ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

ས་པཎ་གྱི་བཀའ་དྲིན་རྗེས་སུ་དྲན་པ།

[རྩོམ་པ་པོ:འཕྲིན་ལས་དར་རྒྱས།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2014/1/14 13:16:20  བཀླགས་ཐེངས:1453][ཡིག་གཟུགས:ཡིག་གཟུགས་མདོག]

ས་པཎ་གྱི་བཀའ་དྲིན་རྗེས་སུ་དྲན་པ།

༄༅།།ཨེ་མ་འཇམ་མགོན་ས་སྐྱ་པཎ་ཆེན་ཞེས།
ད་ལྟའི་དུས་ནའང་བསྔགས་པ་བརྗོད་མཁན་མང་།
མཁས་བླུན་བརྟག་པའི་༼ལེགས་བཤད་རིན་ཆེན་གཏེར།༽
བོད་མིའི་ངག་སྐྱོར་ད་དུང་རྒྱུན་མི་ཆད།།

ཁྱོད་ནི་མཁྱེན་རབ་གཞན་དང་མི་མཉམ་ཡང་།
དགེ་བའི་བཤེས་གཉེན་ཚུལ་བཞིན་མཉེས་པར་མཛད།
རིག་པའི་གནས་ལ་བརྩོན་པ་མི་གཡེལ་བས།
རིག་གཞུང་རྒྱ་མཚོའི་ཕ་རོལ་བདེ་བར་སོང་།།

འཇིག་རྟེན་བྱ་བ་ལེགས་པར་འགྲུབ་པ་ཡང་།
དམ་པའི་ཆོས་ཀྱི་ཚུལ་ལུགས་གལ་ཆེ་བར།
དགོངས་ནས་ལེགས་བཤད་འབྱུང་གནས་རིན་ཆེན་གཏེར།
བོད་མིའི་བློ་སྒོ་འབྱེད་པའི་མིག་ཏུ་བསྩལ།།

དྲི་ཞིམ་མེ་ཏོག་རང་ལ་ཡོད་གྱུར་པས།
བུང་བ་ངང་གིས་འདུ་བ་ཆོས་ཉིད་ཡིན།
སྐལ་ལྡན་གདུལ་བྱ་ཀུན་ཏུ་དགེ་བའི་ཕྱིར།
༼ཐུབ་པའི་དགོངས་པ་རབ་ཏུ་གསལ་བར་༽སྦྱོར།།

ཆོས་ཀྱི་སྙིང་པོ་ལེགས་པར་གཞུང་འཛུགས་ཅིང་།
ཆོས་མིན་བཟློག་པའི་ལེགས་བཤད་ཕུལ་བྱུང་བ།
ཆོས་ཀྱི་གྲགས་པའི་སྡེ་བདུན་རིགས་པའི་གཞུང་།
ཆོས་བཞིན་མཁྱེན་ནས་༼རིགས་པའི་གཏེར་༽དུ་བསྒྲུབས།།

ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་ཡང་།
ལོག་རྟོག་ནད་ཀྱིས་མནར་བ་མ་བཟོད་ནས།
༼སྡོམ་གསུམ་རབ་དབྱེ་༽ལ་སོགས་སྐབས་མང་པོར།
རྒྱལ་བསྟན་གསོ་བའི་སྨན་སྦྱོར་ནན་ཏན་མཛད།།

འཆད་རྩོད་རྩོམ་པའི་བྱ་བ་མེད་གྱུར་ན།
རྒྱལ་བའི་བསྟན་པ་གང་གིས་ཇི་ལྟར་འཛིན།
དེ་ཕྱིར་༼མཁས་རྣམས་འཇུག་པའི་སྒོ་༽མོའི་ནང་།
མྱོང་བའི་འཆད་རྩོད་རྩོམ་ཚུལ་གསལ་བར་བསྟན།།

སྨྲ་བ་ངན་པ་འཇོམས་པའི་མཐུ་ལྡན་པས།
འཕྲོག་བྱེད་དགའ་བོའི་རལ་པ་ས་ལ་བསྙིལ།
བོད་ཁམས་བདེ་ཆེད་དཀའ་སྤྱད་འཁུར་བཟོད་པས།
སྐུ་ཚེ་སྨིན་ཡང་སོག་པོའི་དབུ་བླར་བྱོན།།

མིང་དང་དོན་མཚུངས་ས་སྐྱ་པཎྜི་ཏ།
ཁྱོད་དང་ཁྱོད་འདྲའི་མཁས་པའི་དྲིན་ལས་ནི།
གངས་རིའི་ཁྲོད་ཀྱི་རྒྱལ་བའི་བསྟན་པ་ཞེས།
སྙན་པའི་གྲགས་པ་ད་དུང་ཆེས་ཆེར་འབར།།
ཞེས་རང་གིས་མཐོང་ཚོད་ཀྱི་འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏའི་བཀའ་དྲིན་རྗེས་དྲན་གྱི་གཏམ་འདི་ཡང་ཁོང་གི་དགོངས་རྫོགས་དུས་མཆོད་ཉིན་མོར་བྲིས།།

·གསར་འགྱུར་གོང་མ:ས་སྐྱ་པཎ་ཊི་ཏའི་དགོངས་རྫོགས་དུས་མཆོད།
·གསར་འགྱུར་འོག་མ:ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་ཀྱི་རྗེས་དྲན།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:23:58 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:37:31 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 1:26:55 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS