ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

ཡོངས་ཁྱབ་རིན་ཐང་དང་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད།༢

[རྩོམ་པ་པོ:ཟུར་གསུམ་མ་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/10/11 15:38:59  བཀླགས་ཐེངས:1591][ཡིག་གཟུགས:ཡིག་གཟུགས་མདོག]
ཡོངས་ཁྱབ་རིན་ཐང་དང་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད།
 
ཏུ་ཀུང་གིས་བརྩམས། རྟ་མགྲིན་རྡོ་རྗེས་བསྒྱུར།
གཉིས།
 
ཆབ་སྲིད་སྒྲིག་གཞིའི་བཅོས་བསྒྱུར་གྱི་དམིགས་ཡུལ་ནི་ཆབ་སྲིད་དམངས་གཙོ་ཅན་དུ་གཏོང་རྒྱུ་དེ་རེད། དེ་བས། བཅོས་བསྒྱུར་སྒོ་འབྱེད་བྱ་བའི་ཆབ་སྲིད་ཁྱབ་ཁོངས་ཀྱི་ལས་འགན་ནི། ཚོགས་པའམ་ཏང་གཅིག་གིས་སྲིད་དབང་སྒེར་འཛིན་བྱེད་པའི་སྒེར་གཅོད་ལམ་ལུགས་བཅོས་ཏེ་དམངས་གཙོ་དང་ཁྲིམས་སྐྱོང་བའི[1]ལམ་དུ་སྐྱོད་རྒྱུ་དེའོ།། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དེས། རྒྱ་ནག་མི་རིགས་དམངས་གཙོ་དང་ཁྲིམས་སྐྱོང་གི་ལམ་དུ་སྐྱོད་པའི་སྒོ་འཕར་ཕྱེ་མོད། དེ་ནི༡༩༥༣ལོར་མའོ་ཙེ་ཏུང་གིས་བཏོན་པའིབར་བརྒལ་སྐབས་ཀྱི་སྤྱིའི་ལམ་ཕྱོགས[2]ཞེས་པ་དེས་བརླགས། སྤྱི་ཚོགས་རིང་ལུགས་བསྒྱུར་བཀོད་བརྒྱུད་དེ་བཙུགས་པའི་རྒྱ་ནག་ནི། སྔར་བས་སྒེར་གཅོད་ཆེ་ཁར་ཇེ་ཆེ་ཇེ་ཆེར་གྱུར་སོང་བ་ཞིག་ཏུ་སྣང་། མའོ་ཙེ་ཏུང་གིས་རང་ཉིད་ནི་མར་ཁེ་སིའི་ཐོག་ལ་ཆིན་ཧྲི་ཧོང་བསྣན་པ་ཞིག་ཡིནཞེས་བཤད་མོད། དོན་ངོ་མ་ནི། སི་ཏ་ལིན་གྱི་ཐོག་ལ་ཆིན་ཧྲི་ཧོང་བསྣན་པཞིག་ཡིན་པས། དེ་དུས་ཀྱི་རྒྱ་ནག་གི་སྒེར་གཅོད་ནི་འཛམ་བུ་གླིང་གི་སྒེར་གཅོད་གསར་རྙིང་ཐམས་ཅད་འདུས་ནས་ཡོད་པ་ཞིག་རེད། རྒྱལ་ཁབ་ཕུང་ཞིང་མི་སེར་སྡུག་ལ་སྦྱར་པའི་མའོ་ཙེ་ཏུང་གི་དབང་སྒྱུར་གྱི་ཁྱད་ཆོས་ནི། དམངས་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་མི་དགོས་པ་དེའོ།། ༡༩༥༤ལོའིརྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམསསུ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་འཛིན་ལས་ཁུངས་ཡིནཞེས་དང་། རྒྱལ་ཁབ་ཀྱི་ཁྲིམས་བཟོ་བའི་དབང་ཆ་ཡོད་ས་གཅིག་པུ་ཡིནཞེས་གསལ་ནའང་། དོན་དངོས་སུ། རྒྱལ་ཁབ་ཀྱི་ཆེས་མཐོའི་དབང་འཛིན་མཁན་ནི་རྒྱ་ནག་ཐུན་མོང་ཐོན་སྐྱེད་ཚོགས་པའི་དབུས་གཞུང་ཡིན་པ་དང་། འཛིན་པ་པོ་ནི་རྒྱ་ནག་ཐུན་མོང་ཐོན་སྐྱེད་ཚོགས་པའི་དབུས་གཞུང་གི་ཀྲུའུ་ཞི་མའོ་ཙེ་ཏུང་རེད། ཁོས་བདག་བཟུང་བའི་སྐབས་སུ། རྒྱལ་ཁབ་ཀྱི་ཇུས་ཆེན་ཐམས་ཅད་དང་། མི་སེར་ཁྲི་སྟོང་གི་འཚོ་གནས་དང་འབྲེལ་བའི་དོན་དག་གལ་ཆེན་མང་པོ་སྟེ། དཔེར་ན། གཡས་ཕྱོགས་པར་རྒོལ་བ།[3] མཆོངས་སྐྱོད་ཆེན་མོ།[4] ཀུང་ཧྲེ་ཅན། གཡས་ལྷུང་ལ་རྒོལ་བ།[5] རིག་གནས་གསར་བརྗེ་ཆེན་མོ་སོགས་ཐམས་ཅད་ལ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་འཆམ་མེད་ཁར། ཁྲིམས་ཀྱི་ཁུངས་ཀྱང་གང་ཡང་མེད། ཡོད་ཚད་མའོ་ཙེ་ཏུང་གཅིག་པུས་སྒེར་གཅོད་བྱས་པ་ཤ་སྟག་རེད། དེའི་འབྲས་བུ་ནི། རིགས་སོ་སོ་ཚུད་པའི་རྒྱལ་ཡོངས་མི་དམངས་ལ་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དུ་བཅུག་པའོ།། དེས་ན། བཅོས་བསྒྱུར་གྱི་ལས་འགན་ནི། མའོ་ཙེ་ཏུང་གི་སྒེར་གཅོད་དབང་སྒྱུར་ལ་སུན་འབྱིན་དང་ཡིན་དགག་བྱེད་པ་བརྒྱུད། དེའི་སྐྱོན་དང་ཉེས་དམིགས་ཕྱོགས་སྡོམ་བྱེད་དགོས་ཤིང་། བྱས་ནས་ཀྱང་ལོ་རྒྱུས་ཀྱི་བསླབ་བྱ་དང་དུ་བླངས་ཏེ། དམངས་གཙོ་དང་ཁྲིམས་སྐྱོང་བའི་དེང་རབས་ཀྱི་ཆབ་སྲིད་སྒྲིག་གཞི་འཛུགས་རྒྱུ་དེའོ།། བཅོས་བསྒྱུར་སྒོ་འབྱེད་ཀྱི་ཐོག་མའི་སྐབས་སུ། བདེན་ལུགས་ཀྱི་ཚད་གཞི་དང་རིག་གཞུང་སྐོར་གྱི་བགྲོ་གླེང་གིས། སྔར་སོང་ལོ་རྒྱུས་ཀྱི་བསླབ་བྱ་ཕྱོགས་སྡོམ་བྱེད་པར་རྟེན་འབྲེལ་ལེགས་པོ་བསྒྲིགས་མོད། ཏེང་ཞའོ་ཕེང་གིསརྩ་བའི་རྩ་དོན་བཞི་རྒྱུན་སྐྱོང་དགོསཚུལ་བཏོན་པས་མཚམས་བཅད། དུས་ཡུན་རིང་པོའི་ནང་དུ། ལོ་རྒྱུས་ཀྱི་དོན་དག་གལ་ཆེན་ཁག་གི་གདོང་འབག་དབྲལ་མི་ཆོག་པ་དང་། ཆག་འཇིག་ཚབས་ཆེན་བསླངས་པའི་དོན་ཆེན་དག་ལ་ཕྱིར་རྟོག་དང་ཞིབ་འཇུག་དང་ཕྱོགས་སྡོམ་བྱས་ཏེ། ལོ་རྒྱུས་ཀྱི་བསླབ་བྱ་ལེན་པ་དགག་རྒྱུ་ནི། དབང་འཛིན་པ་ཚོའི་རྒྱུན་ལྡན་གྱི་སྦྱོར་བ་ཞིག་རེད། དམངས་ཁྲོད་དུ་དམངས་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་ལ་རེ་འདོད་དང་རེ་སྒུག་ཇེ་ཆེར་འགྱུར་གྱིན་ཡོད་ནའང་། དབང་འཛིན་པ་ཚོས་ནི་དེར་བྱེད་འོས་པའི་ཚོད་ཀྱི་གཙིགས་ཆེན་ཞིག་བྱས་མ་མྱོང་། བཅོས་བསྒྱུར་གྱི་ལོ་ངོ་སུམ་ཅུའི་ནང་དུ། རང་རྒྱལ་གྱི་ཆབ་སྲིད་འཕེལ་རྒྱས་ནི། དམངས་གཙོ་རིང་ལུགས་ཀྱི་རེ་འབོད་དང་སྒེར་གཅོད་རིང་ལུགས་ཀྱི་བཙན་གནོན་བར་གྱི་འགལ་བའི་འཐབ་རྩོད་དང་བྲལ་བ་མེད། རིང་ལུགས་གཉིས་པོའི་གདོང་གཏུག་འཐབ་རྩོད་ཁྲོད། དམངས་གཙོ་རིང་ལུགས་ཀྱི་ཡོ་ལང་ཐེངས་མང་རྒྱས་ནའང་། ཕངས་ཆེ་བ་ནི་མཐར་སྒེར་གཅོད་རིང་ལུགས་ཀྱིས་བསྣུབས་སོང་སྟེ། དཔེར་ན། ཧུའུ་ཡའོ་པང་གིརང་དབང་ཅན་དུ་བསྒྱུར་པའི[6]ཡོ་ལང་དང་། དམངས་གཙོའི་རྒྱལ་མཚན་མཐོ་རུ་བསྒྲེངས་པའི་གྱ་དགུ་ལོའི་དམངས་གཙོའི་ལས་འགུལ་གཉིས་པོ་དྲག་གནོན་གྱིས་ཕམ་པར་བཏང་བ་ལྟ་བུ། དེ་ནི། དབང་འཛིན་པས་མའོ་ཙེ་ཏུང་གི་སྒེར་གཅོད་སྲོལ་ངན་རྒྱུན་བསྐྱངས་པས་རེད། ཏག་ཏག་ལོ་རྒྱུས་ཀྱི་བསླབ་བྱ་ལ་ཕྱིར་རྟོག་དང་ཞིབ་འཇུག་དང་ཕྱོགས་སྡོམ་བྱེད་པ་བཀག་པས། མི་རྣམས་ཀྱིས་དམངས་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་དང་བྲལ་བའི་ཚབས་ཆེའི་ཉེས་དམིགས་ལ་ངོས་འཛིན་བྱས་པ་འདང་མེད་སྟབས། སྤྱི་ཚོགས་ཧྲིལ་པོ་སྔར་བཞིན་སྒེར་གཅོད་རིང་ལུགས་ཀྱི་དབང་སྒྱུར་ལ་འཐོམས་ཤིང་གོམས་བསྡད་ཡོད་པ་རེད། དབང་འཛིན་པ་དག་གིས་སྒེར་གཅོད་རིང་ལུགས་ཀྱི་ཚབས་ཆེའི་ཉེས་དམིགས་ལས་ལེན་འོས་པའི་བསླབ་བྱ་མི་ལེན་ཁར། བསམ་བཞིན་ནམ་བསམ་བཞིན་མ་ཡིན་པའི་ངང་ལ་མའོ་ཙེ་ཏུང་གི་སྒེར་གཅོད་སྲོལ་ངན་རྒྱུན་བསྐྱངས་པས། དམངས་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་ཐད་ལ་ད་རག་བར་དུ་ཡར་ཐོན་ངོ་མ་ཞིག་ཡོད་མ་མྱོང་། དཔེར་ན། ཆབ་སྲིད་དབང་ཤུགས་ལ་ཚོད་འཛིན་དང་ལྟ་སྐུལ་གོ་ཆོད་པ་ཞིག་མེད་སྟབས། གང་སར་རུལ་སུངས་རྒྱས་པས། སྤྱི་དམངས་ཀྱི་དབང་ཆ་དང་རྒྱུ་ནོར་འཕྲོག་པའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་འདུག འདི་ནི། ཁ་སང་དེ་རིང་གི་སྤྱི་ཚོགས་སུ་འགལ་བ་དང་འཁོན་པ་མང་ཞིང་བདེ་འཇགས་ཆུང་བ། ཆག་འཇིག་ཚབས་ཆེན་གྱི་རྒྱུ་བསོགས་འདུག་པའི་རྒྱུ་མཚན་གཙོ་བོ་རེད། དེ་བས། ཆབ་སྲིད་སྒྲིག་གཞིའི་བཅོས་བསྒྱུར་གྱི་ཐོག་མའི་ལས་འགན་ནི། ཆབ་སྲིད་དབང་ཤུགས་ལ་ཚོད་འཛིན་དང་ལྟ་སྐུལ་གོ་ཆོད་ཅིག་བྱེད་ཐུབ་དགོས་པ་དེ་རེད། འདི་ནི་ཆབ་སྲིད་དམངས་གཙོ་ཅན་དུ་བསྒྱུར་བའི་ཐོག་མའི་ནང་དོན་ནོ།། ཆབ་སྲིད་སྒྲིག་གཞིའི་བཅོས་བསྒྱུར་ལ་རྒོལ་བ་བྱེད་མཁན་དག་གིས་རྒོལ་བ་དྲག་པོ་བྱེད་ཡུལ་ཡང་ཆབ་སྲིད་དབང་ཤུགས་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པ་དེ་རེད། རྒྱུ་མཚན་ནི། ཆབ་སྲིད་དབང་ཤུགས་ལ་ཚོད་འཛིན་དང་ལྟ་སྐུལ་གོ་ཆོད་ཅིག་བྱས་ཚེ། ཁོ་ཚོར་དབང་ཤུགས་སྤྱད་ནས་རང་དོན་གཉེར་བའི་མཐུན་རྐྱེན་དང་གོ་སྐབས་མེད་པར་འགྱུར་བས་སོ།། འདི་ནི། མི་ལ་ལས་སྔོན་ཆད་ཅིག་ནསདབང་ཆ་སུམ་ཚུགས[7]ལ་དགག་པ་ཤུགས་དྲག་བྱེད་པའི་རྒྱུ་མཚན་ངོ་མའང་རེད། དབང་ཆ་སུམ་ཚུགསཟེར་བ་འདི། ཆབ་སྲིད་ཀྱི་རྩ་དོན་ཞིག་ཡིན་པ་ལས། བྱེ་བྲག་གི་ཆབ་སྲིད་ལམ་ལུགས་ཤིག་མ་ཡིན་ཏེ། དེས། འགན་འཁྲི་མི་འདྲ་བའི་ཆབ་སྲིད་དབང་ཆ་སོ་སོའི་བར་དུ། གཅིག་གིས་གཅིག་ལ་ཚོད་འཛིན་གྱིས་དོ་མཉམ་དུ་གནས་པ་མཚོན། ཡོ་རོབ་གླིང་དང་ཨ་མེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་ལ་སྡེ་སྲིད་ལམ་ལུགས[8]དང་རྒྱལ་སྲིད་གྲོས་ཚོགས་ལམ་ལུགས་དང[9]། རྗེ་བོའི་ལམ་ལུགས[10]ཡོད་པས། ཆབ་སྲིད་ལམ་ལུགས་མི་འདྲ་མོད། དེ་ཚོ་ཚང་མས“དབང་ཆ་སུམ་ཚུགས ཀྱི་ཆབ་སྲིད་རྩ་དོན་ལག་བསྟར་བྱེད་ཀྱིན་ཡོད་པས། ཚང་མ་ཁྱད་མེད་དུ“དབང་ཆ་སུམ་ཚུགསཞེས་སུ་གྲགས། འདི་ལ་དགག་མཁན་ཚོས། རང་རྒྱལ་ལ“དབང་ཆ་སུམ་ཚུགསལག་བསྟར་མི་རུང་བའི་རྒྱུ་མཚན་ནི་འདྲེན་ཐུབ་ཀྱི་མེད་མོད། ད་རུང་ཨུ་ཚུགས་མཐའ་སྐྱེལ་གྱིསང་ཚོས་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ལ་ལད་མོ་བྱེད་མི་རུང” “དབང་ཆ་སུམ་ཚུགས་རང་རྒྱལ་ལ་མི་འཚམ་མོཞེས་བསྙད་ནས། ཆབ་སྲིད་སྒྲིག་གཞིའི་བཅོས་བསྒྱུར་ལ་རྒོལ་བ་བྱེད་ཅིང་། ཆབ་སྲིད་དམངས་གཙོ་ཅན་དུ་འགྱུར་བར་བར་ཆད་བཟོ། མའོ་ཙེ་ཏུང་གི་སྒེར་གཅོད་སྲོལ་ངན་གླེང་དུས། ད་དུང་གནད་དོན་གཞན་ཞིག་ཀྱང་གླེང་རྒྱུ་ཡོད་པ་སྟེ། དེ་ནི་ཟུན་དག་དགྲ་རུ་འཛིན་ཞིང་དགྲ་རུ་བཞེངས་པའི་ལོག་སྤྱོད་དོ།། མའོ་ཙེ་ཏུང་གིས། རང་གི་སྒེར་གཅོད་སྲིད་བདག་པརྟན་ཆེད། དགག་རྒྱག་དང་འཐབ་རྩོད་བརྒྱུད་དེ། ཁོའི་གྲགས་སྙན་དང་ཐོབ་གོ་སར་གནོད་ཉེན་ཡོད་པའི་མི་དང་སྨྲ་བརྗོད་རིགས་བཙན་གྱིས་བཀག་ཅིང་དྲག་པོས་མནན། ཁོས་རྒྱུན་དུ་འདི་ལྟར་བྱེད་དེ། སྤྱི་ཚོགས་སྟེང་གི་མི་ཐམས་ཅད་དགྲ་ཟུན་གཉིས་སུ་ཕྱེ་སྟེ། སྒེར་རམ་ཚོགས་པ་གང་ཡིན་རུང་། ཁོས་གཅུན་དགོས་པར་འདོད་པ་ཞིག་ཡིན་ཕྱིན། མང་ཚོགས་བསྐུལ་ནས་འཐབ་རྩོད་བསླངས་ཏེ། མི་གཞི་དང་རྩིས་ཐང་ལ་བརྙས་ཁར། ཚོགས་པ་སྟེ་ཏང་ངམ་སྤྱི་ཚོགས་རིང་ལུགས་ལ་རྒོལ་མཁན་ནམ། གསར་བརྗེའི་ངོ་ལོག་པ་ལྟ་བུའི་ཉེས་མིང་ཅི་རིགས་སྦྱར་ཏེ་དགྲ་རུ་བསླངས་ནས། མང་ཚོགས་ཀྱི་གྲལ་ནས་ཕུད་ཅིང་སྤྱི་དམངས་ཀྱི་དབང་ཆ་ཕྲོགས་པ་དང་། སྤྱི་ཚོགས་ལ་ཕན་འདོགས་པའི་གོ་སྐབས་ཀྱང་མེད་པར་བཟོས་པའོ།། དེ་ལྟར། ཟུན་རྣམས་དགྲ་རུ་བཟུང་ཞིང་བསླངས་པའི་བསམ་སྦྱོར་མ་རུང་བ་འདིས། མི་སེར་ཁྲི་སྟོང་མང་པོའི་བཟའ་མི་དང་བཅས་པར་སྡུག་བསྔལ་དཔག་མེད་མྱོང་དུ་བཅུག་པར་མ་ཟད། མ་གཞིར་ཚོགས་པའམ་ཏང་དང་སྲིད་གཞུང་བརྩི་ཞིང་སྐྱོར་བའི་མང་ཚོགས་ཀྱང་ཚོགས་པའམ་ཏང་དང་སྲིད་གཞུང་ལ་བློ་ལོག་ཏུ་བཅུག་ཁར་ཚབས་ཆེར་འགྲོ་བཞིན་འདུག འདི་ནི། ལོ་རྒྱུས་ཀྱི་བསླབ་བྱ་གལ་ཆེན་ཞིག་ཡིན་མོད། ད་ལྟའི་བར་དུ། དབང་འཛིན་པས་བསླབ་བྱ་འདི་རང་རྒྱུད་ལ་སྦྱོར་གྱི་ཡོད་ཚུལ་ཞིག་མ་མཐོང་ཁར། སྔར་བཞིན་དུ། སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་ཡར་ཐོན་དུ་སྐུལ་བའི་རྒྱལ་གཅེས་མི་སྣ་དང་། སྤྱི་ཚོགས་ཀྱི་ཆེས་དམའ་རིམ་ན་བརྙས་བཅོས་མྱོང་ཞིང་སྣང་མེད་དུ་གཡུགས་འདུག་པའི་མི་སེར་ཕལ་པ་རྣམས་ཀྱི་ཐོབ་ཐང་གི་ཆེད་དུ་དྲང་བདེན་སྐྱོང་མཁན་གྱི་སྐྱེས་བུ་དག་ནི། རྒྱལ་ཁབ་ཀྱི་སྲིད་དབང་ལ་གནོད་པའི་དགྲ་རུ་བཟུང་སྟེ། རྗེས་འདེད་དང་ལྐོག་ལྟ་ལྐོག་ཉན། རྩད་གཅོད་པ་དང་ཁྱིམ་སློག་པ། རང་དབང་འགོག་ཅིང་དབང་ཆ་འཕྲོག་པ། ཐ་ནརྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁནགྱི་ཞྭ་མོ་བཀབ་སྟེ་བཟུང་ཞིང་ཁྲིམས་གཅོད་བྱེད་དོ།། ཁ་སང་དེ་རིང་། ཟུན་དག་དགྲ་རུ་འཛིན་ཞིང་སློང་བའི་མ་རུང་སྦྱོར་བ་འདི། མའོ་ཙེ་ཏུང་གི་སྐབས་ལས་རྒྱ་ཆུང་ཡང་ངོ་བོ་ནི་དེ་བཞིན་རེད། རྒྱལ་གཅེས་ཤེས་ཡོན་ཅན་རྣམས་དགྲ་རུ་བཟུང་སྟེ་རྒོལ་ཞིང་གནོན་པར་བྱེད་པའི་སྦྱོར་བ་འདི་ནི། ཆབ་སྲིད་རུལ་སུངས་ཁྱད་པར་བ་ཞིག་ཡིན་ཁར། དམངས་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་འགོག་པའི་སྒེར་གཅོད་རིང་ལུགས་ལ་ལྷན་སྐྱེས་སུ་ཡོད་པའི་ངན་གཤིས་ཤིག་རེད། མ་རུང་སྦྱོར་བ་དེས། མང་ཚོགས་མང་པོ་ཚོགས་པའམ་ཏང་དང་སྲིད་གཞུང་ལ་ཡིད་ཆེས་དང་རེ་བ་མེད་པ་བྱས་ཁར། ཚོགས་པའམ་ཏང་དང་སྲིད་གཞུང་གི་འགལ་ཟླའི་ཕྱོགས་སུ་དེད། འདི་ནི། རྒྱལ་ཁབ་ཀྱི་ཉེན་ཁ་ངོ་མ་རེད། རྒྱལ་ཁབ་ཀྱི་སྲིད་དབང་སློག་ཐུབ་མཁན་ནི་ཤེས་ཡོན་ཅན་ཁ་ཤས་ཀྱི་བརྩམས་ཆོས་དང་བསྒྲགས་གཏམ་མ་ཡིན་པར་ཆབ་སྲིད་རང་གི་རུལ་སུངས་རེད་དེ། ཐོབ་དང་གོ་ས་རྒྱུ་ཡིས་ཉོ་བ་དང་ལྐོག་རྔན་སྤྲོད་ཅིང་ལེན་པ། རིས་ཆད་ཀྱི་སྦྱོར་བ་སྤེལ་ཞིང་མི་སེར་ལ་བརྙས་པ། རྒྱལ་ཁབ་དང་མི་སེར་གྱི་རྒྱུ་ནོར་མི་ཆེན་དཔོན་ཆེན་ཚོས་ཧམ་ཟ་བྱེད་པ། དུས་རབས་ཀྱི་འཕེལ་ཕྱོགས་ལས་ཕྱིན་ཅི་ལོག་སྟེ་བསམ་སྦྱོར་གོལ་ལམ་དུ་འཕྱན་པ། དབང་ཤེད་ཚོད་མེད་དུ་སྤྱད་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱས་ཉེས་དག་གོ།
རྒྱལ་ཁབ་ཀྱི་སྲིད་དབང་ལ་ཉེན་ཁ་ཚབས་ཆེན་ཡོད་པ་འདི་དག་སེལ་བར། ངེས་པར་དུ་ཆབ་སྲིད་སྒྲིག་གཞིར་བཅོས་བསྒྱུར་བྱས་ཏེ། ཆབ་སྲིད་དབང་ཤུགས་ལ་ཚོད་འཛིན་དང་ལྟ་སྐུལ་གོ་ཆོད་བྱེད་ཅིང་། དམངས་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་ལ་བརྟེན་ནས། ཚོགས་པའམ་ཏང་གཅིག་གིས་སྲིད་དབང་སྒེར་འཛིན་བྱེད་པའི་སྒེར་གཅོད་ལམ་ལུགས་བསྣུབས་ཤིང་དེའི་ཚབ་བྱེད་དོ།། དཔེར་ན། དཔལ་འབྱོར་གྱི་ཁྱབ་ཁོངས་སུ། ཚོང་རའི་དཔལ་འབྱོར་དང་སྤྱི་ལ་བདག་པའི་ལམ་ལུགས་གཙོ་བོ་བྱེད་པ་གཉིས་མཉམ་དུ་གནས་ཐབས་མེད་པ་ཇི་བཞིན། དམངས་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་གཉིས་ནི། སྒེར་གཅོད་དང་མཉམ་དུ་གནས་ཐབས་མེད་དོ།།
ཉེ་བའི་ལོ་འགའ་ནས་བཟུང་། དབང་འཛིན་པ་ལ་ལས་དམངས་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་དགོས་ཚུལ་སྨྲ་ནའང་། ཁོ་ཚོའི་བསམ་བློའི་གཏིང་ན། སྔར་བཞིན་ཚོགས་པའམ་ཏང་གཅིག་གིས་སྲིད་དབང་སྒེར་འཛིན་བྱེད་པའི་སྒེར་གཅོད་ལམ་ལུགས་ཀྱི་བག་ཆགས་ཟབ་པས། དེ་གཉིས་པོའི་གདོང་ཐུག་དང་འཐབ་རྩོད་ཁྲོད་དུ། སྔ་མ་དོར་ཞིང་ཕྱི་མར་འཐམས་པ་ནི་ཕངས་ཆེའོ།། ན་ནིང་ནས་བཟུང་། ཡོངས་ཁྱབ་རིན་ཐང་ལ་དགག་གཞག་སྤྲོ་བ་ནསནུབ་ཕྱོགས་པའི་བྱེད་སྟངས་ལ་ལད་མོ་གཏན་ནས་མི་བྱེདཔ། དབང་ཆ་སུམ་ཚུགས་དང་ཚོགས་མང་ལམ་ལུགས་ལ་སུན་འབྱིན་པ། 《“རྒྱུ་མཚནདྲུགསློབ་སྦྱོང་དང་དྲིལ་སྒྲོག་བྱེད་དགོས་པའི་བཀོད་ཁྱབ་རྒྱལ་ཡོངས་སུ་བསྒྲགས་པ་ལ་སོགས་ཐམས་ཅད་པོའི་མདུང་རྩེ་གཏད་ས་ནི། ཆབ་སྲིད་སྒྲིག་གཞིའི་བཅོས་བསྒྱུར་དགག་རྒྱུ་ཁོ་ན་རེད། 《“རྒྱུ་མཚནདྲུགཏུརྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགསདངམི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་སྐྱོང་དགོསཚུལ་མ་གཏོགས། དམངས་གཙོ་དང་ཁྲིམས་ཀྱི་དབང་སྒྱུར་སྐོར་གླེང་ཙམ་ཡང་བྱས་མེད་པ་དེ་ལས། ཁོ་ཚོས་སྒེར་གཅོད་སྒྲིག་གཞིར་བཅོས་བསྒྱུར་བྱེད་པར་རྒོལ་བ་དང་། རྒྱ་ནག་འདི་དམངས་གཙོ་དང་ཁྲིམས་སྐྱོང་བྱེད་པའི་དེང་རབས་རྒྱལ་ཁབ་ཅིག་ཏུ་འགྱུར་བར་རྒོལ་བའི་མ་རུང་ཁོག་བཅུག་དེ་ལྷང་ལ་བུད་དོ།།


[1]法治 ལ་གོ་ཞིང་། 法治ནི人治 སྟེམིའི་དབང་སྒྱུརརམམིས་སྐྱོང་བདང་ལྟོས་བཅས་སུ་བཤད་པ་ཞིག་རེད། རྒྱས་པ་ནི་འབྲེལ་ཡོད་ཀྱི་བརྩམས་ཆོས་ལ་གཟིགས་པ་གལ། རྩོམ་འདིརཁྲིམས་ཀྱི་དབང་སྒྱུརརམཁྲིམས་སྐྱོངཞེས་སུ་བསྒྱུར་ཡོད།
[2] བར་བརྒལ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་གཞི་རྩའི་ཆ་ནས་གྲུབ་ཟིན་པའི་བར་ལ་ཟེར། སྤྱིའི་ལམ་ཕྱོགས་ནི། ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བའི་དཔལ་འབྱོར་ལམ་ལུགས་དེ་ཐོན་སྐྱེད་རྒྱུ་ཆ་སྤྱི་ལ་དབང་བའི་དཔལ་འབྱོར་རྣམ་པར་བསྒྱུར་རྒྱུ་དེའོ།། རྒྱས་པ་འབྲེལ་ཡོད་ཡིག་ཆ་གཞན་ལ་གཟིགས་པར་ཞུ།
[3] 1957 ལོར། ཚོགས་པ་སྟེ་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་བྱ་བར་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱ་བ་དང་། གསར་དུ་བཙུགས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བརྟན་ཆེད། དམངས་གཙོ་དང་སྨྲ་བརྗོད་རང་དབང་སོགས་ལ་འབོད་སྐུལ་བྱེད་མཁན་གཡས་ལྷུང་བ་རུ་བཏགས་ཏེ་རྒོལ་བ་བྱས་ཤིང་དེ་ནས་རྒྱལ་ཡོངས་སུ་ཁྱབ། 1958 ལོར་མཇུག་བསྒྲིལ་མོད། དེའི་ཁྲོད་དུ། ཤེས་ཡོན་ཅན་དང་རྒྱལ་གཅེས་མི་སྣ་མང་པོར་མ་ཉེས་ཁག་གཡོགས་ཀྱི་ཞྭ་མོ་བཀབ། 1959 ལོ་ནས1964 ལོའི་བར་དུ། ཚོགས་པ་སྟེ་ཏང་གིས་མ་ཉེས་ཁག་གཡོགས་བྱས་པ་མི་འབུམ་གསུམ་ལ་དཀར་འདོན་བྱས་པ་ནས1981 ལོར་ཕལ་ཆེར་ལས་དེ་མཇུག་རྫོགས།
[4] 1958 ལོ་ནས1960 ལོའི་བར་གྱི་དུས་ཡུན་ཐུང་ངུ་དེའི་ནང་དུ།   བཟོ་ལས་དང་ཞིང་ལས་འཕེལ་རྒྱས་སུ་མཆོངས་སྐྱོད་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་ལེན་དགོས་པའི་ལས་འགུལ་ཞིག་རེད། ད་ལྟ་རྒྱལ་ཁབ་ཕྱི་ནང་གང་ཡིན་རུང་དཔལ་འབྱོར་གྱི་ཆོས་ཉིད་དང་འགལ་བའི་ལས་འགུལ་དེ་ནི་དཔལ་འབྱོར་གྱི་ཆག་འཇིག་ཆེན་པོ་ཞིག་ཏུ་རྩི། ལས་འགུལ་དེའི་ཁྲོད་དུ། མི་བྱེ་བ2 ཡས་མས་ཤིག་ཤི་ཞིང་། འཆི་རྐྱེན་གཙོ་བོ་ནི་མུ་གེའོ།།
[5] ལུའུ་ཧྲན་གྲོས་ཚོགས་ནས་བཟུང་།  ཚོགས་པ་སྟེ་ཏང་ནང་ཁུལ་གྱི་ལས་བྱེད་པ་དང་ཚོགས་པ་སྟེ་ཏང་མི་མང་པོ་ཞིག་གཡོན་ལྷུང་གི་གོ་སྐབས་སྐབས་འཚོལ?)རིང་ལུགས་པར་བཏགས་ཏེ་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ། ལས་འགུལ་ཁྲོད་དུ་ངོ་རྒོལ་བྱེད་ས་གཙོ་བོར་གྱུར་པ་ས་ཡ3 དང་བྱེ་བ 9 ཟིན། དེ་དག་ལས་མང་ཆེ་བ་ནི་དོན་དངོས་ཀྱི་གནས་ཚུལ་ལ་མི་གཡོལ་བར་སྐད་ཆ་དང་ལྟ་ཚུལ་གསོང་བོར་སྨྲ་ཞིང་། གཞན་གྱི་བྱས་ཉེས་ལ་ཐད་ཀར་སྐྱོན་བརྗོད་བྱེད་མཁན་ཤ་སྟག་ཡིན་པ་རེད།
[6] སྨྲ་བརྗོད་རང་དབང་དང་ཚོགས་མང་ལམ་ལུགས་ཅན་དུ་གཏོང་བའི་འདོད་ཚུལ་ཞིག འདོད་ཚུལ་དེ་རྐྱེན་བྱས་ནས་མཐར་ཧུའུ་ཡའོ་པང་གི་ལས་དོན་མི་གཡུག་ཐབས་མེད་བྱུང་།
[7]三权分立ལ་གོ དབང་དབྱེ་སུམ་ཚུགས་ནི་སྲིད་སྐྱོང་པའི་སྲིད་སྐྱོང་དབང་ཆ་དང་ཁྲིམས་བཟོ་པའི་ཁྲིམས་བཟོའི་དབང་ཆ། ཁྲིམས་འཛིན་པའི་ཁྲིམས་འཛིན་དབང་ཆ་བཅས་སོ།། དབང་ཆ་འདི་གསུམ་པོས་ཕན་ཚུན་གཅིག་གིས་གཅིག་ལ་ཚོད་འཛིན་བྱས་ཏེ་ཡོད་པས། སུ་སུ་ལ་ཡང་མི་སྐྲག་ནའང་གཅིག་ཀྱང་མགོ་མེད་མགོ་རྒྱལ་ལ་མི་འཆོར་བའི་རྣམ་པར་ཡོད། འདི་ནི། རྒྱལ་ཁབ་ཀྱི་དབང་ཆ་མི་སྒེར་རམ་ཚོགས་པ་ཁག་གཅིག་གི་ལག་ལ་གཅིག་སྡུད་བྱེད་པ་འགོག་ཆེད་རེད། རྒྱས་པ་འབྲེལ་ཡོད་བརྩམས་ཆོས་ལ་གཟིགས་པ་གལ།
[8] ཆབ་སྲིད་ལམ་ལུགས་ཤིག་སྟེ། 总统制ཟེར། གྲོས་ཚོགས་ཀྱི་གྲོས་མི་དང་སྡེ་སྲིད་གཉིས་ཀ་མི་དམངས་ཀྱིས་བདམས་པ་ཞིག་ཡིན་པ་དང་། སྲིད་སྐྱོང་ལས་ཁུངས་དང་ཁྲིམས་བཟོ་ལས་ཁུངས་གཉིས་པོ་སོ་སོར་ཡོད་པས། སྡེ་སྲིད་ཀྱིས་ཁྲིམས་བཟོ་ལས་ཁུངས་ལ་ཚོད་འཛིན་བྱེད་མི་ཐུབ་པ་དང་། ཁྲིམས་བཟོ་ལས་ཁུངས་ཀྱིས་ནི་སྡེ་སྲིད་ལ་ཚོད་འཛིན་ཐུབ་པ་ཡིན། དཔེར་ན་ཨ་རི་ལྟ་བུ་ནི་སྡེ་སྲིད་ལམ་ལུགས་ཀྱི་རྒྱལ་ཁབ་བོ།། རྒྱས་པ་འབྲེལ་ཡོད་ཡིག་ཆ་གཞན་ལ་གཟིགས་པར་ཞུ།
[9] ཆབ་སྲིད་ལམ་ལུགས་ཤིག་སྟེ། 内阁制ཟེར་ལ། མི་དམངས་ཀྱིས་གྲོས་ཚོགས་ཀྱི་གྲོས་མི་འདེམས་པ་དང་། གྲོས་མིས་སྲིད་བློན་འདེམས་པ།  ལམ་ལུགས་འདིར་སྲིད་སྐྱོང་ལས་ཁུངས་དང་ཁྲིམས་བཟོ་ལས་ཁུངས་གཉིས་པོ་འདྲེས་ཏེ་ཡོད། ད་ལྟ་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་མང་ཆེ་བ་ནི་ལམ་ལུགས་འདི་ལག་བསྟར་བྱེད་མཁན་རེད།   རྒྱས་པ་འབྲེལ་ཡོད་ཡིག་ཆ་གཞན་ལ་གཟིགས་པར་ཞུ།
[10] རྗེ་བོའི་ལམ་ལུགས་ཏེ། 君主制ཟེར། འོན་ཀྱང་། རྗེ་བོ་ནི་མིང་ཙམ་མམ་མཚོན་བྱེད་ཙམ་ལས་སྲིད་སྐྱོང་བའི་དབང་ཆ་ནི་མེད་དོ།། རྒྱས་པ་འབྲེལ་ཡོད་ཡིག་ཆ་གཞན་ལ་གཟིགས་པར་ཞུ།  ༼འཕྲོ་མུ་མཐུད་འགོད་རྒྱུ།
·གསར་འགྱུར་གོང་མ:ཡོངས་ཁྱབ་རིན་ཐང་དང་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད།
·གསར་འགྱུར་འོག་མ:༢༠༡༣ལོའི་ནོ་སྦེལ་རྩོམ་རིག་བྱ་དགའ་ཐོབ་མཁན།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 0:16:35 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:35:18 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 2:49:57 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 68 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS