ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

སེ་ར་དགོན་པའི་དགེན་ཟླ་གྲཊ་ལཊ་ཞིང་ལ་ཕེབས་པ།

[རྩོམ་པ་པོ:ངེད་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/11/6 18:27:16  བཀླགས་ཐེངས:1904][ཡིག་གཟུགས:ཡིག་གཟུགས་མདོག]
སེ་ར་དགོན་པའི་མཁས་པའི་དབང་པོ་དགེན་ངག་དབང་ཟླ་གྲགས་ལགས་
སྐུ་ཞིང་ལ་ཕེབས་པ།
 
  
   ཁ་སང་བོད་ཟླ་༩པའི་ཚེས་༢ ཉིན་གྱི་ཐོ་རངས་སུ་སེར་བྱེས་གྲ་ཚང་གི་མཁས་དབང་རྗེ་ངག་དབང་ཟླ་གྲགས་རིན་པོ་ཆེ་སྐུ་ཞིང་ལ་ཕེབས་པའི་གནས་ཚུལ་ཐོན་འདུག ཁོང་ད་ལོར་དགུང་ལོ་༨༢ ལྷག་སོན་ཡོད་འདུག  
  དེ་ཡང་མཁས་པའི་ལེགས་མཛད་ལ་དད་འདུན་བློ་ཁ་ཕྱོགས་པའི་ཆོས་ཀྱི་སྤྱན་ཅན་མང་དུ་འཕེལ་བ་སོགས་དགོས་པ་དུ་མའི་ཆེད་དུ་ད་ལམ་ཁོང་རིན་པོ་ཆེའི་སློབ་མ་སྒོ་ཤེས་རབ་རྒྱ་མཚོ་དང་། དབོན་པོའི་དགྲ་ལྷ་གཉིས་ཀྱིས་ཁོང་གི་གསུང་རྩོམ་དཔེ་སྐྲུན་མཚམས་སྦྱོར་དུ་བྲིས་པའི་རྩོམ་པ་པོའི་རྣམ་ཐར་ཉུང་བསྡུས་དེ་འདིར་འོས་སྦྱོར་ཞུ་གི་ཡིན།
  ༼ ངེས་པ་དོན་གྱི་མཧཱ་པཎྡི་ཏ་རྗེ་བཙུན་བླ་མ་ངག་དབང་ཟླ་གྲགས་མཆོག་ནི། སྤྱི་ལོ་༡༩༣༡སྔེ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་ལོར་ནག་ཆུ་ས་ཁུལ་ཨ་མདོ་ཤོག་ཁ་བརྒྱད་ཀྱི་ནང་ཚན་ག་གྱ་སྡེ་བ་ཞེས་པར་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་ཡབ་མགོན་པོ་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུ་ང་ལོ་དགུའི་ཐོག་ལྷ་སར་ཕེབས་ཏེ་སེ་ར་ཐེག་ཆེན་གླིང་གི་ཆོས་སྒོར་ཞུགས་ནས། ལྷ་རམས་པ་འཇམ་ངབྱངས་ཀུན་ཁྱབ་ཀྱི་མདུན་དུ་ཀློག་བསླབ་པས་བརྡ་བསྟན་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན། སྐབས་དེར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་ཞལ་སྔ་ནས་བླ་མ་མཆོད་པའི་ཁྲིད་ཅིག་གསན་རྒྱུ་བྱུང་བ་ནི་སྐུ་ཚེ་འདིར་དམ་ཆོས་ཀྱི་བདུད་རྩི་སྙན་དུ་སོན་པའི་ཐོག་མ་ཡིན་གསུངས། དགུང་ལོ་བཅུ་གཅིག་སྟེང་ཡོངས་འཛིན་སྟག་བྲག་རིན་པོ་ཆེའི་དྲུང་ནས་རབ་ཏུ་བྱུང་ཞིང་མཚན་ལ་ངག་དབང་ཟླ་གྲགས་སུ་གསོལ་ཏེ་ཚུལ་ཁྲིམས་སྤོས་དཀར་གྱི་མེ་ཏོག་ཐུགས་ཀྱི་བཅུད་དུའཛུམ། དེ་ནས་བཟུང་སེར་བྱེས་ཧར་གདོང་ཁང་ཚན་དུ་ཞུགས་ཏེ། རྟོགས་བརྗོད་ལས། དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།།ཞེས་ཇི་སྐད་གསུངས་པ་བཞིན། སྡེ་སྣོད་གསུམ་གྱིས་བསྡུས་པའི་ཟབ་རྒྱས་ཀྱི་གཞུང་ལུགས་རྒྱ་མཚོར་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་གཟིངས་ལ་བརྟེན་ནས་འཇུག་པའི་སྦྱོར་བ་བདག་གིར་བཞེས་ནས། སེར་བྱེས་མཁན་ཟུར་ལྡན་མ་ངག་དབང་ལེགས་ལྡན་དང་། ལྷ་ལྡན་སྨོན་ལམ་ཆེན་མོའི་རབ་འབྱམས་པ་ལྭ་བ་བྱམས་པ་ཆོས་འཕེལ་རྣམ་གཉིས་བསམ་སྦྱོར་དག་པས་ཚུལ་བཞིན་བསྟེན་ཏེ། དགུང་ལོ་ཉེར་དགུ་བར་གྱི་མི་ལོ་ཧྲིལ་པོ་བཅོ་བརྒྱང་ཙམ་གྱི་རིང་ལ། བསྔུས་གྲྭ། བློ་རྟགས། རྣམ་འགྲེལ། དྲང་ངེས། ཕར་ཕྱིན། དབུ་མ། འདུལ་བ་བཅས་ཀྱི་གཞུང་ལ་ཚིག་དོན་གཉིས་ཆར་ནས་ངཔྱིས་ཕྱིན་པའི་སྦྱངས་པ་གནང་ཞིང་། དེ་ཡང་རྣམ་འགྲེལ་གྱི་སྐབས་ལྟ་བུར་མཚོན་ན། རྩ་བའི་ཚིག་ཆ་ཚང་བློ་འཛིན་གནང་ཐོག་རྣམ་བཤད་ཐར་ལམ་གསལ་བྱེད་དང་། ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་སོགས་ཀྱི་གཟབ་ཁྲིད་མནོས་པ་དང་འབྲེལ། ཞིབ་གཟིགས་བརྟགས་དཔྱད་དང་། ཆོས་གྲྭའི་རྩོད་པ་ཤིན་ཏུ་སྨར་བ་བྱུང་བས། དངོས་པོའི་སྟོབས་ཤུགས་ཀྱི་རིགས་པའི་རྒྱབ་རྫོང་ལས་སྟོན་པ་དང་བསྟན་པ་སྐྱོན་མེད་དུའཇོག་པའི་སྤོགས་པ་རང་སྟོབས་ཀྱིས་རྙེད་ཅིང་།འཇང་དགུན་ཆོས་སུའང་མཁས་མང་ཁྲི་ཕྲག་འདུ་བའི་སར་རྗེ་འདིའི་ལུང་རིགས་ཀྱི་རྣམ་དཔྱོད་གཞན་ལས་འཕགས་པར་གྲགས། དེ་བཞིན་ཕར་ཕྱིན་སྐབས་སུ་ཡང་། རྗེ་བཙུན་པའི་ཡིག་ཆའི་ཟུར་བཀོད་བཞི་དང་། སྤྱི་དོན་རོལ་མཚོའི་སྐབས་དང་པོ་སོགས་ཐུགས་འཛིན་གནང་བར་མ་ཟད། ཉིན་རེ་བཞིན་མངོན་རྟོགས་རྒྱན་རྩ་བ་འཆར་ཅན་དུ་སྐྱོར་ཏེ་འགྲེལ་ཆུང་དོན་གསལ་དང་སྦྲགས་ནས་ཞིབ་གཟིགས་མཛད་ཅིང།རྣམ་བཤད་སྙིང་པོ་རྒྱན། ལེགས་བཤད་གསེར་ཕྲེང་། རྟོགས་དཀའི་སྣང་བ་སོགས་རྗེ་ཡབ་སྲས་ཀྱི་གཞུང་ལ་སྦྱངས་བརྩོན་རྣལ་མའི་སྦྱོར་བ་ལྷུར་བཞེས་པས། འཕགས་སེང་གི་དགོངས་པ་སྤྱི་དང་། ཁྱད་པར་ཤེར་ཕྱིན་གྱི་མདོ་སྔེ་རིན་པོ་ཆེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དངོས་བརྒྱད་དོན་བདུན་ཅུར་དྲིལ་ནས་ཉམས་སུ་ལེན་ཚུལ་ལ་རྐང་ཚུགས་པའི་ངེས་ཤེས་འཁྲུངས། ཕར་ཕྱིན་གྱི་སྡོམ་ཚིག་མང་པོ་བློ་འཛིན་བྱས་པ་སོགས་སྐབས་འདི་ཤེད་ཅིག་ཏུ་བཀའ་པོད་ལྔའི་རྩ་བས་མཚོན་དབུས་པར་མདའ་ཚད་མ་ལྡེབ་གྲངས་བདུན་བརྒྱ་ལྷག་ཐུགས་ཐོག་ནས་ཤར་ཤར་སྐྱོར་ཐུབ་པ་བྱུང་། དབུ་མའི་འཆད་ཉན་གྱི་དུས་ལྷག་ཏུ་དཀའ་སྤྱད་སྡུག་རུས་བློ་ཡུལ་ལས་འདས་པ་མཛད་དེ་ལོ་ངོ་བཞིའི་རིང་དགུན་ཐོག་འཇང་དགུན་ཆོས་ལ་རེ་ཟུང་ཕེབས་པ་ལས་གཞན་དགོན་པའི་གླིང་གི་ཕྱི་རོལ་ཙམ་དུའང་མ་ཕེབས་པར་ཐོས་བསམ་ཁོ་ནས་ཉིན་མཚན་འདའ་བར་བྱས། དེ་ཡང་རྗེ་བཙུན་པའི་དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན་དང་། དྲང་ངེས་ལེགས་བཤད་སྙིང་པོ། དབུ་མ་འཇུག་པ་སོགས་ཐུགས་འཛིན་གནང་ཞིང་། རྩ་འཇུག་གི་རྣམ་བཤད་རྣམ་པ་་གཉིས་ཀྱི་མཛུབ་ཁྲིང་གསན་པའི་ཞར་ལ། འཕགས་བོད་ཀྱི་མཁས་པ་མཐའ་དག་གི་གཞུང་ལ་རིས་སུ་་མ་ཆད་པའི་སྦྱངས་བརྩོན་ཆུ་བོའི་རྒྱུན་ལྟར་མཛད་པས། རིགས་ཚོགས་དང་། འཇུག་པ་རྩ་འགྲེལ། རྗེ་ཙོང་ཁ་པ་ཆེན་པོའི་ལྟ་བའི་ལེགས་བཤད་ལྔ་ལ་སོགས་པའི་ཚིག་དོན་ཤིན་ཏུ་བྱང་བར་ཐུགས་སུ་ཆུད་ཅིང་། དབུ་མའི་ལྟ་བ་དེ་ཚིག་ཙམ་དུ་མ་སོང་བར་གོ་བ་བོགས་ཆོད་དུ་ལེན་ཐུབ་པ་བྱུང་བས་འཕགས་པ་ཡབ་སྲས་དང་རྗེ་ཙོང་ཁ་པ་ཆེན་པོའི་ལེགས་བཤད་ལ་ཤེས་ནས་མི་ཕྱེད་པའི་དད་གུས་ཟློག་མེད་འཁྲུངས་པ་དང་། ཉིན་རེ་བཞིན་མཁས་པའི་སྙན་གྲགས་ཆེས་ཆེར་འབར། དེ་ལྟར་ཞིབ་ནས་ཞིབ་ཏུ་དཔྱད་པས་ཐུབ་བསྟན་རིན་ཆེན་ཞུན་མའི་སྙིང་པོ། དཔལ་ལྡན་འཕགས་པ་ཀླུའི་བཞེད་དགོངས། རྒྱལ་བ་འཇམ་དཔལལྗེང་པོའི་རང་ལུགས། སྣང་སྟོང་འགལ་མེད་དབུ་མ་ཆེན་པོའི་ལྟ་བ་སྟེ། ཆོས་ཐམས་ཅད་མིང་གིས་ཕར་བཏགས་པ་ཙམ་ལས་རང་ངོས་ནས་གྲུབ་པ་རྡུལ་ཙམ་མེད་པ་ལ། རྟེན་འབྲེལ་བྱ་བྱེད་ཀྱི་རྣམ་བཞག་བསྙོན་མེད་དུ་འཇོག་ཚུལ་སྒྲ་སྤྱི་ཙམ་དུ་མ་སོང་བར་མྱོང་ཐོག་ནས་རྗེན་ཆར་དུ་གཟིགས། རྗེ་ཉིད་ཀྱིས་ཁེངས་སྐྱུངས་ཏེ་ནམ་རྒྱུན་ངས་ལྟ་བ་རྟོགས་མེད་ཅེས་གསུང་གི་ཡོད་ནའང་། རིགས་ནི་མཚན་མ་དག་ལས་ཤེས། །ཞེས་པ་ལྟར་གྱི་སྒྲུབ་བྱེད་ལ་བརྟེན་ནས། རྗེ་འདི་བས་ལྟ་བ་རྟོགས་ཡོད་ཚུལ་གྱི་སྐད་ཆ་གྲྭ་ས་སོ་སོ་ན་ཀུན་གྱིས་གླེང་བར་མཆིས། གངས་རིའི་མགོན་པོའི་རིགས་ཀྱི་ཅོད་པན་ཡོངས་འཛིན་གླིང་རིན་པོ་ཆེའི་ཞལ་སྔར་བསྙེན་པར་རྫོགས་ཤིང་།  འདུལ་བ་ལག་ལེན་གྱི་སྟེང་ནས་བསླབ་དགོས་པ་སོགས་བཀའ་གདམས་གོང་མའི་རྣམ་ཐར་བདག་གིར་མཛད་ངོས་སུ། འདུལ་བའི་གཞུང་གི་འཆད་ཉན་དང་འབྲེལ་ཏེ་ཡོ་བྱད་བྱིན་རླབས་རུང་ཆུ་འདེབས་པ་ཡན་གྱི་བཅས་མཚམས་ཕྲ་ཞིང་ཕྲ་བ་མིག་འབྲས་ལྟ་བུར་བསྲུངས། དེ་ལྟར་ཐོས་བསམ་གཙང་མའི་ལས་ཀྱིས་དུས་འདས་ནས་དགུང་ལོ་ཉེར་དགུ་རུ་སླེབས་དུས། ཞིང་འདིར་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོའི་རླུང་འཚུབ་ལྡིང་བ་སོགས་ཀྱིས་རྐྱེན་པས། རྒྱ་གར་དུ་ཕེབས་འདོད་ཀྱིས་སྐྱབས་རྗེ་ལྷ་བཙུན་རིན་པོ་ཆེ་ལ་ཐུགས་བརྟགས་ཞུས་ཚེ། གཞན་པའི་གསུང་ཅི་ཡང་མ་འབྱོན་པར། མ་འོངས་པ་ན་སེ་ར་དགོན་པ་སུས་བདག་པོ་རྒྱག་ཅེས་འབྱུང་འགྱུར་མངོན་གཟིགས་ཀྱི་ལུང་བསྩལ་བས། རྗེ་ཉིད་ནས་ཀྱང་རང་ཉིད་ཀྱི་མ་འོངས་པའི་འགྲོ་དོན་བོད་ཡུལ་དུ་ཡོད་པར་དགོངས་ནས་མ་ཕེབས་པར་བཞུགས། ང་དགུ་ལོ་ནས་བཟུང་ལོ་ཁ་ཤས་ལ་ངལ་རྩོལ་གྱི་ལས་སུ་ཞུགས་དགོས་བྱུང་ཞིང་། དུས་དེར་མི་བསྲུན་བརླང་སྤྱོད་པས་སྐུ་གསུང་ཐུགས་རྟེན་ལ་ཚབས་ཆེ་བའི་གཏོར་བརླག་བྱས་པའི་སྐབས་རྗེ་ཉིད་ཀྱིས་དཔེ་ཆ་པོད་བཞི་བརྒྱ་ལོངས་པ་ཙམ་ལྭ་བ་ཁང་ཚན་གྱི་ཁང་ཕུགས་ཤིག་ཏུ་བཅུགས་ཏེ། དཔལ་ལྡན་ལྷ་མོ་དང་འཕྲིན་ལས་ཀྱི་རྒྱལ་པོའི་ཞལ་ཐང་རེ་སྲུང་མར་བསྐོས་ཤིང་། དེའི་ཕྱི་རོལ་དུ་བརྩིག་པས་ཞལ་ཞལ་བཏང་ནས་ཉར་ཚགས་བྱས་པ་ཡང་སྐྱོན་མེད་འགོ་ཐོན་བྱུང་བ་དང་། ཞབས་ལ་རྨས་སྐྱོན་ཚབས་ཆེན་ཐེབས་པས་རུས་པ་ཡང་གས་ཆགས་སུ་སོང་བར་བརྟེན། ངལ་གསོ་བའི་གོ་སྐབས་རེ་ཤིག་ཐོབ་ཅིང་། རྗེས་ནས་དྲག་སྐྱེད་ཅུང་ཟད་བྱུང་ན་ཡང་དེ་ནས་བཟུང་ལོ་བཅུ་གཉིས་ལྷག་གི་རིང་ཚ་བ་ཁང་ཚན་གྱི་ཤག་ཆུང་ཆུང་ཞིག་གི་ནང་དུ་ཞབས་རྐང་ཞ་བོར་གྱུར་བའི་ཟོལ་གྱིས་གཏན་བཞུགས་གནང་བར་མ་ཟད། རྟོགས་བརྗོད་ལས། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།ཞེས་གསུངས་པ་བཞིན།སྐུ་ཚེ་སྟོད་དུ་འཕགས་བོད་ཀྱི་ཤིང་རྟ་ཆེན་པོ་དག་གི་ལེགས་བཤད་ལ་ཕྱོགས་སུ་མ་ལྷུང་བའི་ཐོས་བརྩོན་གྱིས་འཇུག་པ་རྒྱ་ཆེར་མཛད་པ་རྣམས་ཀྱི་དོན་ལ་ཞིབ་ཏུ་བསམ་ཞིང་དཔྱད་པ་ན། གདུལ་བྱའི་ཁམས་དང་མོས་པ་སྣ་ཚོགས་པའི་རྗེས་སུ་མཐུན་པར་བཀའ་བསྩལ་བའི་རྒྱལ་བའི་གསུ་་རབ་དགོངས་འགྲེལ་དང་བཅས་པ་མཐའ་དག་ཡིག་འབྲུ་ན་གཅིག་ཀྱང་མ་ལུས་པར་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་གོ་ཞིང་། གོ་བ་ལྟར་གྱི་དོན་རྩེ་གཅིག་ཏུ་ཉམས་སུ་བླངས་ཤིང་། དེ་ཡང་རྟོགས་བརྗོད་ལས། མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། ཅེས་ཇི་སྐད་གསུངས་པ་ལྟར།  སྲིད་པའི་རྩེ་མོ་ནས་མནར་མེད་ཀྱི་བར་གྱི་འཁོར་བའི་ཕུན་ཚོགས་མཐའ་དག་སྡུག་བསྔལ་བའི་རང་བཞིན་དུ་མཐོང་ནས་སྐྱོ་བ་ཤུགས་དྲག་པོ་སྐྱེས་ཤིང་། དེ་ཡང་རྒྱུའི་རྩ་བ་བདག་དང་བདག་གིར་འཛིན་པ་ལས་བྱུང་བར་ངེས་པས། ཆོས་དང་གང་ཟག་གི་བདག་མེད་པ་སྒོམ་པའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འགྲུས་པ་དང་། བདག་མེད་པ་ཙམ་སྒོམ་པས་འཁོར་བའི་སྡུག་བསྔལ་དང་བྲལ་བ་ཞིག་ཐོབ་ནའང་དེས་སེམས་ཅན་གྱི་དོན་རླབས་པོ་ཆེ་བསྒྲུབ་མི་ཐུབ་པར་དགོངས་ནས། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་དེ་ཕ་རོལ་དུ་ཕྱིན་པ་དྲུག་གིས་བསྡུས་པའི་བྱ་དཀའ་བ་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོར་རྟག་ཏུ་སློབ་པར་མཛད་ཅིང་། འདི་དུས་སུ་དངོས་དང་ཉམས་སྣང་ཅི་རིགས་ལ་ཉམས་རྟོགས་འཕེལ་བའི་བརྡ་དང་མཚན་མ་བྱུང་ཡོད་པ་གོར་མ་ཆག་ཀྱང་ཤིན་ཏུ་གསང་ནས་མི་གསུང་བར་འདུག ། ཞལ་སྒྲོས་སུ། ངས་དེ་དུས་སུ་བསྟན་པ་ཁོ་ན་ལ་དམིགས་ནས་པོ་ཏི་ལྔའི་རྩ་བ་ཉིན་རེར་ཆག་མེད་དུ་སྐྱོར་ཡོད། ཅེས་བྱུང་བ་ལས་ཀྱང་ཁོང་ནི་དུས་དང་བསྐལ་བ་ངན་པ་ཅི་འདྲ་ཞིག་གི་ཁོར་ཡུག་ནང་དུའང་དམ་པའི་རང་རྟགས་ལྷུན་ཆགས་སུ་མངའ་བའི་སེམས་དཔའ་ཆེན་པོ་ཞིག་ཡིན་པ་བསྙོན་མེང་དུ་གྲུབ། དེ་ནས་སྤྱི་བོ་༡༩༨༠སྟེ་རྗེ་ཉིད་དགུང་གྲངས་༥༠ཐོག་སླར་ཡང་བོད་ཀྱི་ཡུལ་གྲུ་ཁག་ཏུ་ཆོས་སྒོ་རིམ་གྱིས་ཕྱེས་པ་ན། རྟོགས་བརྗོད་ལས། ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས།ཞེས་གསུངས་པ་ལྟར། རྗེ་ཉིད་ནས་ངའི་ཚེ་གང་བོར་ཐོས་བསམ་སྒོམ་གསུམ་གྱི་ལས་སུ་གཞོལ་བ་དེ་བསྟན་པ་རྒྱས་པའི་ཆ་རྐྱེན་དུ་འགྱུར་དགོས་སྙམ་དུ་དགོངས་ཏེ། སྐལ་བ་དང་ལྡན་པའི་སློབ་ཚོགས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བས། ཐུབ་བསྟན་རིན་པོ་ཆེའི་མེ་རོ་སླར་ཡང་སོས་སོ་ཞེས་དཀར་ཕྱོགས་དགའ་བའི་རྒྱལ་རྔ་ཕྱོགས་ཀུན་ནས་བརྡུངས། དགུང་གྲངས་རེ་གཅིག་སྟེང་རྒྱ་གར་དུ་གནས་སྐོར་ལ་བྱོན་ཅིང་། འཕགས་མཆོག་ཕྱག་ན་པདྨོའི་མདུན་ནས་དབང་ཁྲིད་ཟབ་ཆོས་ཀྱི་བདུད་རྩི་རྒྱ་ཆེན་མནོས། སྤྱི་ལོ༡༩༩༢སྟེ་རྗེ་ཉིད་དགུང་གྲངས་རེ་གཉིས་སུ་ཕེབས་པའི་ལོར། ཁོང་ནས་འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་པར་བཀའ་མོལ་གནང་ནས་ཆོག་མཆན་ཐོབ་སྟེ། སེ་