ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

དགའ་ལྡན་ལྔ་མཆོད་ཀྱི་ལེགས་སྐྱེས།

[རྩོམ་པ་པོ:འཕྲིན་ལས་དར་རྒྱས།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/12/26 16:34:34  བཀླགས་ཐེངས:893][ཡིག་གཟུགས:ཡིག་གཟུགས་མདོག]
དགའ་ལྡན་ལྔ་མཆོད་ཀྱི་ལེགས་སྐྱེས།

ཟུང་ལྡན་གྱི་ལམ་ནས་རྗེ་བླ་མ་ལ་གསོལ་བ་འདེབས་པ།

འཕྲིན་ལས་དར་རྒྱས།

༄༅།།ཟབ་ཟབ་མྱུར་མྱུར་ཁ་ཕོ་མི་སྒྲོག་ཅིང་།།
ཆུང་ཆུང་གདམས་ངག་སྡུག་བཙིར་མ་ཡིན་པར།།
རྡོག་རྡོག་མདོ་སྔགས་ལམ་གྱི་རིམ་པ་ཀུན།།
ཡང་ཡང་གསལ་བར་འཆད་མཛད་རྗེ་བླ་མ།།

དུང་དུང་མོས་པའི་ཡིད་ཀྱིས་ཁྱོད་ཉིད་ལ།།
ལྷང་ལྷང་གསོལ་བ་འདེབས་པར་རབ་དགོངས་ནས།།
ལྷུག་ལྷུག་ལེགས་བཤད་འདོམས་པའི་དགྱེས་འཛུམ་ཞལ།།
མྱུར་མྱུར་བདག་གི་མངོན་སུམ་ཡུལ་དུ་མཛོད།།

འགྲིག་འགྲིག་ཚིག་གི་པི་ཝང་བཀྲོལ་མཁས་ཀྱང་།།
ཏན་ཏན་ཏིག་ཏིག་མེད་པ་དེང་གི་དུས།།
ཕྱི་ཕྱིར་ཁྱོད་ཉིད་དྲན་པས་གསོལ་འདེབས་ན།།
ཡང་ཡང་ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ།།

གསལ་གསལ་བློ་ཡང་མ་རིག་མུན་པས་བསྒྲིབས།།
རང་རང་གཅེས་འཛིན་ཐག་པས་དམ་དུ་བཅིངས།།
འཁྱོག་འཁྱོག་གོམ་འགྲོས་གང་བྱུང་གནས་སུ་སྤོ།།
ཞུམ་ཞུམ་སེམས་འཕང་དམའ་ལ་ཐུགས་རྗེས་གཟིགས།།

སྐྱིད་སྐྱིད་འཁོར་བའི་ཕུན་ཚོགས་ཅིར་སྣང་ཡང་།།
ལྷང་ལྷང་སྐྱོ་ཤས་རྐྱེན་དུ་གྱུར་པ་ལས།།
ཏིག་ཏིག་སྙིང་པོར་འཛིན་པའི་བློ་སྤངས་ནས།།
ཏན་ཏན་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས།།

གང་གང་རྐྱེན་ལ་རག་ལས་ཆོས་རྣམས་ཀུན།།
བདེན་བདེན་འདྲ་ཡང་བརྫུན་པར་ཤེས་པ་དང་།།
སོ་སོ་རང་གིས་སེམས་ཅན་འདྲེན་འདོད་བློ།།
ཤུགས་ཤུགས་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།

སྐྱེ་ཞིང་སྐྱེ་བར་མགོན་པོ་ཁྱོད་ཉིད་ཀྱི།།
ལེགས་གསུང་ལེགས་པར་འཛིན་ཅིང་སྤེལ་བ་དང་།།
འཁོར་བའི་འཁོར་ལོར་བཅིངས་པའི་འགྲོ་བ་ཀུན།།
རྟེན་འབྱུང་སྟོང་པའི་གཏམ་གྱིས་དབུགས་འབྱིན་ཤོག།
ཅེས་རྗེ་བླ་མ་ལ་གསོལ་བ་འདེབས་པ་འདི་ཡང་༢༠༢༣ལོའི་དགའ་ལྡན་ལྔ་མཆོད་ལ་ཉེ་བའི་དུས་སུ་བྲིས།
·གསར་འགྱུར་གོང་མ:འཛམ་གླིང་གྲགས་ཅན་སློབ་ཆེན་ཁག་གི་གདམས་ཚིག
·གསར་འགྱུར་འོག་མ:རེ་རྐང་གླིང་ལ་རྩོམ་རིག་སྐར་ཆེན་ཞེས་པའི་བྱ་དགའ་ཐོབ་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·གདུང་སྲས་འཇིགས་མེད་ཕྲིན་ལས་ནོར་བུའི་མྱུར་བྱོན་གསོལ་འདེབས། 2012/1/4 9:30:47
·སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་བཞུགས། 2010/7/6 8:37:51
·རྣམ་ཤེས་གཉོམ་པོ་དག་ལ་གསོལ་འདེབས། 2010/4/17 9:17:34
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 21:49:33 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 22:52:54 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 22:52:33 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.97MS