ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

ཡོངས་ཁྱབ་རིན་ཐང་དང་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད།

[རྩོམ་པ་པོ:ཟུར་གསུམ་མ་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/10/11 15:31:38  བཀླགས་ཐེངས:1363][ཡིག་གཟུགས:ཡིག་གཟུགས་མདོག]
ཡོངས་ཁྱབ་རིན་ཐང་དང་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད།[1]
 
ཏུ་ཀུང་གིས་བརྩམས། རྟ་མགྲིན་རྡོ་རྗེས་བསྒྱུར།
  
ལོ་རབས་ལྔ་བཅུ་པའི་སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་ཐད་ལ། རང་གི་ལྟ་ཚུལ་འཕྲིན་ལན་གཉིས་པའི་ནང་གཙོ་བོར་སོང་ཟིན་ཞིང། དེ་དག་ཁྱོད་ཀྱི་དྲི་བ་དང་པོར་ལན་འདེབས་པར་ཕན་ཐོགས་ཡོད་སྙམ།
ཁྱོད་ཀྱིས་འདྲི་རྒྱུར། གཅིག  ཁྱེད་ཀྱི་རྩོམ་ཡིག་ནང་དུ། རང་རྒྱལ་གྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་ནང་དུ། ཆབ་སྲིད་དང་རིག་གནས། སྤྱི་ཚོགས་བཅས་ཀྱི་ཁྱབ་ཁོངས་སུ། སྔར་བཞིན་འཆར་གཞིའི་དཔལ་འབྱོར་སྐབས་ཀྱི་འདུ་ཤེས་འཛིན་སྟངས་རྒྱུན་འཛིན་བྱས་པ་དེས། བཅོས་བསྒྱུར་གྱི་བྱ་བ་ཕྱོགས་ཡོངས་དང་གཏིང་ཟབ་ཏུ་འགྲོ་བར་གེགས་ཆེན་པོ་བྱས་འདུག་ཅིང་། དེའི་རྩ་བ་ནི། བཅོས་བསྒྱུར་སྒོ་འབྱེད་ལ་ཡང་དག་པའི་མཛུབ་སྟོན་བསམ་བློ་ཞིག་དང་། འཁྲུལ་མེད་ཀྱི་ཁ་ཕྱོགས་ཤིག་མེད་པས་རེད། ཡང་ན། བཅོས་བསྒྱུར་སྒོ་འབྱེད་ཀྱི་མཛུབ་སྟོན་བསམ་བློ་དེ་ཡོངས་ཁྱབ་རིན་ཐང་གི་སྟེང་ནས་འདོན་མ་ཐུབ་པ་དེའོ།།
ཚོགས་པའམ་ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་ཚོགས་ཆེན་ཐེངས་གསུམ་པ་ཚོགས་ནས་ལོ་ངོ་སུམ་ཅུ་ལོན་པའི་རྗེས་དྲན་ཚོགས་ཆེན་གྱི་གཏམ་བཤད་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་སུམ་ཅུའི་ནང་ལ། རང་རྒྱལ་གྱི་ཆབ་སྲིད་དང་རིག་གནས་དང་སྤྱི་ཚོགས་བཅས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་གལ་ཆེན་བླངས་པ་དང་དེའི་རྒྱུ་མཚན་ཅི་ཡིན་སྐོར་བསྙོན་མེད་དུ་བསྟན་ཟིན།
བྱ་བ་གང་བྱས་ཀྱི་འབྲས་བུའི་ལེགས་ཉེས་ནི་བསམ་བློའི་སྔོན་འགྲོ་ལ་རག་ལས་སྟབས། ཁྱོད་ཀྱིས་བཤད་པ་ལྟར། གལ་ཏེ་བཅོས་བསྒྱུར་སྒོ་འབྱེད་ལ་ཡང་དག་པའི་མཛུབ་སྟོན་བསམ་བློ་དང་འཁྲུལ་མེད་ཀྱི་ཁ་ཕྱོགས་ཤིག་མེད་པ་བདེན་ན། ལོ་ངོ་སུམ་ཅུའི་རིང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱིས། ཆབ་སྲིད་དང་རིག་གནས་དང་སྤྱི་ཚོགས་བཅས་ཀྱི་ཕྱོགས་ལ་གྲུབ་འབྲས་གལ་ཆེན་བླངས་པ་དེ་དག་གང་ནས་ཡོང་ངམ། ཁྱོད་ཀྱིས་བཤད་པ་ལྟར། ཡོངས་ཁྱབ་རིན་ཐང་ནི། ཆབ་སྲིད་དང་རིག་གནས་དང་སྤྱི་ཚོགས་བཅས་ཀྱི་ཁྱབ་ཁོངས་སུ་བཅོས་བསྒྱུར་བྱེད་པའི་ཡང་དག་པའི་བསམ་བློ་གཅིག་པུ་ཡིན་ནམཞེས་སོ།།
འཕྲིན་འདིའི་ནང་དུ། བཅོས་བསྒྱུར་སྒོ་འབྱེད་ཀྱི་མཛུབ་སྟོན་བསམ་བློ་དེ་ཡོངས་ཁྱབ་རིན་ཐང་གི་སྟེང་ནས་བཏོན་ཡོད་མེད་གླེང་རྒྱུ་ཡིན་པར་མ་ཟད། ལོ་ངོ་སུམ་ཅུའི་རིང་གི་བཅོས་བསྒྱུར་སྒོ་འབྱེད་ལ་བརྟེན་ནས། ཆབ་སྲིད་དང་རིག་གནས་དང་སྤྱི་ཚོགས་བཅས་ཀྱི་ཁྱབ་ཁོངས་སུ་གྲུབ་འབྲས་གལ་ཆེན་བླངས་ཡོད་མེད་ཀྱང་ཞོར་ལ་བཤད་རྒྱུ་ཡིན།
བཅོས་བསྒྱུར་སྒོ་འབྱེད་ཀྱི་མཛུབ་སྟོན་བསམ་བློ་ཡང་དག་མིན་བརྡར་ཤ་གཅོད་པ་ལ་ཐོག་མར་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྩ་བའི་ལས་འགན་ཅི་ཞིག་ཡིན་ཚུལ་གླེང་དགོས།
བཅོས་བསྒྱུར་སྒོ་འབྱེད་བརྒྱུད་རྗེས་ཀྱི་རྒྱ་ནག་ཏུ། དཔལ་འབྱོར་ཐད་ཐོན་སྐྱེད་རྒྱུ་ཆའི་བདག་དབང་སྒེར་འཛིན་བྱས་པ་དང་། ཆབ་སྲིད་ཐད་རྒྱལ་ཁབ་ཀྱི་དབང་ཤེད་སྒེར་འཛིན་བྱས་པ། རིག་གནས་ཐད་བདེན་ལུགས་སྒེར་གཅོད་བྱས་པ། སྤྱི་ཚོགས་ཐད་སྤྱི་དམངས་ཀྱི་རང་དབང་གི་ཐོབ་ཐང་ཕྲོགས་པ་དེ་ནི། དམངས་གཙོ་རིང་ལུགས་འཆི་ལམ་དུ་བརྫངས་པ་དང་། སྒེར་གཅོད་རིང་ལུགས་རོ་ལངས་བརྒྱབ་པ་རང་རེད། དེ་བས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལས་འགན་ནི། རྒྱ་ནག་མི་དམངས་གོང་གི་སྒེར་འཛིན་བཞི་ཡིས་མཚོན་པའི་སྒེར་གཅོད་རིང་ལུགས་གསར་པའི་ལམ་ལུགས་འོག་ནས་ཐར་བར་བྱེད་རྒྱུ་དེ་རེད།
སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་དང་སྤྱི་ཚོགས་རིང་ལུགས་གསར་བརྗེ་བརྒྱུད་དེ་བཙུགས་པའི་སྒེར་གཅོད་རིང་ལུགས་གསར་པའི་ལམ་ལུགས་དེས། རྒྱ་ནག་མི་དམངས་ལ་སྡུག་བསྔལ་དཔག་མེད་མྱོང་དུ་བཅུག་ཅིང་། ལྷག་པར་དུ་མི་ལོ་བཅུའི་རིང་གི་རིག་གནས་གསར་བརྗེ་ཡིས། རྒྱལ་ཡོངས་མི་དམངས་སྡུག་གི་རྒྱ་མཚོར་གཡུགས་སོང་། རིག་གནས་གསར་བརྗེ་ནི། རྒྱ་ནག་གི་སྒེར་གཅོད་རིང་ལུགས་རྩེ་རུ་སོན་པ་ཞིག་རེད། འོན་ཀྱང་། བྱ་དངོས་གང་ཞིག་གོལ་ལམ་དུ་འཕྱན་འཕྱན་པའི་མཐར་ཕྱིར་ལྡོག་ངེས་པ་བཞིན། རྒྱ་ནག་གི་སྒེར་གཅོད་རིང་ལུགས་ཀྱང་ཕྱིར་ལྡོག་ངེས་རེད། ཕྱིར་ལྡོག་ནས་ཀྱང་དམངས་གཙོ་རིང་ལུགས་ཀྱི་ལམ་དུ་བསྐྱོད་ངེས། རིག་གནས་གསར་བརྗེ་ཡི་རྗེས་སུ། གང་དེས་སྡུག་ལ་སྦྱར་པའི་མི་རྣམས་ཀྱིས། ཕྱིར་རྟོག་རྣལ་མ་བྱས་པའི་མཐར། ད་གཟོད་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལམ་ལ་ཞུགས་པ་རེད།
མའོ་ཙེ་ཏུང་གིསམཉམ་འབྲེལ་སྲིད་གཞུང་གླེང་བརུ། དམངས་གཙོ་རིང་ལུགས་བརྒྱུད་ན། ད་གཟོད་སྤྱི་ཚོགས་རིང་ལུགས་མངོན་དུ་འགྱུར་ཐུབ། འདི་ནི། མར་ཁེ་སི་རིང་ལུགས་ཀྱི་བསྙོན་མེད་བདེན་ལུགས་ཤིག་རེདཅེས་དང།རྒྱ་ནག་གི་གསར་བརྗེ་དང་རྒྱ་ནག་གི་ཐུན་མོང་ཐོན་སྐྱེད་ཚོགས་པཡི་ནང་དུའང་། དམངས་གཙོ་རིང་ལུགས་ཀྱི་གསར་བརྗེ་ནི། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ཡི་དགོས་ངེས་གྲ་སྒྲིག་ཅིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་ནི། དམངས་གཙོ་རིང་ལུགས་ཀྱི་གསར་བརྗེ་ཡི་ལྡོག་མེད་འཕེལ་ཕྱོགས་ཡིནཞེས་བསྟན་ཡོད་མོད། མའོ་ཙེ་ཏུང་རང་ཉིད་མར་ཁེ་སི་རིང་ལུགས་ཀྱི་བསྙོན་མེད་བདེན་ལུགས་འདི་དང་འགལ་ནས། དགོས་ངེས་གྲ་སྒྲིག་ཅིག་ཡིན་པའི་དམངས་གཙོ་རིང་ལུགས་ཀྱི་གསར་བརྗེ་མ་འགྲུབ་པའི་སྔོན་དུ། སྤྱི་ཚོགས་རིང་ལུགས་ལ་ཧོལ་མཆོངས་བྱས། འོན་ཀྱང་། ཕྱིའི་དངོས་པོ་དང་ནང་བསམ་བློ་གཉིས་ཀྱི་ཆ་ནས། རྒྱ་ནག་ལ་སྤྱི་ཚོགས་རིང་ལུགས་མངོན་འགྱུར་གྱི་མཐུན་རྐྱེན་མི་ཚང་བས། དེ་འདྲའི་གནས་ཚུལ་འོག་ཏུ་བཅོས་བསྒྱུར་བྱས་པའི་འབྲས་བུ་ནི། བཀས་བཀོད་རྒྱུན་འཛིན་སྒེར་གཅོད་ལམ་ལུགས་སླར་གསོས་པ་དེ་རེད། དེའི་སྟབས་ཀྱིས། བཅོས་བསྒྱུར་སྒོ་འབྱེད་ནི། བཅོས་བསྒྱུར་གྱིས་སྔར་སླར་གསོས་པའི་བཀས་བཀོད་རྒྱུན་འཛིན་སྒེར་གཅོད་ལམ་ལུགས་རྩ་རྫོགས་བྱེད་རྒྱུ་དེ་རེད། དགོས་ངེས་ཀྱི་གྲ་སྒྲིག་འདི་གྲུབ་པའི་སྔོན་འགྲོའི་འོག་ཏུ། ད་གཟོད་སྤྱི་ཚོགས་རིང་ལུགས་གླེང་ཆོག
བཅོས་བསྒྱུར་སྒོ་འབྱེད་ནི། དམངས་གཙོ་རིང་ལུགས་ཀྱི་གསར་བརྗེའི་ལས་འགན་རྒྱུན་བསྐྱང་རྒྱུ་ཡིན་སྟབས་དེའི་དམིགས་ཡུལ་རིགས་བཞི་ལ་བསྡུ་ཆོག་སྟེ། དཔལ་འབྱོར་ཚོང་ར་ཅན་དང་། ཆབ་སྲིད་དམངས་གཙོ་ཅན། རིག་གནས་རང་དབང་ཅན། སྤྱི་ཚོགས་འདྲ་མཉམ་ཅན་བཅས་སོ།། ཅན་བཞིའདི་མངོན་དུ་གྱུར་ན། ད་གཟོད་དམངས་གཙོ་རིང་ལུགས་བརྒྱུད་ཚར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དགོས་ངེས་གྲ་སྒྲིག་ཀྱང་འཛོམས་སོང་བ་ཡིན་པས། དེ་ནས་སྤྱི་ཚོགས་རིང་ལུགས་མངོན་འགྱུར་ཐུབ་ཀྱང་སྲིད། གཤམ་ནས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཕྱོགས་དེ་བཞི་བོའི་སོ་སོའི་དམིགས་ཡུལ་དང་མཛུབ་སྟོན་བསམ་བློའི་སྐོར་གླེང་རྒྱུ་ཡིན་ཞིང་། འཚམ་མིན་མཛུབ་སྟོན་གནང་རོགས་ཞུ།
གཅིག
 
དཔལ་འབྱོར་ཚོང་ར་ཅན་དུ་བྱེད་རྒྱུ་དེ། དཔལ་འབྱོར་སྒྲིག་གཞིའི་ལམ་ལུགས་ལ་བཅོས་བསྒྱུར་བྱེད་པའི་དམིགས་ཡུལ་རེད།
      དཔལ་འབྱོར་ཁྱབ་ཁོངས་སུ་བཅོས་བསྒྱུར་བྱེད་པའི་ལས་འགན་ནི། ཐོན་སྐྱེད་རྒྱུ་ཆར་ཕྱོགས་ཡོངས་ནས་སྒེར་སྡེམ་བྱེད་པའི་སྲོལ་ངན་གཏོར་བ་བརྒྱུད། ཚོང་ཟོག་ཅན་དང་། ཚོང་ར་ཅན་མངོན་དུ་འགྱུར་བ་བྱས་ནས། རང་དབང་འགྲན་རྩོད་ཡིན་པའི་ཚོང་རའི་དཔལ་འབྱོར་གྱིས། སྒེར་སྡེམ་དཔལ་འབྱོར་གྱི་ཚབ་བྱེད་པའོ།། ངས། འཕྲིན་ལན་གཉིས་པའི་ནང་བསྟན་ཟིན་པར། རྒྱལ་གཉེར་ཁེ་ལས་དག་ནི། སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ལ་བདག་པའི་ལམ་ལུགས་ཀྱི་ཁེ་ལས་ཡིན་ཞེས་ལབ་པ། མར་ཁེ་སུ་རིང་ལུགས་དང་ཡོངས་སུ་འགལ་བ་ཞིག་ཏུ་མ་ཟད། དམངས་ཡོངས་ལ་བདག་པའི་ལམ་ལུགས་ཞེས་པ་ནི། དེ་ལས་ཀྱང་རྫུན་ཞིག་སྟེ། དེ་ནི་སི་ཏ་ལིན་གྱི་མགོ་སྐོར་བའི་བཤད་ཚུལ་ལོ།། བདག་པའི་ལམ་ལུགས(所有制)ནི། བདག་པའི་དབང་ཆ(所有权)བརྒྱུད་མངོན་དགོས་པ་རེད་མོད། རྒྱལ་གཉེར་ཁེ་ལས་ནང་དུ། ལས་ཀ་པ(མི་སེར་དཀྱུས་མ་ནི་ལྟ་ཅི་སྨོས)སུ་ལའང་། ཐོན་སྐྱེད་རྒྱུ་ཆ་མི་བདག་པས། དོ་དམ་དང་། དོ་དམ་གྱི་ལས་ལ་ཞུགས་དབང་མེད་པར་མ་ཟད། མ་དངུལ་དང་ཁེ་སྤོགས་ཀྱི་ཐད་ལའང་། དབང་ཆ་གང་ཡང་མེད་པས་ན། དམངས་ཡོངས་ལ་བདག་པ(全民所有)ཞེས་པ་མིང་དོན་མཚུངས་པ་ཞིག་རེད་དམ།
       རྒྱལ་གཉེར་ཁེ་ལས་ནི་རྒྱལ་ཁབ་ལ་བདག་ཅིང་། དེས། ཐོན་ཁུངས་དང་ཚོང་ར་དང་རིན་གོང་ཚང་མ་སྒེར་སྡེམ་བྱེད། དེ་ནི། མ་རྩ་རིང་ལུགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བྱུང་བའི་སྒེར་སྡེམ་དཔལ་འབྱོར་དང་མི་འདྲ་སྟེ། རྒྱལ་གཉེར་ཁེ་ལས་དག་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་ཤེད་དང་འདྲེས་ནས་ཡོད། ཚོགས་པའམ་ཏང་ཨུའི་རྩ་འཛུགས་ཀྱིས་བདག་བྱས་པས། འགྲན་རྩོད་ལས་ཕམ་མམ་བསམ་མི་དགོས་ལ། ཁེ་སྤོགས་ཧེབ་ཀྱིས་ཟ་བའི་ཧམ་སེམས་ཀྱང་མེད། གོང་རིམ་འགོ་ཁྲིད་ཀྱི་སེམས་ལ་བབས་ཤིང་མོས་ཏེ་མཐོང་ཆེན་བྱས་པ་ན། རྒྱལ་གཉེར་ཁེ་ལས་དག་ནི། བསྟན་པ་ཡར་ནས་ཡར་ལ་རྒྱས་པ་རེད། འོན་ཀྱང་། སྒེར་སྡེམ་ཁེ་ལས་འདི་རིགས། རྒུད་ནས་མཚམས་འཇོག་དགོས་དུས་ཡོད་པ་དང་། རུལ་སུངས་འབྱུང་བར་མ་ཟད། འདིས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཀྱང་འགོག་པ་རེད། འདི་དག་བཟློག་དགོས་ཚེ། སྒེར་སྡེམ་གྱི་སྲོལ་ངན་གཏོར་ནས། ཚོང་རའི་དཔལ་འབྱོར་སྤེལ་ཞིང་། རང་དབང་འགྲན་རྩོད་ཀྱི་དཔལ་འབྱོར་རྣམ་པ་ཆགས་དགོས་པ་རེད།
སྤྱི་ཚོགས་ཀྱི་དཔལ་འབྱོར་རྣམ་པ་ཞིག་ཡིན་པའི་ཚོང་རའི་དཔལ་འབྱོར་དེ། འགྲོ་བ་མིའི་རིགས་དམུ་རྒོད་ནས་རིམ་བཞིན་ཤེས་རིག་ལྡན་པར་གྱུར་པའི། གནའ་བོའི་སྤྱི་ཚོགས་ནས་འགོ་བརྩམས་ཟིན་པ་སྟེ། ངལ་རྩོལ་ལས་བགོས་ནས་བྱུང་བའི་ཐོན་རྫས་བརྗེ་རེས་ལ། ཆེས་ཐོག་མའི་ཚོང་རའི་དཔལ་འབྱོར་གྱི་ས་བོན་འདུས་འདུག རྒྱ་ནག་གི་གནའ་རབས་ལའང་། ཚོང་རའི་ཚོང་ལས་དང་འབྲེལ་བའི་ལོ་རྒྱུས་འདུག …… འོན་ཀྱང་། མ་རྩ་རིང་ལུགས་སྔོན་མའི་སྤྱི་ཚོགས་སུ། དཔལ་འབྱོར་གྱི་རྣམ་པ་གཙོ་བོ་ནི་སྒེར་སྡེམ་དཔལ་འབྱོར་ཡིན་པ་སྟེ། བྲན་བདག་དང་བཀས་བཀོད་བདག་པོ་གཉིས་ཀྱིས། ཐོན་རྫས་ཀྱི་ཐོན་སྐྱེད་དང་བརྗེ་རེས་ཀྱི་བྱ་བ་སྒེར་སྡེམ་བྱས་ཡོད་པས། ཚོང་རའི་དཔལ་འབྱོར་ནི། སྒེར་སྡེམ་དཔལ་འབྱོར་གྱི་ཁ་གསབ་ཙམ་གྱི་ཚུལ་དུ་གནས་པ་ལས་འོས་མེད། མ་རྩ་རིང་ལུགས་བྱུང་རྗེས། ཚོང་རའི་དཔལ་འབྱོར་རིམ་བཞིན་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པས། མཐར་སྒེར་སྡེམ་དཔལ་འབྱོར་ལས་བརྒལ་ཏེ། སྤྱི་ཚོགས་ཀྱི་གཙོ་རྒྱུགས་སུ་གྱུར་པའི་དཔལ་འབྱོར་གྱི་རྣམ་པར་གྱུར། འཛམ་གླིང་གི་ཚོང་ར་ཕྱེ་རྗེས། འཛམ་གླིང་ཧྲིལ་པོ་ཚོང་རའི་དཔལ་འབྱོར་གྱི་ལམ་དུ་ཞུགས་པར་བྱས། མར་ཁེ་སིའིགུང་ཁྲན་ཏང་གི་བསྒྲགས་གཏམདུ། མ་རྩ་རིང་ལུགས་ཀྱིས་གྲལ་རིམ་དབང་སྒྱུར་བྱས་ནས། ལོ་ངོ་བརྒྱ་ཡང་མ་འགོར་བའི་ནང་དུ་བསྐྲུན་པའི་ཐོན་སྐྱེད་ནུས་ཤུགས་ནི། སྔར་དུས་རབས་གཅིག་གི་ནང་དུ་བསྐྲུན་པའི་ཐོན་སྐྱེད་ནུས་ཤུགས་ཡོངས་ལས་ཀྱང་མང་ལ་སྟོབས་ཆེཞེས་བསྟན་པ་ལྟར་རེད། དེས་ན། མ་རྩ་རིང་ལུགས་ཀྱིས། སྟོབས་དང་ནུས་པ་ཅི་ཞིག་ལ་བརྟེན་ནས་གྲུབ་འབྲས་དེ་འདྲ་བླངས་པ་ཡིན་ནམ། གཙོ་བོ། ཚོང་རའི་དཔལ་འབྱོར་ལ་བརྟེན་པའོ།།
མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ལོ་རྒྱུས་ཐོག་ཏུ། ཚོང་རའི་དཔལ་འབྱོར་ནི། བརྒལ་ནས་བསྐྱུར་ས་མི་འགྲོ་བ་ཞིག་རེད། གནད་འདིའི་སྟེང་ནས་བཤད་ན། ཚོང་རའི་དཔལ་འབྱོར་ནི། ཡོངས་ཁྱབ་རིན་ཐང་གི་གྲས་སུ་གཏོགས། རྒྱ་ནག་གིསྤྱི་ཚོགས་རིང་ལུགས་བསྒྱུར་བཅོསདེ། ལོ་རྒྱུས་རང་བཞིན་གྱི་ནོར་འཁྲུལ་ཞིག་ཡིན་དོན། མ་གཞིར་གཉོམ་ལག་རྒྱས་མེད་པའི་ཚོང་རའི་དཔལ་འབྱོར་བརླགས་ཤིང་། ཐོན་སྐྱེད་ནུས་ཤུགས་འཕེལ་བར་བར་ཆད་བཟོས་པ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་གསོན་ཤུགས་ཚར་བཅད་པས་རེད། དེ་བས། དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་བྱེད་པ་ནི། ཚོང་རའི་དཔལ་འབྱོར་གྱི་རྩ་བ་ཡན་ལག་བཙུགས་ཤིང་འཐུས་ཚང་དུ་གཏོང་རྒྱུ་དེའོ།། ༡༩༧༨ལོར། ཨན་ཧུའེ་སོགས་ས་ཁུལ་དུ། ཞིང་པ་རྣམས་ཀྱིས། ཐོན་སྐྱེད་ཀྱི་ཐོན་ཚད་ཐད་དེ། ཁྱིམ་ཚང་རང་གིས་འགན་བླངས་པས། དེ་སྔའི་མི་དམངས་ཀུང་ཧྲེ་ཡིས་ས་ཞིང་སྒེར་སྡེམ་བྱེད་པའི་ལུགས་ངན་དེ་གཏོར་ནས། ཚོང་རའི་དཔལ་འབྱོར་ལ་གསོན་ཤུགས་བསྣན་ཅིང་། དམངས་ལ་བདག་པའི་དཔལ་འབྱོར་གྱི་མྱུ་གུ་གཉོམ་པོ་ཞིག  སྒེར་སྡེམ་དཔལ་འབྱོར་གྱི་འོག་ནས་འབུས་འགོ་ཚུགས། དཔལ་འབྱོར་འཕེལ་ཕྱོགས་གསར་པའི་གནས་ཚུལ་མདུན་དུ། ཐབས་ཇུས་གཏན་འབེབས་པ་དག་གིས། ཚོང་རའི་དཔལ་འབྱོར་གྱི་དོན་སྙིང་གལ་ཆེན་པོ་དེ། ད་གཟོད་རིམ་གྱིས་ཧ་གོ་བ་རེད། ༡༩༩༢ལོའི་ཟླ༡༠པར་བསྐོངས་པའི། ཀྲུང་གུང་ངམ་རྒྱ་ནག་ཐུན་མོང་ཐོན་སྐྱེད་ཚོགས་པའི་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བཞི་པར། ཚོང་རའི་དཔལ་འབྱོར་གྱི་སྒྲིག་གཞི་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་རྒྱུནི། དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གྱི་དམིགས་ཚད་དུ་དངོས་སུ་གཏན་ལ་ཕབ་པ་རེད། ༢༠༠༣ལོའི་ཟླ༡༠པར། ཀྲུང་གུང་ངམ་རྒྱ་ནག་ཐུན་མོང་ཐོན་སྐྱེད་ཚོགས་པའི་སྐབས་བཅུ་དྲུག་པའི་ཚང་འཛོམས་ཚོགས་ཆེན་ཐེངས་གསུམ་པའི་ཐོག་ཏུ། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་གནད་དོན་འགའི་གཏན་འབེབསལ་གྲོས་འཆམ་བྱུང་མོད། སི་ཏ་ལིན་རིང་ལུགས་ཀྱིས་བསྡམས་པས། དུས་ཡུན་རིང་པོའི་ནང་། སྔར་བཞིནསྤྱི་ལ་བདག་པའི་ལམ་ལུགས་གཙོ་བོ་བྱེད་པདེ་མཛུབ་སྟོན་བསམ་བློར་བཟུང་ཁར། དེ་ནི། ཚོང་རའི་དཔལ་འབྱོར་ལ་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་ལྡན་པའི་རྒྱུ་མཚན་དུ་བྱས། ཁོ་ཚོས་ཧ་མ་གོ་བ་ནི། སྤྱི་ལ་བདག་པའི་ལམ་ལུགས་གཙོ་བོ་བྱེད་པདེ། ཏག་ཏག་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་བའི་བཀག་རྡོ་ཡིན་པ་དེའོ།། རྒྱུ་མཚན་ནི། ང་ཚོས་ལོ་མང་པོའི་ནང་དུ་རྒྱུན་བསྐྱངས་པའི་སྤྱི་ལ་བདག་པའི་ལམ་ལུགས་ནི། མར་ཁེ་སི་རིང་ལུགས་ཀྱི་སྤྱི་ལ་བདག་པའི་ལམ་ལུགས་མ་ཡིན་པར། རྒྱལ་ཁབ་བམ་ཚོགས་པ་ཞིག་ལ་བདག་པའི། སྒེར་སྡེམ་དཔལ་འབྱོར་གྱི་ལམ་ལུགས་ཡིན་པས་ན། ཚོང་རའི་དཔལ་འབྱོར་འཐུས་ཚང་དུ་གཏོང་བ་ལ། དེ་ནི་ངེས་པར་དུ་མེད་པ་བཟོ་དགོས་པའི་སྒེར་སྡེམ་དཔལ་འབྱོར་ཞིག་རེད། སྤྱི་ལ་བདག་པའི་ལམ་ལུགས་ཀྱི་གཙོ་བོར་བྱས་པའི། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོརརྒྱུན་འཛིན་བྱས་ན། རང་དབང་འགྲན་རྩོད་ཁྱད་ཆོས་སུ་གྲུབ་པའི་ཚོང་རའི་དཔལ་འབྱོར་འཐུས་ཚང་དུ་གཏོང་མི་ཐུབ། དེ་བས། ཚོང་རའི་དཔལ་འབྱོར་འཐུས་ཚང་དུ་གཏོང་བ་ལ། སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་ཤུན་བཀབ་པའིསྤྱི་ལ་བདག་པའི་ལམ་ལུགས་གཙོ་བོ་བྱེད་པཞེས་པའི་ལམ་ལུགས་འདིའི་བཀག་རྒྱ་གཏོར་དགོས།
མཛུབ་ཁྲིད་བསམ་བློའི་སྟེང་དུ། ཚོང་རའི་དཔལ་འབྱོར་གྱི་ལྟ་བའི་གཞི་མ་ཚུགས་པས། གནད་དོན་འདིའི་ངོས་འཛིན་ཐད་དུ། འགལ་བ་ཁ་གཏད་པའི་ལྟ་ཚུལ་གཉིས་བྱུང་། དེའི་སྟབས་ཀྱིས། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་དུ། རྒྱལ་དམངས་དཔལ་འབྱོར་གྱི་སྒྲིག་གཞི་བཅོས་བསྒྱུར་བྱས་པ་དེས། སྒེར་སྒེམ་དཔལ་འབྱོར་གྱི་བཀག་རྒྱ་གཏོར་ནས། ཚོང་རའི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རྒྱུ་ཕར་ཞོག རྒྱུ་ཤེད་དབང་ཤེད་ཅན་དག་གིས་དཔལ་འབྱོར་སྒེར་སྡེམ་བྱས་སྟབས། ཚོང་རའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་བཀག་རྒྱ་ཆེན་པོ་བཟོས། ༢༠༠༥ལོའི་ཟླ༢པའི་ནང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས། སྤྱི་ལ་བདག་པའི་ལམ་ལུགས་ཀྱི་དཔལ་འབྱོར་མ་ཡིན་པའི་སྒེར་གཉེར་ཚོང་ལས་སོགས་ཀྱི་འཕེལ་རྒྱས་ལ། སྐུལ་མ་དང་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་པའི་བསམ་འཆར་འགའཞེས་པ་བཀྲམས་ཏེ། གློག་ཤུགས་དང་ཆ་འཕྲིན། རྡོ་སྣུམ། ལྕགས་ལམ། མཁའ་འགྲུལ་སོགས་ཀྱི། དམངས་གཉེར་དཔལ་འབྱོར་དགསྒེར་སྡེམ་གྱི་ལས་རིགས་ཀྱི་ཁྱབ་ཁོངས་སུ་ཞུགས་ཆོགཔར་བྱས། ༢༠༠༥ལོའི་ཟླ༡༠པར། རྒྱ་ནག་ཐུན་མོང་ཐོན་སྐྱེད་ཚོགས་པའི་སྐབས་བཅུ་དྲུག་པའི་ཚང་འཛོམས་ཚོགས་ཆེན་འདུ་ཐེངས་ལྔ་པའི་སྟེང་དུ། ལོ་ལྔའི་འཆར་བཀོད་བཅུ་གཅིག་པའིསྐོར་ལ་གྲོས་འཆམ་བྱུང་། དེའི་དོན་ཚན་སོ་དྲུག་པའི་ནང་དུ། སྒེར་སྡེམ་བྱས་པའི་ལས་རིགས་ལ་བཅོས་བསྒྱུར་བྱེད་པ་ཟབ་ཏུ་གཏོང་དགོསཞེས་བཀོད་འདུག་ཅིང་། སྤྱི་ལ་བདག་པའི་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་སྐོར། རྒྱལ་གཉེར་ཁེ་ལས་ཀྱི་བཅོས་བསྒྱུར་དུ་ཞུགས་པར་སྐུལ་མ་དང་རྒྱབ་སྐྱོར་བྱས་ནས། དངུལ་ལོར་ཞབས་ཞུ་དང་སྤྱི་སྤྱོད་ལས་རིགས། རྨང་གཞིའི་རིགས་ཀྱི་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ནང་ཞུགས་སུ་འཇུག་དགོས་ཞེས་བྱུང་། ད་བར་ལོ་ངོ་བཞི་འགོར་སོང་མོད། དཔལ་འབྱོར་འདིའི་རིགས་ཀྱི་སྒེར་སྡེམ་ནི་སྔར་བཞིན་གནས། སྒེར་སྡེམ་ལས་རིགས་སུ་ཞུགས་སོང་བའི་དམངས་གཉེར་ཁེ་ལས་རེ་འགའ་ཡང་། སྒེར་སྡེམ་ཚོགས་པའི་གནོན་བཙིར་མ་བཟོད་པས། མཐར་ཕྱིར་མི་འབུད་ཀ་མེད་དུ་གྱུར་སྟབས། རྒྱལ་ཁབ་ནང་དུ་འཚང་། མི་དམངས་ཕྱི་ལ་ཕུད”(རྒྱལ་གཉེར་ཁེ་ལས་ཀྱིས། དམངས་གཉེར་ཁེ་ལས་ཚོང་ར་ལས་ཕྱིར་དེད་པའི་སྣང་ཚུལ)པའི་གནས་ཚུལ་བྱུང་། དོན་དངོས་འདིས་གསལ་བཤད་བྱས་པ་ནི། མཛུབ་སྟོན་བསམ་བློའི་ཆ་ནས། ཚོང་རའི་དཔལ་འབྱོར་འཐུས་ཚང་དུ་བཏང་བའི་དོན་སྙིང་ཐད་ལ་ངོས་འཛིན་བྱུང་ཡོད་རུང་། སྤྱི་ལ་བདག་པའི་ལམ་ལུགས་གཙོ་བོ་བྱེད་པའི་ནོར་འཁྲུལ་གྱི་ལྟ་བ་དེའི་རྒྱ་རུ་ཚུད་པས། དམངས་གཉེར་གྱི་དཔལ་འབྱོར་སྐོར། སྒེར་སྡེམ་དཔལ་འབྱོར་གྱི་གྲས་སུ་འདེད་མ་ཐུབ་པ་རེད། ཚོང་རའི་དཔལ་འབྱོར་འཐུས་ཚང་དུ་གཏོང་བ་ལ། ཐོག་མར། དམངས་གཉེར་དཔལ་འབྱོར་གྱིས། སྒེར་སྡེམ་དཔལ་འབྱོར་གྱི་ཚབ་བྱེད་དགོས་པའི་ལྟ་བའི་གཞི་ཚུགས་དགོས། དམངས་གཉེར་དཔལ་འབྱོར་ཁ་ཆུང་དབང་ཆུང་ཡིན་ཁར། སྒེར་སྡེམ་དཔལ་འབྱོར་གྱིས་བཙན་འཛུལ་དང་བཀག་འགོག་རྒྱུན་མི་ཆད་པའི་འོག་ཏུ། ཚོང་རའི་དཔལ་འབྱོར་འཐུས་ཚང་དུ་གཏོང་ཐབས་མེད་དེ། སྤྱི་ལ་བདག་པའི་ལམ་ལུགས་སམ་སྒེར་སྡེམ་དཔལ་འབྱོར་གྱིས་གཙོ་བོ་བྱས་ནས། ཐོན་ཁུངས་དང་ཚོང་ར་དང་རིན་གོང་དང་ཕྱི་འབྲེལ་ཚོང་ལས་བཅས་ལ་སྒེར་སྡེམ་བྱས་ན། ཚོང་རའི་དཔལ་འབྱོར་འཐུས་ཚང་དུ་འགྲོ་ག་ལ་ཐུབ།

ངས་གོང་དུ་བསྟན་ཟིན་པ་ལྟར། ཚོང་རའི་དཔལ་འབྱོར་ནི་ཡོངས་ཁྱབ་རིན་ཐང་གི་ཁོངས་སུ་གཏོགས་པ་རེད། ཁྱོད་ཀྱི་དོགས་གནས་ནིམཛུབ་སྟོན་བསམ་བློ་དེ་ཡོངས་ཁྱབ་རིན་ཐང་གི་སྟེང་ནས་བཏོན་མེད་པདེ་རེད་མོད། དེས་ནི། དཔལ་འབྱོར་གྱི་ཆ་ནས་ཚོང་རའི་དཔལ་འབྱོར་ལ་ཤེས་རྟོགས་གནད་ཟིན་དང་འཐུས་ཚང་ཞིག་མེད་པ་དང་། ཚོང་རའི་དཔལ་འབྱོར་གྱིས་དཔལ་འབྱོར་སྒེར་སྡེམ་གྱི་ཚབ་བྱེད་རྒྱུ་ནི། ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་སུ་གཏོང་བ་མི་བརྒྱུད་ཐུ་མེད་ཀྱི་ལོ་རྒྱུས་བརྒྱུད་རིམ་ཞིག་ཡིན་ཚུལ་ལ་ངོས་འཛིན་གསལ་ཐག་ཆོད་པོ་མེད་པ་མཚོན། མཛུབ་སྟོན་བསམ་བློ་རུ། སྤྱི་ལ་བདག་པའི་ལམ་ལུགས་སམ། དཔལ་འབྱོར་སྒེར་སྡེམ་བྱེད་པའི་ལམ་ལུགས་གཙོ་བོ་བྱེད་པ་དང་ཆབས་ཅིག་ཚོང་རའི་དཔལ་འབྱོར་ཡང་ཆ་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོརཆགས་པར་བྱེད་འདོད་མོད། དཔལ་འབྱོར་ལམ་ལུགས་འདི་གཉིས་པོ་ནི་འགལ་བ་ལྟག་སྤྲོད་དུ་ཡོད་པ་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོརཞེས་པ་ནི། སྤྱི་ལ་བདག་པའི་ལམ་ལུགསཀྱི་སྒེར་སྡེམ་དང་ཆིག་ཆོད་ཀྱི་ངོ་བོ་སྦེད་པའི་ཡི་གེའི་རོལ་རྩེད་ཁོ་ན་རེད། དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གྱི་མཛུབ་སྟོན་བསམ་བློའི་ཆ་ལ། འདི་འདྲའི་ལྟ་ཚུལ་འཁྱོག་བསྒྱུར་དང་རབ་རིབ་ཅིག་ཡོད་པ་དེ་ནི། ཕྱོགས་གཅིག་ནས། དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། དེའི་མཚུངས་སུ་ཚོང་རའི་དཔལ་འབྱོར་ཡང་འཐུས་ཚང་དུ་གཏོང་འདོད་ཀྱི་འདུན་པ་ལེགས་པོ་ཞིག་ཡོད་མོད། འདུན་པ་ལེགས་པོ་དེ་ཡང་སི་ཏ་ལིན་རིང་ལུགས་ཀྱི་བཅིངས་པ་ལས་ཐར་མེད་པས་རེད། འདི་ནི། དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་གྱིམཛུབ་སྟོན་བསམ་བློ་དེ་ཡོངས་ཁྱབ་རིན་ཐང་གི་སྟེང་ནས་བཏོན་མེད་པའིརྩ་བའི་རྒྱུ་མཚན་ནོ།།  ༼འཕྲོ་མུ་མཐུད་འགོད་རྒྱུ།

·གསར་འགྱུར་གོང་མ:བློ་འབྱེད་ཀྱི་གོ་དོན།
·གསར་འགྱུར་འོག་མ:ཡོངས་ཁྱབ་རིན་ཐང་དང་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད།༢
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 10:12:07 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:32:24 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 20:12:36 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 48 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS