ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
གསར་འགྱུར་ཀློག་པ།

མཛུབ་རིས་བརྟག་ཐབས་ཀྱི་རིག་པ་ཞིག།

[རྩོམ་པ་པོ:ངེས་མེད།  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/1/24 10:25:58  བཀླགས་ཐེངས:2042][ཡིག་གཟུགས:ཡིག་གཟུགས་མདོག]
མཛུབ་རིས་བརྟག་ཐབས་ཀྱི་རིག་པ།

མཛུབ་རིས་རིག་པ་འདི་ནི་འཇར་པན་གྱི་དཔེ་དེབ་ཞིག་གི་ངོ་ནས་ཚུར་སྒྱུར་བ་ཞིག་ཡིན། དཔེ་དེབ་དེའི་ནང་དུ་གསལ་བཤད་བྱས་པ་ལྟར་ན། འཇར་པན་ཉེན་རྟོགས་ཇུའི་ཞིབ་དཔྱོད་རུ་ཁག་གིས་མིའི་མཛུབ་རིས་ལ་ལྟོས་ནས་ཉེས་གཞི་རྩད་གཅོད་བྱེད་པའི་མཚན་རིག་གི་ལག་ལེན་བྱེད་བཞིན་པའི་དཔྱོད་དེབ་ཏུ་བྲིས་པ་ཞིག་ཡིན། མིའི་ལག་པའི་མཛུབ་རིས་ལ་ལྟོས་ན་མི་དེའི་བྱ་སྤྱོད་དང་ནུས་པ་ཡོད་མེད། མི་ཇི་འདྲ་ཞིག་ཡིན་པ་སོགས་གསལ་བོ་ཤེས་ཐུབ་པའི་མི་བརྒྱ་ཆའི་༼༡༠༠ནས༨༠ལ༽འཕྱུག་ནོར་མེད་པར་ཡང་དག་པར་ཤེས་ཐུབ།༼གསལ་བར་བཤད་པ་ཞིག་ལ༽ཕོའི་ལག་པ་གཡོན་དང་མོའི་ལག་པ་གཡས་ཀྱི་མཐེབ་ཆེན་ནས་འགོ་བཟུང་སྟེ་རྩི་དགོས་སོ།།
རྟགས་འདིའི་༼@༽མིང་ལ་བྲག་ཟེར་ཞིང་།རྟགས་འདི་ཅན་ལ༼o༽མཚོ་ཟེར་རོ། མཛུབ་རིས་ཀྱི་གསལ་བྱེད་རྫོགས་སོ།།
༼1@@@@@༽མི་འདིའི་རིགས་མི་ཚུལ་དང་ལྡན་པ་ནུས་པ་ཆེ་བ།མི་གཤིས་ལྷོད་ཆགས་སུ་གནས་པ།དྲང་མོ་ཡིན་པ།སེམས་སུ་འདྲ་མི་འདྲ་ཤར་རྒྱུ་མང་བ།འོན་ཀྱང་རྒྱུད་འབྲས་བརྩི་ཐུབ་པ་ཞིག་ཡིན་ནོ།།
2༼@@@@o༽མི་འདིའི་རིགས་ནུས་པ་ཆེ་ཞིང་།སེམས་སུ་དྲན་རྒྱུ་མང་བ། གྲུམ་པོ་རིགས་འདི་ལྟ་བུས་མི་གཞན་ལ་མགོ་གཡོག་སླ། མི་འདི་ཅན་གྱི་མང་ཆེ་བ་ནད་པ་ཡིན།  ཁྲིམས་ཆད་མགོ་ལ་ཡོང་སླའོ།།
༼3@@@oo༽མི་འདིའི་རིགས་ཀྱིས་ཁ་ཡག་བཤད་ཤེས་པ། མཛའ་བརྩེ་ཆེ་བ།སྔོན་དུ་བཟང་ཡང་རྗེས་སུ་དོན་ངན་རེ་འབྱུང་སྲིད། མཉམ་མ་བཞག་ན་ཆག་སྒོ་ཡང་འབྱུང་སླའོ།།
༼4@@ooo༽མི་འདིའི་རིགས་མཛའ་བརྩེ་ཆེ་ཞིང་བློ་དང་བཀོད་པ་ཡོད་པ། ཡར་མར་འགྲོ་ཐུབ་པ།ནུས་ཤུགས་ཆེ་ཡང་འོན་ཀྱང་བྱ་བ་མི་བཟང་བ་འགོ་ལ་མ་འོང་བའི་སྔོན་ལ་བསམ་བློ་གཏོང་མི་ཤེས་པ་ཞིག་ཡིན་ནོ།།
༼5@oooo༽མི་འདིའི་རིགས་ཀྱིས་བཤད་ཐུབ་པ་དང་སྒྲུབ་ཐུབ་པ།སེམས་བཟང་བོ་ཞིག་ཡིན་ཞིང་བརྟན་པོ་ཞིག་ཀྱང་ཡིན། རང་གཅིག་བུ་མཐོ་ན་དགའ་བ།འོན་ཀྱང་བར་ཆད་ཤིན་ཏུ་ཆེའོ།།
༼6ooooo༽མི་འདིའི་རིགས་བསམ་པ་བཟང་ཞིང་བྱ་བ་བསྒྲུབ་ན་ནན་ཏན་ཡིན་པ། མགོ་འཁྲིད་ཀྱི་ནུས་པ་ཡོད་པ།མི་གཞན་གྱི་བསམ་འཆར་ལ་མི་ཉན་པ།རང་ཤེད་ཀྱིས་ཐག་གཅོད་བྱེད་པ་ཞིག་ཡིན་ནོ།།
༼7oooo@༽འདིའི་རིགས་མི་བརྟན་པོ་ཞིག་དང་འདོད་བློ་ཅན། ཚེ་སྟོད་དུ་འཚོ་བར་དཀའ་ལས་རྒྱག་པ།དཀའ་ལས་ལ་ཐུགས་ཀྱང་མི་སྐྲག་པ་དང་ཚེ་སྨད་ལ་བདེ་ཞིང་སྐྱིད་པ་ཡིན་ནོ།།
༼8ooo@@༽མི་འདིའི་རིགས་ལ་དད་སེམས་ཆེ་ཞིང་།ཕྱིའི་ཚུལ་ལ་ལྟོས་ན་ནུས་པ་ཆུང། བྱ་བ་སྒྲུབ་ན་མགོ་མཇུག་མེད་པ་ཞིག་ཡིན་ནོ།།
༼9oo@@@༽མི་འདིའི་རིགས་ཀྱིས་ཡོན་ཏན་ལ་སྦྱང་འདོད་ཆེ་བ། བྱ་བ་སྒྲུབ་ན་མི་གཞན་ལ་ཧ་ཅང་མཐུན་པ།མི་ཕྱིའི་ཚུལ་ལྷོད་པོ་ཡིན། མི་འདི་ཅན་གྱི་ལག་ཏུ་མི་གཞན་འཆི་སླའོ།།
༼10 o@@@@༽མི་འདིའི་རིགས་སེམས་བཟང་ཞིང་ཕྱིའི་ཚུལ་འཇམ་པ་ལག་ཤེས་ཅན་ཞིག་ཡིན་པ་རེད། འོན་ཀྱང་ཨུ་ཚུགས་མཐའ་སྐྱེས་ཀྱི་སྤྱོད་པ་བཤད་མཁན་ཞིག་ཡིན།
༼11@ooo@༽མི་འདིའི་རིགས་བརྩེ་དུང་ལ་ཧ་ཅང་དུང་བ་ཆེ་ཞིང་།རང་མི་གཞན་གྱི་རྗེས་སུ་ལུས་ན་མི་འདོད་པ། ཅ་པ་ལྟར་སྒྲུབ་པ་ཞིག་ཡིན། འོན་ཀྱང་བྱ་བ་སྒྲུབ་ན་མི་གཞན་ལ་མཐུན་མི་ཐུབ་པ་ཞིག་ཡིན་ནོ།།
༼12o@@@o༽མི་འདིའི་རིགས་ཀྱིས་གནས་ལུགས་མེད་པར་གནས་ལུགས་བཤད་པ། བསམ་བཞིན་དུ་གཞན་གྱི་སྐྱོན་འཚོལ་བ། རང་གི་རང་ལ་བསྟོད་པ་བྱེད་པ།རྟགས་འདི་ཅན་གྱི་མི་ཕྱེད་ཙམ་ལ་ནད་ཡོད་དོ།།
13༼o@@oo༽ལས་འགན་ལག་ཏུ་བཞག་ན་སྒྲུབ་པའི་ནུས་པ་ཡོད་པ། བརྩེ་དུང་ཟབ་པ། མི་གཞན་ལ་རོགས་བྱེད་རྒྱུར་དགའ་བ། འོན་ཀྱང་མི་གཞན་ལ་བསྙེན་བཀུར་མི་བྱེད་དོ།
༼14@oo@@༽མི་འདིའི་རིགས་ལ་མཛའ་བརྩེ་ཆེ་ཞིང།འོན་ཀྱང་སྐྱོན་ཅུང་ཙམ་ཡོད་པ་ཞིག་ཡིན། བྱ་ངན་མགོ་ཐོག་ཏུ་མ་ཡོང་བའི་སྔོན་ལ་བསམ་བློ་གཏོང་མི་ཤེས་ཤིང་། བསམ་པ་བརྟན་པོ་མིན་པ་ཞིག་ཡིན་ནོ།།
༼15@o@@@༽མི་འདིའི་རིགས་ཕྱི་ནས་ལྟོས་ན་མི་ཚུལ་ལྡན་ཞིག་ཡིན་ཅིང་ང་རྒྱལ་ཧ་ཅང་ཆེ།བློ་རིག་ཆེ་ཞིང་ནུས་ཤུགས་མི་གཞན་ལས་ཧ་ཅིང་ཆེའོ།།
16༼ooo@o༽མི་འདིའི་རིགས་ལ་སྤྱི་ཚོགས་ཀྱི་ཉན་མྱོངཕུན་སུམ་ཚོགས་པ་ཡོད་པ་དང་། མི་གཤིས་བཟང་ཞིང་ཡ་རབས་ཞིག་དང་ཚེགས་ཡང་ཞིག་ཡིན་པ་རེད།འགུལ་སྐྱོད་ཀྱི་ནུས་ཧ་ཅང་ཆེ་ཡང་འོན་ཀྱང་དབུལ་བོ་ཞིག་ཡིན་ནོ།།
17 ༼@@@o@༽མི་འདིའི་རིགས་ཅུང་ཙམ་བརྟན་པོ་ཞིག་ཡིན། བྱ་བ་སྒྲུབ་ན་ནན་ཏན་ཡིན་པ།ཨུ་ཚུགས་ཆེ་བ་ཡིན་པས་བར་ཆད་ཆེའོ།།
༼18@@oo@༽མི་འདིའི་རིགས་སྙིང་སྟོབས་ཆེ་ཡང་སྟོང་བ་ཡིན། སྟོང་བསམ་ཆེ་ཞིང་སྐྱིན་པ་ལེན་པའི་གྲོགས་པོ་མང་། འོན་ཀྱང་མི་འགྱངས་བར་བྱ་བ་ལས་མི་ཐུབ་པ་ཞིག་ཡིན། བྱ་བའི་འགོ་ཡོད་ཅིང་མཇུག་མེད་པ་ཞིག་ཏུ་འགྱུར་སྲིད་དོ།།
༼19oo@oo༽མི་འདིའི་རིགས་སྤྱང་གྲོངས་ལྡན་པ་ཞིག་དང། ལག་ཤེས་ཅན་དང་བརྩེ་སེམས་ཆེ་བ།འཚབ་ཚུབ་ཅན། འོན་ཀྱང་གྲོགས་མོ་བཟང་བོ་ཞིག་ལག་ཏུ་ཡོང་ཐུབ་པོ།།
༼20 @@o@@༽མི་འདིའི་རིགས་ལ་གྲོགས་པོ་མང་བོ་ཡོད་པ། བརྩེ་དུང་བརྟན་ཚུག་ཅན་ཞིག་ཡིན་པ་དང་མི་ཡ་རབས་ཀྱི་བྱ་བ་ཆེན་པོ་སྒྲུབ་ན་རྗེས་འབྲས་བཟང་བོ་ཡིན། འོན་ཀྱང་དབུལ་བོ་ཞིག་ཡིན་ནོ།
21༼@@o@o༽མི་འདིའི་རིགས་མི་བཟང་ཡང་གཏུམ་དྲེགས་ཆེ། ཁ་ཕོ་འུ་འུར་སྒྲོག་པ་ལ་ཧ་ཅང་དགའ། མི་འདི་ཅན་ཕལ་ཆེར་གྱི་ལག་ཏུ་མི་གཞན་འཆི་སླའོ།།
༼22oo@o@༽མི་འདིའི་རིགས་ལག་ཤེས་ཅན་ཞིག་ཡིན་པ་དང་། གཙང་མ་བྱེད་རྒྱུར་དགའ་བ་དང།འགུལ་སྐྱོད་ཀྱི་ནུས་པ་ཡོད་པ།སེམས་རྙོག་འཛིངས་ཡིན་པ།མི་འདི་ཅན་ཕལ་ཆེར་ལ་སྙིང་རྗེ་མེད་དོོ།།
༼23@oo@o༽མི་འདིའི་རིགས་ཀྱིས་ཞབས་བྲོ་འཁྲབ་པ་དང་རོལ་ཆས་ལ་དགའ་བ། མི་བརྟན་པོ་ཡ་རབས་ཞིག་དང་བྱ་བ་སྒྲུབ་ན་ནན་ཏན་ཡིིན་པའི་མི་ཞིག་ཡིན་ནོ།།
༼24oo@@o༽མི་འདིའི་རིགས་ལ་སེམས་ཅན་ཡིད་ཆེ་ཡོད་པ།མི་གཞན་གྱིས་བཀག་འགོག་ལ་མི་ཉན་པ། སྐྱོ་སྣང་ཆེ་ཞིང་དྲན་རྒྱུ་མང་བ་ཞིག་ཡིན་པ་དང་། བར་ཆད་ཡོད་དོ།།
༼25@o@o@༽མི་འདིའི་རིགས་ལ་ཐབས་བཀོད་པ་དང་འགུལ་སྐྱོད་ཀྱི་ནུས་པ་ཡོད་པ། སེར་སྣ་མེད་པ། བྱ་བ་སྒྲུབ་ན་མཐའ་ཆོད་པ། དཔོན་པོ་ལ་འདུག་པའི་ལས་དབང་ཡོདཔའོ།།
26༼o@@o@༽མི་འདིའི་རིགས་ཀྱིས་མི་གཞན་པ་ལག་འོག་ཏུ་འགུག་ཐུབ་པ། རིག་པ་བརྟན་པོ་ཡིན་པ། བརྩེ་དུང་སེམས་ནས་མི་འདོར་མཁན་ཞིག་ཡིན་ཡང་མཇུག་མཐར་འབྲས་བུ་མི་བཟང་ངོ་།།
27༼o@ooo༽མི་འདི་རིགས་ཀྱིས་བྱ་བ་སྒྲུབ་ན་འགྲུབ་ཐུབ་པ།སེམས་བརྟན་པོ་ཡིན་པ། འདོད་ཆགས་ཀྱི་སེམས་ཡོད་པ་མཐའ་ཆོད་མི་ཐུབ་པ་ཡིན་ནོ།།
28༼o@o@o༽མི་འདིའི་རིགས་བརྩེ་དུང་ཧ་ཅང་ཟབ་པ།འགུལ་སྐྱོད་ཀྱི་ནུས་པ་ཡོད་པ། རང་གི་འདོད་སེམས་ཁོ་ནར་བརྟན་ནས་ལས་དོན་ཐག་གཅོད་བྱེད་མཁན་ཞིག་ཡིན་པ་དང་། སྐྱོ་སྣང་ཆེ་ཞིང་དྲན་རྒྱུ་མང་བ་ཡིན་ནོ།།
29༼@o@oo༽མི་འདིའི་རིགས་བརྟན་པོ་ཡིན་པ་གང་ས་གང་དུ་འགྲོ་ཐུབ་པ།འགོ་འཁྲིད་ཀྱི་ཚུགས་ཀ་ཡོད་པ། གོ་ས་མཐོ་སར་ཐོན་ན་རྐང་འདྲེན་བྱེད་པའོ།།
30༼@o@@o༽མི་འདི་རིགས་སྙིང་རྗེ་མེད་པ། ས་ཕྱོགས་གང་དུའང་འགྲོ་ཐུབ་པ། ཕྱི་ལྟོས་ཀྱི་མཛའ་སེམས་ཆེ་བ། མི་འདི་དག་གི་ནང་ནས་མི་མང་ཆེ་བས་མི་ཚེ་གཅིག་ལ་གཉེན་བསྒྲིག་གཉིས་བྱེད་དོ།།
༼31o@oo@༽མི་འདི་རིགས་མཛའབརྩེ་ཆེ་ཞིང་། བློ་རིག་མི་གཞན་ལས་ཆེ་བ། དོན་རྟོགས་པ།བསམ་ཤེས་བྱེད་ཐུབ་མཁན་ཞིག་ཡིན་ནོ།།
༼32o@o@@༽མི་འདིའི་རིགས་ཡིད་ཆེས་ཀྱི་བསམ་པ་བརྟན་པོ་ཧ་ཅང་ཆེ་བ། ལས་དབང་བཟང་བ།རང་གཤིས་བཟང་བ། ལོ་སུམ་ཅུ་ལྷག་ལོན་དུས་ཕྱུག་པོར་འགྱུར་ཐུབ་པ་ཡིན་ནོ།།
·གསར་འགྱུར་གོང་མ:སངས་རྒྱས་ཀྱི་ལྷུང་བཟེད་རྙེད་སོན་བྱུང་བ།
·གསར་འགྱུར་འོག་མ:དགེན་འཇིགས་མེད་རྒྱལ་མཚན་གྱི་སློབ་གསོའི་སྐོར་གྱི་གྲོས་འཆར་འགའ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་རིག་པའི་དཔྱད་ཡིག་དཀར་ཆག 2010/1/5 11:19:57
·རི་དྭགས་སྲུང་སྐྱོབ་སྐོར་གྱི་ཁྲིམས་ལུགས་ཤེས་བྱ། 2009/12/23 22:49:35
·ཅི་ཞིག་ལ་ཨེ་ཙི་ནད་AIDSཟེར། 2009/12/23 22:38:25
·སྐུ་དྲག་སྒེར་བ་ཞེས་པའི་མི་རྒྱུད་འབྱུང་ཚུལ་གྱི་འཕྲོས་ཀྱི་འཕྲོས་གླེང་། 2009/11/30 21:37:13
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 5:53:24 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:16:16 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 12:22:15 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།54.69MS