ར་དགོན་པར་ཐེངས་དང་པོར་སེ་འབྲས་དགའ་གསུམ་གྱི་མཁས་མང་འཛོམས་ནས། མི་ལོ་སུམ་ཅུ་ལྷག་གི་དུས་ཚོད་རིང་རྒྱུན་ཆད་པའི་འཇང་དགུན་ཆོས་ཆེན་མོ་བསྐྱར་གསོ་གནང་ཞིང་། ད་ལྟའི་བར་མཁས་མང་སྟོང་ཕྲག་གི་འབེལ་གཏམ་གྱི་ཕྲེང་བ་བསྟན་པའི་རྒྱན་དུ་སྒྲོགས་པ་ནི་རྗེ་ཉིད་ཀྱི་བཀའ་དྲིན་ཁོ་ན་ཡིན་ལ། དེ་བཞིན་སྔ་རྗེས་སུ་བུ་སློབ་མང་པོའི་རེ་འདུན་ལྟར་ཨ་མ་དོའི་ཡུལ་གྲུ་ཁག་ཏུའང་ཞབས་ཀྱིས་བཅགས་ཏེ། རོང་པོའི་དགོན་ཆེན་དང་། གཙང་ར་རྒྱ་གསུམ་པོར་འཇང་དགུན་ཆོས་ཚུགས་པ་དང་། ཁོང་གི་ཞལ་བཀོད་ལྟར་རྫ་ཆུའི་དགོན་སྡེ་མང་པོར་ཡང་ལྷན་དུ་འཇང་དགུན་ཆོས་ཆེན་མོ་གསར་འཛུགས་མཛད་པ་སོགས་རྒྱལ་བསྟན་མི་ནུབ་པའི་རྒྱལ་མཚན་འཛམ་གླིང་གི་རྒྱན་དུ་བཏེགས། ད་ལྟ་ཡང་འཇམ་མགོན་བསྟན་པའི་གསལ་བྱེད་རིན་པོ་ཆེ་གང་གི་སྐུའི་དཀྱིལ་འཁོར་དགེ་བར་འཚོ་ངོས་སུ། མདོ་སྔགས་གསུང་རབ་རྒྱ་མཚོའི་ཆོས་ཆར་ཕྱོགས་ནས་ཕྱོགས་སུ་གཏོར་བཞིན་པའི་ཚུལ་འདི་ག་ལགས་ཤིང་། ད་དུ་་ཇི་སྲིད་བསྐལ་བ་བྱེ་བའི་བར་ཞབས་ཟུང་བཀྲ་ཤིས་ཀྱི་རི་མོ་གཡོ་མེད་རྡོ་རྗེའི་ཁམས་སུ་བརྟན་ཅིང་། བསྟན་པ་དང་འགྲོ་བ་ལ་སྨན་པའི་འཕྲིན་ལས་ཀྱི་འཁོར་ལོས་ཡངས་པའི་འཇིག་རྟེན་གྱི་ཁྱོན་ཀུན་ཁྱབ་པའི་སྨོན་ལམ་གསོལ་འདེབས་དྲི་མ་མེད་པའི་མཚམས་སྦྱར་བཅས། གང་གི་བཀའ་འབངས་ཐ་ཤལ་བ་དབོན་པོའི་དགྲ་ལྷ་དང་སྒོ་ཤེས་རབ་རྒྱ་མཚོ་གཉིས་ཀྱིས་གུས་པ་ཆེན་པོས་བྲིས་པ་དགེའོ། །
·གསར་འགྱུར་གོང་མ:ཨོ་བྷ་མའི་སློབ་ཚུགས་མཛད་སྒོའི་ཐོག་གནང་བའི་གཏམ་བཤད།
·གསར་འགྱུར་འོག་མ:༼ཤར་དུང་རིའི་༽ལེགས་རྩོམ་ཕྱོགས་བསྒྲིགས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 3:48:34 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:44:52 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 8:43:16 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS