི་ཚུལ་ལ་གནས་པའི་དོན།དོན་གཉེར་ནི་རེ་བའི་དོན་འགྲུབ་ཕྱིར་བརྩོན་པ་དང་སྡུག་རུས་བྱེད་ཐུབ་པའི་དོན་ཡིན།
     སློབ་སྦྱོང་བྱེད་པ་ལ་སློབ་སྦྱོང་བྱེད་མཁན་རང་ལ་ཚང་དགོས་པའི་ནང་གི་ཆ་རྐྱེན་དང་། ཡུལ་དུས་སྤྱི་ཚོགས་འཚོ་བའི་མཐུན་རྐྱེན་སློབ་གྲྭ་དང་དགེ་རྒན་སོགས་ཕྱི་ཡི་ཆ་རྐྱེན་མང་བོ་ཞིག་འཛོམས་དགོས་ཤིང་། ཆ་རྐྱེན་དེ་དག་འཛོམས་དཀའ་ཞིང་།འཛོམས་ན་བེད་སྤྱོད་ཅི་ཐུབ་བྱས་ནས་མི་ཚེ་དོན་ལྡན་བྱ་ཕྱིར་ལེ་ལོ་ཕྱི་བཤོལ་སྤངས་ཏེ་སློབ་སྦྱོང་ལ་འབད་དགོས་པར་བསྟན་པ་ནི། དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །མཚན་ལྡན་བཤེས་དང་ཆོས་མཐུན་གྲོགས་ཀྱིས་བསྐྱངས། །མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ། །ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས། །ཕྱི་བཤོལ་སྤངས་ཏེ་སྙིང་བོ་ལོངས་ཤིག་ཨང་། ། ཞེས་བྱུང་། དལ་བ་ནིསློབ་སྦྱོང་བྱེད་པའི་མཐུན་རྐྱེན་ཏེ། དལ་བ་བརྒྱད་ནི། མི་ཁོམ་པའམ་མི་དལ་བའི་རྒྱུ་བརྒྱད་དང་བྲལ་ཞིང་། དལ་བའི་རྒྱུ་བརྒྱད་དང་ལྡན་པ་སྟེ། མི་ཁོམ་པའི་རྒྱུ་བརྒྱད་ནི། དམྱལ་བ། ཡི་དྭགས་། དུད་འགྲོ། འདུ་ཤེས་མེད་པའི་ལྷ་དང་། ཡུལ་མཐའ་འཁོབ་དང་། ཀླ་ཀློའི་ཡུལ་དུ་སྐྱེས་པ་དང་། ལོག་ལྟ་ཅན་དང། གླེན་ལྐུགས་སོགས་སུ་སྐྱེས་པའོ། དམྱལ་བ་བ་ནི་བཙོན་མ་ལྟ་བུ་སེམས་སྡུག་བསྔལ་དྲག་པོས་གཙེས་ཤིང་། ལུས་རང་དབང་མེད་པ་དང་། ཡི་དྭགས་ནི་བཀྲེས་ལྟོགས་མྱོང་བའི་ཨ་ཕེ་གླིང་གི་བྱིས་པ་ལྟ་བུ་དང་། དུད་འགྲོ་ནི་བླུན་ཞིང་ལྐུགས་པ་དང་། འདུ་ཤེས་མེད་པའི་ལྷ་ནི་འདུ་ཤེས་མེད་པའི་ཤི་རོ་ལྟ་བུ་དང་། ཡུལ་མཐའ་འཁོབ་ན་རིག་གནས་མེད་པ་དང་། ཀླ་ཀློ་གཡུང་བོ་ནི་བློ་ཤེད་མ་ཕྱེ་བས་དུད་འགྲོ་དང་མཚུངས་བ་དང་། ལོག་ལྟ་ཅན་ནི་རིག་གནས་མི་དགོས་པར་འདོད་པ་དང་། གླེན་ལྐུགས་སོགས་སློབ་སྦྱོང་བྱེད་མི་ནུས་པའོ། འགལ་རྐྱེན་དེ་དག་བྲལ་ཞིང་། མཐུན་རྐྱེན་སེམས་བདེ་ཞིང་ལུས་ལ་སློབ་གསོ་བྱེད་པའི་རང་དབང་ཡོད་པའི་མིར་སྐྱེས་པ་དང་། བཀྲེས་སྐོམ་གྱི་སྡུག་བསྔལ་མེད་ཅིང་འཚོ་བའི་ཆ་རྐྱེན་འཛོམས་པ་དང་། དབང་བོ་ཚང་ཞིང་བློ་རིག་གསལ་བ་དང་། རིག་གནས་དར་བའི་ཡུལ་དང་། རིག་གནས་ཡོད་པའི་མི་རིགས་སུ་སྐྱེས་པ་སོགས་ནི་སློབ་གསོའི་ཐུན་མོང་གི་ཆ་རྐྱེན་ཡིན་ལ། རིག་གནས་དར་ཡོད་པ་དང་།སློབ་གྲྭ་དང་དགེ་རྒན་བཟང་བོ་ཡོད་པ་སློབ་གསོ་ཐོབ་པའི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ཡིན། རྒྱལ་བའི་བསྟན་དང་མཇལ་ཞེས་པ་རིག་གནས་ཀྱི་བསྟན་པ་དང་འཕྲད་པའི་དོན་དང་། མཚན་ལྡན་བཤེས་ནི་བརྟན་མཁས་ཀྱི་མཚན་ཉིད་ཚང་བའི་དགེ་རྒན་ཏེ།བརྟན་པ་ནི་བསམ་པ་དང་ཀུན་སྤྱོད་ལེགས་པ་དང་། མཁས་པ་ནི་ཤེས་བྱའི་གཞུང་ལུགས་ལ་མཁས་པའོ། ཆོས་མཐུན་གྲོགས་ནི་རང་གི་་སློབ་སྦྱོང་བྱེད་པ་ལ་མཐུན་རྐྱེན་སྒྲུབ་ཅིང་ཕན་གྲོགས་བྱེད་པའི་ཕ་མ་དང་གྲོགས་པོ་རྣམས་སོ།
སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་བོ་འཕྲད་པའི་དུས་སུ་དོན་མེད་ཀྱི་བྱ་བར་སེམས་གཡེང་བ་སོགས་སྤངས་ནས་རང་གི་ཚེ་སྲོག་དང་དུས་ཚོད་ཆུད་ཟོས་སུ་མི་གཏོང་བར་རིག་པ་བསྒྲིམས་ནས་སློབ་སྦྱོང་བྱེད་དགོས་པར་གདམས་པ་ནི། ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། །བཞག་སྟེ་རྒྱང་རིང་ཡུལ་དུ་སོང་ན་ཡང་། །རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས། །བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན། །འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་། ། ཞེས་བྱུང་། ཐོས་བསམ་ཞེས་པའི་ཐོས་པ་ནི་དཔེ་ཁྲིད་ཉན་པ་དང་དཔེ་ལྟོས་བྱེད་པའི་དོན། བསམ་པ་ནི་དཔེ་ཁྲིད་དང་དཔེ་ལྟོས་ལས་ཤེས་པའི་དོན་ལ་བསམ་བློ་གཏོང་བ་དང་རྟོག་དཔྱོད་བྱེད་པའི་དོན་ནོ།
       ཤེས་བྱའི་ཡོན་ཏན་གང་ཡང་མ་བསླབ་པར་ཤེས་ཐུབ་པ་མེད་ལ། བསླབ་ན་དགེ་རྒན་མེད་དུ་མི་རུང་བ་ཡིན་པས། རིག་གནས་ཀྱི་བང་མཛོད་ཕྱེ་ནས་ཤེས་བྱའི་ཡོན་ཏན་གྱི་ལོངས་སྤྱོད་ལྷུག་པར་སྩོལ་བའི་དགེ་རྒན་བཟང་བོ་ཞིག་ཚུལ་བཞིན་བསྟེན་པ་སློབ་གསོའི་ཆ་རྐྱེན་གྱི་གཙོ་བོའི་གཙོ་བོ་ཞིག་ཡིན་ལ། བོད་ཀྱི་སྲོལ་རྒྱུན་སློབ་གསོ་ནང་དུ་དགེ་རྒན་ཤིན་ཏུ་གལ་ཆེར་བྱེད་ཅིང་། བཤེས་གཉེན་སྟེན་ཚུལ་ཡང་གཞན་དང་ཐུན་མོང་མ་ཡིན་པའི་ལུགས་སྲོལ་བཟང་བོ་ཆགས་ཡོད། དགེ་རྒན་ལ་བརྩི་འཇོག་བྱེད་པ་དང་ཁ་ལེན་ཚིག་བརྩི་བྱེད་པ་དེ་མཁས་པར་གྱུར་བའི་རྒྱུ་རྐྱེན་གཙོ་བོ་ཡིན་པས་དེ་རྟེན་འབྲེལ་མ་འཆུགས་པར་གདམས་པ་ནི། སྒོ་གསུམ་དགེ་ལ་སྦྱར་ཕྱིར་མིང་དང་དོན། །མཐུན་པའི་བཤེས་ཤིག་རང་གི་དགེ་རྒན་དུ། །བསྟེན་ནས་ཆོས་ཀྱི་བྱ་བ་མ་ལུས་པའི། །རྩ་བར་མཐོང་ནས་བཀའ་བཞིན་སྒྲུབ་པ་ཡིས། །རྟེན་འབྲེལ་མགོ་ནས་འགྲིག་པར་གྱིས་ཤིག་ཨང་། ། ཞེས་བྱུང་། འདིའི་ཆོས་ཀྱི་བྱ་བ་ཞེས་པ་སློབ་སྦྱོང་བྱེད་པའི་བྱ་བ་ལ་གོ་དགོས། 
     སློབ་སྦྱོང་བྱེད་པའི་སྐབས་སུ་ལྷན་དུ་འགྲོགས་པའི་གྲོགས་པོ་ནི་བཟང་ན་བཟང་རྐྱེན་དང་ངན་ན་ངན་རྐྱེན་ཐེབས་པའི་ཕྱི་རྐྱེན་ཞིག་ཡིན་འདུག་པས་ངན་ལམ་དུ་འདྲེན་པའི་གྲོགས་པོ་ངན་པ་འགོ་བའི་རིམས་ནད་བཞིན་དུ་སྤངས་དགོས་པར་གདམས་པ་ནི། སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས། །གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས། །རྩེ་རྒོད་གཡེང་བའི་གྲོགས་བྱེད་བག་མེད་ཀྱི། །ལས་ལ་སྦྱོར་དེ་སྡིག་པའི་གྲོགས་ཡིན་པས། །འགོ་བའི་ནད་བཞིན་རིང་དུ་སྤོངས་ཤིག་ཨང་། ། ཞེས་བྱུང་། ཟོལ་ནི་གཡོ་སྒྱུའི་དོན་ཡིན།  
                                                                    འཚོ་བའི་ཆ་རྐྱེན་གྲོན་ཆུང་བྱེད་དགོས་པར་གདམས་པ་ནི། ཆ་རྐྱེན་ཡོད་ན་མི་བཟོད་མྱུར་དུ་བརླག །མེད་ན་མི་བཟོད་བུ་ལོན་སྟོང་འཇལ་བྱེད། །ཅི་བྱས་ཆོས་ཀྱི་་གེགས་སུ་འགྲོ་བ་འདི། །གྲོགས་ངན་འདུ་འཚོགས་མང་བའི་སྐྱོན་ཡིན་པས། །བསེ་རུ་ལྟ་བུར་གནས་པར་གྱིས་ཤིག་ཨང་། །ཞེས་བྱུང་། 
    འདོད་ཆུང་ཆོག་ཤེས་དམ་པའི་ཡོན་ཏན་ཏུ་བསྟན་པ། མིང་ལ་མཐུན་རྐྱེན་ཟེར་ཡང་ཆོས་ཕྱོགས་ལས། །ཉམས་བྱེད་འདོད་ཡོན་བདུད་ཀྱི་གཡབ་མོ་སྟེ། །འདོད་ཆུང་ཆོག་ཤེས་སྔོན་བྱོན་དམ་པ་རྣམས། །དབུལ་བས་མ་མནར་དོན་གཉིས་རྩེར་སོན་པས། །འཕྲལ་ཕུགས་ཁེ་ཉེན་གང་ཆེ་དཔྱོད་ཅིག་ཨང་། ། ཞེས་བྱུང་། འདོད་ཆུང་ནི་ཟས་གོས་རྒྱུ་ནོར་ལོངས་སྤྱོད་གོ་གནས་སྙན་གྲགས་སོགས་ལ་ཞེན་ཆགས་ཆུང་བ། ཆོག་ཤེས་ནི་འཚོ་བའི་ཆ་རྐྱེན་ཅི་ཙམ་འཛོམས་པ་དེ་ཙམ་གྱིས་ཡིད་ཚིམ་ནས་བཟང་བ་དང་མང་བ་ལ་མི་རེ་བའོ། དོན་གཉིས་ནི་རང་དོན་དང་གཞན་དོན་གཉིས་ཡིན། འདིའི་ཆོས་ཕྱོགས་ཞེས་པ་དང་གོང་གི་ཆོས་ཀྱི་གེགས་ཞེས་པའི་ཆོས་ནི་བསླབ་པ་སློབ་གཉེར་ལ་གོ་དགོས།ཀུན་སྤྱོད་བཟང་བོ་སྐྱོང་ཞིང་སྒོ་གསུམ་བག་ཡོད་བྱེད་པར་གདམས་པ་ནི། ཀུན་སྤྱོད་གཙང་བས་གཞན་གྱི་ཡིད་དུ་འཐད། །སྨྲ་བ་ཉུང་བས་ཕོག་ཐུག་གཡེང་བ་མེད། །དད་བརྩོན་དྲན་ཤེས་བརྟན་པོས་ཉིན་རེ་བཞིན། །ཡོན་ཏན་ཡར་ཚེས་ཟླ་ལྟར་འཕེལ་འགྱུར་བས། །སྒོ་གསུམ་བག་དང་ལྡན་པར་གྱིས་ཤིག་ཨང་། ། ཞེས་བྱུང་། དད་བརྩོན་དྲན་ཤེས་ཞེས་པ་དད་པ། བརྩོན་འགྲུས། དྲན་པ། ཤེས་བཞིན་གྱི་ཚིག་བསྡུས་ཡིན། དད་པ་ལ་དངས་པའི་དད་པ། ཡིད་ཆེས་ཀྱི་དད་པ། མངོན་འདོད་ཀྱི་དད་པ་གསུམ་ཡོད་ལ་གོ་བདེ་བར་བཤད་ན་དགའ་ཞིང་ཡིད་ཆེས་པའི་དོནཡིན། དྲན་པ་ནི་བླང་དོར་གྱི་བྱ་བ་ཡིད་ལ་དྲན་འཛིན་བྱེད་པ་དང་། ཤེས་བཞིན་ནི་སེམས་དམིགས་པ་ལས་གཞན་དུ་གཡེང་མ་གཡེང་ལྟ་རྟོག་བྱེད་པའི་དོན་ཡིན། དད་བརྩོན་དྲན་ཤེས་སྒོམ་ཙམ་མ་ཡིན་པར་སློབ་གཉེར་ལ་ཡང་མཁོ་བ་ཞིག་ཡིན།
     བྱ་བ་གང་དང་གང་ལ་འཇུག་ཀྱང་དེ་དང་དེ་ལ་ཉེ་བར་མཁོ་བའི་ཐབས་ཤེས་་ཤེས་དགོས་ཤིང་། དེ་ཡང་སློབ་སྦྱོང་ལ་བརྟེན་དགོས་པས་ཐོས་བསམ་གོམས་པའི་་སློབ་སྦྱོང་གཙིགས་འཛིན་བྱེད་དགོས་པར་གདམས་པ་ནི། དང་བོ་ཐོས་པའི་སྒྲོན་མེ་མ་སྦར་ན། །ཀུན་ནས་ཉོན་མོངས་སྲིད་པའི་སྐྱོན་མཚང་དང་། །རྣམ་བྱང་ཐར་བའི་ལམ་གྱི་བགྲོད་ཚུལ་སོགས། །བླང་དོར་ཅི་ལྟར་བྱ་བ་མི་ཤེས་པས། །ཐོས་པས་བློ་མིག་སྦྱངས་པར་གྱིས་ཤིག་ཨང་། ། ཞེས་བྱུང་། ཀུན་ཉོན་སོགས་ཀྱི་ཚིག་གིས་ཀུན་ཉོན་འཇིག་རྟེན་འཁོར་བའི་བྱ་བ་དང་། རྣམ་བྱང་འཇིག་རྟེན་ལས་འདས་པའི་ལམ་གྱི་བྱ་བ་གང་ཡང་བླང་དོར་ཤེས་པ་ཐོས་བསམ་གྱི་སློབ་གཉེར་ལ་རགས་ལས་པར་བསྟན་པ་རེད། །
     སློབ་སྦྱོང་གི་སྐབས་དཔེ་འཛིན་སྐྱོར་སྦྱངས་གལ་ཆེ་བར་བསྟན་པ་ནི། དོན་གྱི་་རྒན་པོ་ཚིག་གི་འཁར་བ་ལ། །བརྟེན་ཕྱིར་གཞུང་ཚིག་བློ་འཛིན་མི་བྱེད་པར། །དཔེ་ཀློག་ཙམ་དང་ངག་སྒྲོས་ཐན་ཐུན་གྱིས། །ཉིན་རེ་འགྲོ་ཐབས་དེས་ཀྱང་མི་ཕན་པས། །དཔེ་འཛིན་སྐྱོར་སྦྱངས་ཡུན་དུ་གྱིས་ཤིག་ཨང་། ། ཞེས་བྱུང་། དཔེ་ཆ་བློ་་་་་འཛིན་བྱེད་པ་དང་རྩོད་པས་བརྡར་ཤ་བཅད་པ་བོད་ཀྱི་དགོན་པའི་སློབ་གསོའི་ལམ་ལུགས་ཕུལ་དུ་བྱུང་བ་ཞིག་རེད། ཤེས་བྱ་ཡིག་ཐོག་མ་གཏོགས་བློ་ཐོག་ཏུ་མེད་པ་དེ་སྔོན་ཐོན་གྱི་རྟགས་ཤིག་མིན་པར་སེམས་སོ།
    ཤེས་བྱའི་གནད་ལ་སྒྲོ་འདོགས་གཅོད་པའི་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་ཚེ་ཚིག་ཙམ་གྱིས་མ་ཚིམ་པར་དོན་གྱི་གནས་ལུགས་ལ་བློ་གདེངས་ཁེལ་བའི་བརྟག་དཔྱད་ཞིབ་མོ་བྱེད་དགོས་པར་གདམས་པ་ནི། གཞུང་ཚིག་མང་དུ་བཟུང་སྟེ་བསྐྱར་ན་ཡང་། །དོན་ལ་མི་སེམས་རིམ་གྲོའི་ཆོས་ཀློག་དང་། །ནེ་ཙོའི་འདོན་པ་ལྟ་བུ་བརྒྱ་ཚར་གྱིས། །བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས། །དོན་ལ་བརྟག་་་དཔྱད་ཞིབ་མོ་གྱིས་ཤིག་ཨང་། ཞེས་བྱུང། ཤེས་བྱའི་གཞུང་ལུགས་ལ་མཁས་པར་འདོད་ན་བཟའ་བཏུང་དང་གཉིད་སོགས་ལ་ཆགས་པའི་སྐྱིད་བརྒྱབ་ནས་འོང་ཐུབ་པ་ཞིག་མིན་པས། དཀའ་སྤྱད་སྡུག་རུས་བྱེད་དགོས་ཞེས་གདམས་པ་ནི། ཀུན་བྱང་འཇུག་ལྡོག་ཚུལ་ལ་མ་རྨོངས་ཤིང་། །ཚོགས་ཀྱི་དབུས་སུ་སྨྲ་མཁས་དཔལ་འདོད་ན། །ད་ལྟ་བཟའ་བཏུང་གཉིད་ཀྱི་བདེ་བ་ལ། །ཆགས་པའི་སྐྱིད་ཆོས་འདི་ཡིས་མི་འགྲུབ་པས། །དཀའ་སྤྱད་སྡུག་རུས་བཟོད་ཨང་། ། ཞེས་བྱུང་། ཀུན་བྱང་ནི་འཁོར་བ་དང་ཐར་བ་ཞེས་པའི་དོན། འཇུག་ལྡོག་ནི་བླང་དོར་གྱི་དོན། སྐྱིད་ཆོས་ནི་སྐྱིད་བརྒྱབ་པའི་དོན་ནོ།
     སྙིང་སྟོབས་ལྡན་པའི་སྐྱེས་པོ་ཡིས། །བསྒྲུབ་ན་མི་འགྲུབ་གང་ཡང་མེད། །དཀའ་ཡང་བརྣག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐང་བར་བརླགས། ། ཞེས་དང་།  ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང་། ཞེས་གསུངས་པ་ལྟར། བྱ་བ་གང་སྒྲུབ་་་ཀྱང་སྙིང་སྟོབས་དང་བརྩོན་པ་ལ་བརྟེན་དགོས་པས།སློབ་གཉེར་བ་རྣམས་ཨ་གསར་མ་བྱས་པར་བརྩོན་པ་ཆུ་བོའི་རྒྱུན་བཞིནསྟེན་དགོས་ཞེས་པར་གདམས་པ་ནི། ཉིན་རེ་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །ཞུགས་མ་ཐག་ནས་མཁས་བའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། །དེ་འདྲ་དེ་ལ་ཅི་ཡང་མི་ཡོང་བས། །བརྩོན་པ་ཆུ་བོའིརྒྱུན་བཞིན་སྟེན་ཅིག་ཨང་། ། ཞེས་བྱུང་།
   སློབ་གཉེར་བ་རྣམས་གཉིད་དང་ཟས་ཀྱི་ཚོད་རིག་པ་དང་། འཆལ་གཏམ་གཡེང་བ་སོགས་སྤངས་དགོས་པར་གདམས་པ་ནི། དཀོར་དང་སྒྲིབ་པས་བྱིང་ཞིང་རྨུགས་པའི་སྟེང་། །ད་དུང་ཟས་དང་གཉིད་ཀྱི་ཚོད་མི་རིག །ལང་ཤོར་བློ་ངན་འཕྲོ་ཞིང་རྒོད་པའི་ཐོག །ཕྱི་ཕྱིར་འཆལ་གཏམ་དུ་མས་གཡེང་བ་སོགས། །དགག་བྱའི་རིགས་ལ་སྒྲུབ་བྱར་མ་འཛིན་ཨང་། ། ཞེས་བྱུང་། དཀོར་ནི་སྤྱི་གཞུང་གི་ཟས་ནོར་དང་གཞན་གྱིས་བྱིན་པའི་ཟས་ནོར། བྱིང་བ་དང་རྨུགས་པ་ནི། གཉིད་འཐིབ་པ་ལྟ་བུ་སེམས་མི་གསལ་བའི་རྣམ་པ་ཅན། འཕྲོ་ཞིང་རྒོད་པ་ནི། དཔེ་ཁྲིད་སོགས་ཀྱི་སྐབས་སུ་སེམས་མི་གཏོད་ཅིང་ཕྱོགས་གཞན་ལ་སེམས་ཤོར་བ་ལྟ་བུ། དགག་བྱ་ནི་སྤངས་བྱ་དང་། སྒྲུབ་བྱ་ནི་དང་ལེན་བྱེད་དགོས་པའི་བྱ་བའོ།
      དགེ་འདུན་ཆོས་འཕེལ་གྱིས། མཁས་པ་རང་གི་རྗེས་སུ་མི་འབྲང་ཡང་། །རང་ཉིད་གཞན་ཟེར་རྗེས་སུ་མི་འབྲང་བ། །འདི་ནི་མཁས་པའི་དམ་ཚིག་དང་བོ་ཡིན།
       ཞེས་པ་ལྟར།སེམས་ཀྱི་ལྟ་བ་དང་ལུས་ངག་གི་སྤྱོད་པ་གང་ཡང་གཞན་གྱིས་ཟེར་ཚད་ཀྱི་རྗེས་སུ་བྱ་སྤུ་རླུང་འཁྱེར་ལྟ་བུའི་རྗེས་འབྲང་དང་། གཞན་ལ་བརྟེན་པ་མི་་་བྱེད་པར། རང་དབང་རང་བདག་གིས་བསམ་བློ་བཏང་ནས་བླང་དོར་བྱེད་པ་དང་རང་གིས་ཧུར་བརྩོན་བྱེད་པ་གལ་ཆེ་ཞེས་པར་བསྟན་པ་ནི། སྐྱོན་ཡོན་བླང་དོར་རང་གིས་མི་བྱེད་པར། །གྲགས་སྐམ་འུད་ཀྱི་རྗེས་སུ་འབྲང་ན་ཡང་། །ཉེས་སྐྱོན་སུ་ཡིས་ལག་པས་མི་སེལ་ལ། །ཡོན་ཏན་སུས་ཀྱང་ཁ་རུ་མི་ལྡུག་པས། །བླུན་པོ་ཆུ་སྣ་གར་ཁྲིད་མ་བྱེད་ཨང་། ། ཞེས་བྱུང་། གྲགས་སྐམ་ནི་བདེན་མིན་མི་ཤེས་པའི་ཁ་བཤད་སྐམ་པོ་དང་། འུད་ནི་ལབ་རྒྱག་པའི་གཏམ།
        གཞུང་ལུགས་སློབ་སྦྱོངས་བྱེད་པའི་ཚིག་དོན་གྱི་གོ་བ་རགས་པ་ཙམ་གྱིས་མ་ཚིམ་པར་གོ་རིགས་ཟུང་འབྲེལ་གྱིས་རྟོག་དཔྱོད་མཐིལ་ཕྱིན་བྱེད་དགོས་པར་གདམས་པ་ནི། རང་རང་གཞུང་གི་བརྗོད་བྱ་དགོས་དོན་སོགས། །མ་མཐོང་ཤགས་འགྱེད་ཚིག་འཁྲི་སྐམ་པོ་དང་། །རིགས་པས་དཔྱད་པ་མི་བཟོད་གོ་ཐོབ་ཀྱི། །བམ་བཤད་འདིས་ཀྱང་བརྡར་ཤ་མི་ཆོད་པས། །གོ་རིགས་ཟུང་དུ་འབྲེལ་བར་སྦྱོངས་ཤིག་ཨང་། ། ཞེས་བྱུང་། ཚིག་འཁྲི་སྐམ་པོ་ནི་བསྡུས་གྲྭའི་རིགས་ལམ་ལ་བརྟེན་ནས་ཚིག་ལ་འཁྲིས་པའི་དོན་མེད་ཀྱི་རྩོད་པའི་མིང།
 
  གཞུང་ལུགས་ཀྱི་དོན་ལ་རྟོག་ཞིབ་བྱེད་པའི་ཚེ་མཁས་པ་གང་རུང་ཞིག་དང་གཞུང་གང་རུང་ཞིག་གི་ཟེར་ཚད་ཀྱི་རྗེས་སུ་མི་འབྲང་བར། འཐད་ལྡན་མཁས་པའི་གཞུང་ལུགས་ཤིག་གཞི་རྩ་བྱས་ནས་གཞན་དེ་དག་འགྲིག་མི་འགྲིག་གི་རྣམ་དབྱེ་ཕྱེ་ནས་ལུང་རིགས་ཀྱི་རྒྱབ་རྩ་བརྟན་པོ་ཞིག་གི་སྟེང་ནས་རང་ལུགས་ཀྱི་ལྟ་བ་ཚུགས་དགོས་ཞེས་པར་གདམས་པ་ནི། འཁྲུལ་བྲལ་གཞུང་རེ་ངེས་བཟུང་གཞིར་བྱས་ནས། །གཞན་རྣམས་དེ་དང་སྦྱར་ནས་དཔྱོད་པ་ལས། །གང་བྱུང་དཔེ་ལ་ལྟ་ཞིང་ཐམས་ཅད་ཀྱི། །རྗེས་སུ་འབྲངས་བ་ཤེས་རབ་འཆལ་འགྱུར་བས། །རང་ལུགས་གཏད་སོ་ཡོད་པར་གྱིས་ཤིག་ཨང་། ། ཞེས་བྱུང་།
       དངོས་པོའི་གནས་ལུགས་ཆེས་ཟབ་ཅིང་ཕྲ་བ་ཞིག་ཡིན་པས། གཞུང་ལུགས་ཀྱི་གནད་དོན་སོགས་ཡིན་ཡིན་མིན་མིན་གྱི་ཤན་འབྱེད་ཐག་གཅོད་བྱེད་པའི་སྐབས་དམ་བཅའ་དང་ཐག་གཅོད་བྱེད་མ་སྔ་བར་བསམ་བློ་རྒྱ་བསྐྱེད་ནས་སྒོ་ཀུན་ནས་དཔྱད་པ་ཕྲ་ཞིབ་ནན་ཏན་བྱེད་དགོས་པར་གདམས་པ་ནི།  དཔྱད་པའི་ངེས་པ་ལམ་ཙམ་རྙེད་ན་ཡང་། །ཆོས་ཚུལ་ཟབ་པས་ཐག་ཆོད་མི་སྔ་ཞིང་། །འགྲིག་འགྲིག་མང་བོས་རྣམ་རྟོག་རྒྱ་བསྐྱེད་པས། །དཔྱད་པ་མ་ཐལ་གཞུང་ལ་འཁྲིལ་བཞིན་དུ།  །རྒྱས་བསྡུས་འཚམ་པའི་དཔྱད་ཚུལ་གྱིས་ཤིག་ཨང་། ། ཞེས་བྱུང་།
       མཐོ་སྒང་དུ་ཆུ་མི་ཆགས་པའི་དཔེ་ལྟར། རང་མཐོང་ང་རྒྱལ་བཟུང་ན་ཡོན་ཏན་མི་འགོས་པས།དམན་ས་བཟུང་ནས་མངོན་ཆུང་གུས་ཆུང་གིས་རང་ལས་བློ་ཁ་མཐོ་བའི་མི་རྣམས་ལས་ཤེས་བྱའི་ཡོན་ཏན་ཅི་ལོན་བླང་ནས་ཐོས་རྒྱ་མཐོང་རྒྱ་གང་ཆེས་སུ་འབད་དགོས་ཞེས་པར་གདམས་པ་ནི། མཐོན་པོའི་སྒང་ལ་ཆུ་བོ་མི་ཆགས་པས། །དམན་ས་བཟུང་ནས་གུས་པའི་བརྟུལ་ཞུགས་ཀྱིས། །ཆོས་མཐུན་བློ་ཁ་མཐོ་བ་ཐམས་ཅད་ལས། །བློ་སྐྱེད་གང་ལོན་བྲེ་སོག་ཕུལ་གསོག་གིས། །སྒྲོ་འདོགས་འཕྲལ་དང་འཕྲལ་དུ་ཆོད་ཅིག་ཨང་། ། ཞེས་བྱུང་། བྲེ་སོག་ཕུལ་གསོག་ནི་མང་ཉུང་ལ་མ་་ལྟོས་པར་རྒྱུན་དུ་ཤེས་བྱའི་རིག་གནས་གསོག་འཇོག་བྱེད་པའི་དོན་ཡིན།
       གོང་གསལ་གྱི་བསླབ་བྱའི་ནང་དོན་འདི་དག་དེང་དུས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཐུན་མོང་གི་སློབ་གསོར་སྦྱོར་ཐུབ་ཅིང་སློབ་མ་རྣམས་ལའང་ཉེ་བར་མཁོ་བས་ཟུར་དུ་བཏོན་པ་ཡིན་ལ། དགོན་པའི་སློབ་གསོའི་ཐུན་མོང་མ་ཡིན་པའི་ནང་དོན་རྣམས་འདིར་བཤད་པའི་དགོས་པ་ཆུང་བས་རེ་ཞིག་བཞག་གོ།
       ཞེས་སྤྱི་ལོ་ཉིས་སྟོང་དང་བདུན་གྱི་ལོའི་སྤྱི་ཟླ་བཅུ་བའི་ཉེར་ལྔ་ལ་དོར་ཞིས་བྲིས།
·གསར་འགྱུར་གོང་མ:སློབ་ཚན་ཞིག་གི་དབྱེ་ཞིབ།
·གསར་འགྱུར་འོག་མ:བློ་འབྱེད་ཀྱི་གོ་དོན།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 14:51:21 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:03:28 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:48:42 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS