ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
  གསར་འགྱུར་ཀློག་པ།

ཕ་མའི་དྲིན་ལན་འཇལ་བའི་དུས་ཆེན།

[རྩོམ་པ་པོ:རྒྱ་གྲོལ།  ཡོང་ཁུངས:བོད་གསང་སྔཊ་རིག་གནས།  དུས་ཚོད:2013/11/23 22:35:02  བཀླགས་ཐེངས:2302][ཡིག་གཟུགས:ཡིག་གཟུགས་མདོག]
བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ནི་དྲིན་ཆེན་ཕ་མར་དྲིན་ལན་
འཇལ་བའི་དུས་ཆེན་ཡིན།
 
   ལོ་ལྟར་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་དགུ་པ་ལྷ་བབས་དུས་ཆེན་ཞེས་སྔོན་སྟོན་པ་ཤཱཀྱ་ཐུབ་པའི་ཡུམ་སྒྱུ་འཕྲུལ་མ་ལྷ་ཡུལ་དུ་སྐྱེ་བ་བཞེས་པར་ཆོས་གསུང་ཕྱིར་སྟོན་པ་ལྷ་གནས་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་ལྷ་རྣམས་ལ་ཆོས་གསུངས་ཤིང་དབྱར་ཞལ་བཞེས་ཀྱིས་བཞུགས་པར་རྒྱལ་པོ་གསལ་རྒྱལ་སྟོན་པ་དྲན་དྲག་ནས་མོའུ་འགལ་གྱི་བུ་རྒྱུད་སྟོན་པ་མི་ཡུལ་དུ་བྱོན་པར་གསོལ་བ་ན་སྟོན་པ་ལྷ་མི་འཁོར་དང་བཅས་ཏེ་རྫུ་འཕྲུལ་གྱི་སྐས་འཛེག་ལ་བརྟེན་ནས་འཕཌ་ཡུལ་གསལ་ལྡན་དུ་བབས་པར་མཛད་པའི་དུས་ཆེན་ཡིན་པས་བོད་ཟླ་དགུ་པའི་ཚེས་ཤར་ནས་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་ཆེ་ཆུང་སོཌ་ལ་སྐུ་དཀར་སྒྲོན་རྗེས་གྲོང་ཁུལ་གྱི་ཁང་པ་སོ་སོར་ཡང་ས་དཀར་བཏང་ནས་ནག་རྩི་ཕྱིས་པ་སོཌ་ཚེས་ཉེར་གཉིས་གོང་ཚར་བ་བྱས་ཐོག་དེ་ཉིན་བོད་མི་ཚོས་གཙུག་ལག་ཁང་རྣམས་སུ་ཕྱག་མཆོད་དང་དགེ་འདུན་ལ་བསྙེན་བཀུར་ངན་སློང་ལ་སྦྱིན་གཏོང་སོཌ་བྱེད་ཀྱི་ཡོད།༼༤ གོང་གསལ་ཟླ་བ་དགུ་པའི་ཚེས་༢༢ལྷ་བབས་དུས་ཆེན་དང་། ༡ ཟླ་བ་དང་པོ་ཆོས་འཕྲུལ་དུས་ཆེན། ༢བཞི་པ་ས་ག་ཟླ་བ་༣ དྲུག་པའི་་ཚེས་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན་བཅས་ལ་སྟོན་པའི་དུས་ཆེན་རྣམ་བཞི་ཞེས་ཡོངས་སུ་གྲགས་པ་དེའི་རིང་རྣམ་དཀར་དགེ་བའི་ལས་ལ་བླ་ལྷག་ཏུ་བརྩོན་དགོས་པ་དང་། དགེ་བ་གང་བྱས་འགྱུར་སྐྱེད་བརྒྱ་འགྱུར་འབུམ་འགྱུར་གྱིས་ཆེ་བར་འདོད་ཀྱི་ཡོད། ༽
   ཚང་མས་ཤེས་གསལ་ལྟར་བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན་དེ་ནང་པ་བའི་དུས་ཆེན་གལ་ཆེན་ཞིག་ཡིན་པ་སྟེ། འདི་ལ་དོན་སྙིང་ག་འདྲ་ཡོད་དམ་ཞེ་ན་དེའི་དྲིས་ལན་ནི་དྲེན་ཆེན་ཕ་མ་ཞེས་པའི་རླབས་ཆེ་བའི་མི་སྣ་འདི་དང་དམ་པོར་འབྲེལ་ནས་ཡོད།
    ཉིན་མོ་འདིར་བདག་ཅག་གི་སྟོན་པ་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་རང་གི་དྲིན་ཆེན་མ་ལོར་དྲིན་གཟོ་བའི་ཕྱིར་ཆོས་གསུངས་ནས་ཕྱིར་མི་ཡུལ་དུ་ཕེབས་པའི་ཉིན་མོ་རེད། ཉིན་མོ་འདིར་བདག་ཅག་གི་སྟོན་པས་མི་ཚེ་འདིར་ཆེས་གལ་ཆེན་པོའི་ལས་དོན་རླབས་ཆེན་ཞིག་བསྒྲུབས་པ་སྟེ།  ནམ་མཁའི་མཐའ་དང་མཉམ་པའི་མར་གྱུར་འགྲོ་བ་ཐམས་ཅད་དང་། ཡང་སྒོས་སུ་རང་གི་དྲིན་ཆེན་ཕ་མ་ལ་ཆོས་ཀྱི་དྲིན་ལན་འཇལ་ནས་གྲུབ་པའི་ཉིན་མོ་རེད།
    མི་ཞིག་ཡིན་ན་དྲིན་ཆེན་ཕ་མར་དྲིན་ལན་འཇལ་བ་མི་ཚེ་འདིར་ཆེས་གལ་ཆེ་བའི་དོན་ཆེན་ཞིག་ཡིན་པ་མི་ཤེས་པ་ག་ལ་སྲིད། གལ་ཏེ། དྲིན་ཆེན་ཨ་མར་དྲིན་ལན་འཇལ་མི་ཤེས་ན་དེ་ནི་དུད་འགྲོ་ཞིག་ལའང་མི་དོ་བའི་གླེན་པ་ཁ་ནག་ཅིག་ཡིན་ངེས།  དྲིན་ཆེན་ཕ་མར་བརྩི་བཀུར་མི་ཤེས་ན་དེ་ཁྱི་ལས་ཀྱང་ལོད་པའི་ཀླད་མེད་མགོ་སྟོང་ཞིག་ཡིན་ངེས།  རེད་དེ། ཕ་མ་རླབས་ཆེ་བའི་དབང་གིས་དུས་ཆེན་འདི་གཞན་དང་མི་འདྲ་བའི་དོན་སྙིང་ལྡན་པར་གྱུར་ཅིང༌། དྲིན་ཆེན་ཕ་མའི་དྲིན་ལན་འཇལ་བའི་ཆེད་དུ་ང་ཚོས་ནམ་ཡིན་རུང་དྲིན་ཆེན་ཕ་མའི་དུས་ཆེན་འདི་བརྗེད་མི་རུང་བ་ཡིན།  དོན་ངོ་མར་བཤད་ན་ཁྱོད་ཀྱིས་དྲིན་ཆེན་ཕ་མའི་དྲིན་ལན་ཡང་དག་པ་ཞིག་འཇལ་ན་ཁྱོད་ལ་ཡང་དྲིན་ལན་འཇལ་བའི་བུ་ཕྲུག་བཟང་བོ་ཞིག་འབྱུང་ངེས་ཡིན་པ་རྒྱུ་འབྲས་མི་བསླུ་བའི་གནས་ལུགས་སུ་གྲུབ་ཡོད།  དེའི་ཐོག་ནས་བཤད་ན་ཁྱོད་ནི་ཕ་མ་བཟང་བོ་ཞིག་ཡིན་ལ་བུ་ཕྲུག་བཟང་བོ་ཞིག་ཀྱང་ཡིན།
  ཆེས་དོན་སྙིང་ལྡན་པ་ནི་༢༠༠༦ལོའི༤ཚེས་༢༢ཉིན་མཚོ་སྔོན་ནང་བསྟན་རིག་གནས་ཞབས་ཞུ་ཚོགས་པ་དང༌།  ཟི་ལིང་མི་ཉག་སྐྱེ་ཁམས་དང་རིག་གནས་དར་སྤེལ་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་བྱས་ཏེ་ཉིན་མོ་འདིར་དྲིན་ཆེན་ཕ་མའི་དྲིན་ལན་འཇལ་བའི་བྱ་འགུལ་སྤེལ་ཅིང༌། མཚོ་སྔོན་བོད་རིག་ཞིབ་འཇུག་ཚོགས་པ་དང༌། མཚོ་སྔོན་ནང་བསྟན་རིག་གནས་སྒྱུ་རྩལ་ཞབས་ཞུ་ཚོགས་པ་གཉིས་ཀྱིས་ཞུ་ཡིག་ཕུལ་བ་བཞིན་མཚོ་སྔོན་མི་རིགས་ལས་དོན་ཁང་གིས་ཉིན་མོ་འདི་དྲིན་ཆེན་ཕ་མའི་དྲིན་ལན་འཇལ་བའི་ཉིན་མོ་རུ་གཏན་འཁེལ་བྱས་ཤིང་།  ཆོག་མཆན་ཡིག་ཆ་དེའི་ནང་ཆོས་ལུགས་ཀྱི་དུས་ཆེན་དེ་བོད་ཀྱི་དམངས་ཁྲོད་ཀྱི་དུས་ཆེན་དུ་གྱུར་ཅེས་བཤད་པ་ལྟར་དུས་ཆེན་འདི་ལ་ཆོས་ལུགས་ཀྱི་བཅུད་འདུས་ཤིང༌། དུས་བབ་མི་ཆོས་ཀྱི་དགེ་མཚན་རབ་ཏུ་འབར་ཡོད་པས། ཨ་མའི་ཁོག་ནས་སྐྱེས་པའི་མི་བུ་ཞིག་དང་དྲིན་ཆེན་ཕ་མ་ལ་གཅེས་པའི་མི་ཞིག་ཡིན་ན་དུས་ཆེན་འདིའི་རིན་ཐང་ཤེས་པའི་ཐོག་ནས་བརྩི་བསྲུང་དང་དར་སྤཻལ་གཏོང་རྒྱུ་གལ་འགངས་ཤིན་ཏུ་ཆེའོ།  
   ཉིན་མོ་འདིར། ཡ་རབ་ཀྱི་བུ་ཕྲུག་ཚོས་དྲིན་ཆེན་ཕ་མའི་སེམས་པ་དྲོ་བར་བྱེད་པའི་བྱ་འགུལ་མང་བོ་སྤེལ་བ་དང༌།  བྱེས་སུ་ཡོད་པ་དག་གིས་ཀྱང་དྲིན་ཆེན་ཕ་མ་ལ་ཆེད་དུ་མཇལ་བར་ཡོང་བའམ་འཚམས་འདྲིའི་ལེགས་སྐྱེས་བསྐུར་བ།  ལོ་ལོན་ཉམ་ཆུང་བདག་མེད་དག་ལ་འཚམས་འདྲི་དང་རོགས་རམ་བྱེད་པ།  དྲིན་ཆེན་ཕ་མའི་ཆེད་དུ་སྡིག་སྤོང་དགེ་སྒྲུབ་བྱེད་པ། དྲིན་ཆེན་ཕ་མར་དྲིན་ལན་འཇལ་བའི་ཆེད་དུ་ཕ་མར་གཅེས་སྐྱོང་དང་བརྩི་བཀུར་བྱེད་པའི་སྲོལ་བཟང་དར་སྤེལ་གཏོང་བ།  བྱིས་པ་དག་ལ་ཕ་མའི་དྲིན་ལན་འཇལ་བའི་སློབ་གསོ་གཏོང་བ་བཅས་བྱས་ན་ད་གཟོད་ཕ་མ་བཟང་པོར་སྐྱེས་པའི་བུ་ཕྲུག་བཟང་བོ་ཞིག་ཏུ་གྱུར་པ་མ་ཡིན་ནམ།
      འདི་ལོའི་དྲིན་ཆེན་ཕ་མར་དྲིན་ལན་འཇལ་བའི་ཉིན་མོ་སྟེ་ལྷ་བབས་དུས་ཆེན་ནི་སང་ཉིན་གཟའ་ཉི་མ་བོད་ཟླ་དགུ་བའི་ཚེས་ཉེར་གཉིས།སྤྱི་ཟླ ༡༢ པའི་ཚེས་༢༤ ལ་འཁེལ་འདུག )
གཤམ་ལ་༼འཕགས་པ་ཕ་མའི་དྲིན་ལན་གསོབ་དཀའ་ཞེས་བྱ་བའི་མདོ་དེ་ཆེད་མངགས་ལྷ་བབས་དུས་ཆེན་ལ་ལེགས་སྐྱེས་སུ་བཏེགས་པ་ཡིན།   http://www.tibetcy.com/shownews.asp?news_id=389
 
 
·གསར་འགྱུར་གོང་མ:བོད་ཀྱི་དམངས་ཁྲོད་རོལ་དབྱངས་མཛོད་འཚོལ་བསྡུ་ལེགས་བསྒྲིགས་བྱས་ཚར།
·གསར་འགྱུར་འོག་མ:སྐབས་དྲུག་པའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་གསལ་བསྒྲགས་བྱས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:bnirsokenm
iUEd89  <a href="http://pdllglhknufz.com/">pdllglhknufz</a>, [url=http://icuknlaqjhii.com/]icuknlaqjhii[/url], [link=http://tkgvlbhopyux.com/]tkgvlbhopyux[/link], http://bnjlsczhpybi.com/
发表时间:2017/2/21 10:39:08 [来自: 5.188.211.14]

 评论者:ntsgsixqtrg
U5wXJx  <a href="http://ndpswtadmsob.com/">ndpswtadmsob</a>, [url=http://pyuoulufrdod.com/]pyuoulufrdod[/url], [link=http://rldlpanjrbou.com/]rldlpanjrbou[/link], http://ntripwvvotwt.com/
发表时间:2017/2/21 10:32:55 [来自: 5.188.211.11]

 评论者:rizvolwi
RyUhWQ  <a href="http://ijlsajavffvw.com/">ijlsajavffvw</a>, [url=http://bcwowvuminef.com/]bcwowvuminef[/url], [link=http://hryvjifheiwz.com/]hryvjifheiwz[/link], http://zqnvvburujdc.com/
发表时间:2017/2/21 10:28:39 [来自: 5.188.211.13]

འབྲེལ་ཡོད་དཔྱད་བརྗོད 29 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS