ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
གསར་འགྱུར་ཀློག་པ།

ཨན་དྲོ་མ་ལག་ཁ་པར་ནང་བོད་ཡིག་ལེགས་པར་འཆར་བ་བླུག་ཚུལ།

[རྩོམ་པ་པོ:ཤར་རི་  ཡོང་ཁུངས:ཤར་རི་  དུས་ཚོད:2014/1/28 14:48:35  བཀླགས་ཐེངས:2061][ཡིག་གཟུགས:ཡིག་གཟུགས་མདོག]
ཨན་དྲོ་མ་ལག་ཁ་པར་ནང་བོད་ཡིག་ལེགས་པར་འཆར་བ་བླུག་ཚུལ།

༼དེ་རིང་༧པཎ་ཆེན་རིན་པོ་ཆེ་སྐུ་ཞིང་ལ་ཕེབས་ནས་ལོ་ངོ་༢༥འཁོར་བའི་དུས་འདིར།  འདི་ལྟ་བུ་ཡང་ཁ་ཡོད་ལག་ཡོད་ཀྱི་བཀའ་བཞིན་སྒྲུབ་པའི་རྗེས་དྲན་གྱི་མཆོད་པར་འགྱུར་བར་བསམ་སྟེ། ཤར་རིའི་ཉི་གཞོན་ལས་བརྒྱུད་འགོད་ཞུས་པའོ།

༄།  བོད་ལ་སྙིང་ཉེ་བ་དང་བོད་སྐད་ཡིག་ལ་ཐུགས་ཁུར་གནང་མཁན་གྱི་རྒྱ་ཆེའི་གྲོགས་པོ་ཡོངས་ལ།
ཨན་དྲོ་མ་ལག་གྲངས་ཚད་༤.༡ལ་མ་སླེབས་པའི་ཁ་པར་ནང་བོད་ཡིག་གི་བརྩེགས་ཡིག་དག་ཡང་དག་པར་འཆར་མ་ཐུབ་པར་བརྟེན་ངས་སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་གཉིས་པ་ཡས་མས་སུ་བོད་ཡིག་གི་ཡིག་གཟུགས་ཀྱི་གནས་ས་བརྗེ་ལེན་གྱི་ཐབས་ལ་བརྟེན་ནས་ཞིབ་འཇུག་ཐེངས་མང་བྱས་པ་བརྒྱུད་ཟླ་གསུམ་པའི་ཟླ་སྟོད་མཚམས་ལ་སྤྱིར་ཆ་ནས་ཡང་དག་པར་འཆར་ཐུབ་པའི་བོད་ཡིག་གི་ཡིག་གཟུགས་གསར་པ་ཞིག་ལེགས་་གྲུབ་བྱུང་།
དེ་སྔོན་ངས་རྒྱ་ཡིག་གི་ཐོག་ནས་བླུག་སྟངས་ཀྱི་གོ་རིམ་ཞིག་དང་མཉེན་ཆས་ཕབ་ལེན་གྱི་དྲ་གནས་ཤིག་ QQཁོ་ཁོ་དང་ 百度བེ་ཏུའུ་ 人人网རིན་རིན་དྲ་བ་སོགས་སུ་རིན་མེད་ངང་མཁོ་སྤྲོད་བྱས་ཀྱང་བོད་རིགས་ཡོང་ནས་ཕབ་ལེན་བྱེད་མཁན་ནི་ཧ་ཅང་གི་ཉུང་ཉུང་རེད་འདུག།དེ་ལས་ལྡོག་སྟེ་རྒྱ་རིགས་ཕབ་ལེན་བྱེད་མཁན་དང་ཁོ་ཁོ་དང་དྲ་ཐོག་ནས་འདྲི་རྩད་བྱེད་མཁན་ནི་ད་ལྟ་ཡིན་ཡང་མཚམས་མ་ཆད་པར་ཡོད་པ་མ་ཟད་ངས་ཤེས་གསལ་ལྟར་ན་ད་ཆ་ངའི་ཡིག་གཟུགས་དེ་བླུག་པའི་ཁ་པར་ཁྲོམ་རའི་ཐོག་འཚོང་གི་ཡོད་ཚོད་ཀྱང་གོ་བྱུང་།དེའང་གཅིག་བྱས་ན་བོད་རིགས་ཚོ་ནི་གློག་ཀླད་དང་དེང་རབས་ཀྱི་གློག་རིགས་མཉེན་ཆས་ལ་དེ་ཙམ་གྱིས་རྒྱུས་ལོན་མེད་པའམ་ཡང་ན་ངས་བཟོས་པའི་བླུག་སྟངས་ཀྱི་དཔྱད་གཞི་དེ་རྒྱ་ཡིག་ལས་བཟོས་པས་ཕྱོགས་གཞན་པ་ཞིག་ལ་དེ་བས་ཡག་པའི་ཁོར་ཡུག་ཅིག་བསྐྲུན་པ་ཡིན་ན་ཆ་མ་འཚལ།གལ་སྲིད་དེ་ལྟར་ཡིན་ན་ངས་སྤུན་གྲོགས་ཚོར་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ལས་གཞན་མའི་ཐབས་ཤིག་ཅི་ནས་ཀྱང་མ་རྙེད།
ད་ཉ་ཉོག་སྤང་ནས་དོན་གྱི་རྡོག་ཁ་བསྒྲིལ་བར་བྱ་སྟེ།
༡:ཁྱེད་ཀྱི་ཁ་པར་གྱི་དབང་ཆ་ལེན་དགོས་ཏེ་དེ་ནི་ཁ་རྒྱུན་དུ་ཤོད་པའི་rootཟེར་བ་དེ་ཡིན་ཞིང་དེ་ནི་རང་ངོས་ནས་སམ་ཁ་པར་གྱི་རིགས་སམ་མིང་ཡང་ན་རྣམས་གྲངས་ཀྱི་རྗེས་སུ་root༼དཔེར་ན་ཁྱེད་ཀྱི་ཁ་པར་ནི་HTCA9188ཡིན་པར་ཆ་བཞག་ན་HTCA9188root༽ཞེས་པ་སྣོན་རྗེས་百度བེ་ཏུའུ་དང་谷歌གུ་གི་ད་དུང་论坛གླེང་སྟེགས་སམ་ཡང་ན་ཁ་པར་བཟོ་བཅོས་ཁང་ནས་གྲུབ་པ་དགོས་པ་ལས་ཐུན་མོང་གི་ཐབས་ཤེས་ཤིག་གམ་ཡང་ན་ཐུན་མོང་ཐོག་བེད་སྤྱད་འོས་པའི་མཉེན་ཆས་ཤིག་གང་ནའང་མེད་པས་དགོངས་འཆར་མེད་པར་ཞུ།
༢:མཉེན་ཆས་ཕབ་ལེན་གྱི་གནས་འདི་ནས་མཉེན་ཆས་ཕབ་ལེན་བྱོས། http://pan.baidu.com/share/link?shareid=1966978728&uk=3876731336
༣:ཕབ་ལེན་གྲུབ་རྗེས་ཀྱི་མཉེན་ཆས་ནི་༼བོད་གཡག་རྒོད་བོད་ཡིག་གཏག་ཆས་༽ཞེས་པའི་མིང་གི་rarཚད་གཞིར་བྱས་པའི་གནོན་བཙིར་དོ་པོ་ཞིག་ཡོད་པ་དེ་ཁ་བཤིགས་དགོས།
༤:དོ་པོ་ཁ་བཤིགས་རྗེས་apkཚད་གཞིར་བྱས་པའི་the sunshineinནི་བོད་ཡིག་གི་མཐེབ་གཞོང་དང་RE管理器ནི་དོདམ་ཡོ་ཆས་ཡིན་ཏེ་མ་ལག་གི་ཡིག་ཆ་སྒུལ་བར་མེད་མི་རུང་བ་ཞིག་ཡིན་པ་དང་སྨོན་ལམ་ཚིག་མཛོད་ནི་སྐུ་ཞབས་སྨོན་ལམ་མཆོག་གིས་བོད་མི་རིགས་ཚོར་ལེགས་སྐྱེས་སུ་འབུལ་བའི་ཚིག་མཛོད་གསར་པ་དེ་ཡིན།
༥:ཁ་པར་ནང་ནས་设置སྒྲིག་བཟོའི་མཐེབ་གནོན་དེ་གནོན་དེ་ནས་应用程序མ་ལག་བཀོལ་སྤྱོད་དེར་གནོན་དེ་ནས་未知源མི་ཤེས་པའི་འབྱུང་ཁངས་ཞེས་པ་དེར་རྟགས་རྒྱོབ་དེ་ནས开发གསར་སྤེལ་ཞེས་པ་དེ་གནོན་དེའི་འོག་གི་གདམ་བྱ་གསུམ་གར་རྟགས་རྒྱོབ།
༦:དེ་ནས་གོང་གི་མཉེན་ཆས་གསུམ་པོ་དེ་ཐད་ཀར་གློག་ཀླད་བརྒྱུད་ཁ་པར་ནང་ལ་བླུག་ན་འཐུས་༼འདིར་ཡང་ཡིད་གཟབ་དགོས་པ་ནི་ཁ་པར་མ་ལག་ནང་ལོགས་སུ་བླུག་དགོས་པ་ལས་བྱང་བུའི་ཐོག་བླུག་ཏུ་མི་རུང་ངོ་།
༧:དེ་ནས་ttfཚད་གཞིར་བྱས་པའི་ཡིག་གཟུགས་རིགས་གཉིས་བྱང་བུའི་ནང་དུ་འཇུག་པར་བྱ།༼འདིར་ཡང་བསྐྱར་ཉུལ་སྟབས་བདེ་ཡོང་ཆེད་ཡིག་གཟུགས་གཉིས་པོ་ཐད་ཀར་བྱང་བུའི་ནང་བཞག་པ་ལས་བྱང་བུའི་ནང་གི་ཡིག་ཁུག་གཞན་དག་ཏུ་བཞག་པར་མི་བྱའོ།
༨:ཁ་པར་ནང་ནས་RE管理器དོ་དམ་ཡོ་ཆས་ལ་གནོན་允许授权དབང་ཆ་སྤྲོད་ཆོག་པའི་གདམ་ག་བྱོས།
༩:དེ་ནས་sdcardཡིག་ཁུག་ལ་གནོན་དེ་ནས་ttfཚད་གཞིར་བྱས་པའི་ཡིག་གཟུགས་གཉིས་པོ་ལས་གང་རུང་ཞིག་ལ་མ་གློད་པར་གནོན་ནས་སྡོད་དེ་ནས་剪切ལ་གནོན་དེ་ནས་སྟོད་ཀྱི་ཡིག་ཁུག་མགོ་མ་..父文件夹ཞེས་པ་དེར་གནོན་དེ་ནས་ systemཞེས་པའི་ཡིག་ཁུག་དེར་གནོན་དེ་ནས་fontsཡིག་ཁུག་དེར་གནོན་དེ་ནས་RE管理器དོ་དམ་ཡོ་ཆས་ཀྱི་མགོ་སྟོད་དུ་ཡོད་པའི་只读/读写ཞེས་པ་དེར་གནོན་དེ་ནས་གཡས་འོག་གི་粘贴ཞེས་པ་དེར་གནོན་དེ་ནས་替换གདམ་ག་བྱོས།(གལ་སྲིད་替换མ་གྲུབ་ན་RE管理器དོ་དམ་ཡོ་ཆས་ཀྱི་མགོ་སྟོད་དུ་ཡོད་པའི་只读/读写ཞེས་པ་དེར་ཡང་བསྐྱར་གཅིག་མནན་ན་འགྲིགས།)དེ་ནས་ཡང་སྟོད་ཀྱི་ཡིག་ཁུག་མགོ་མ་ ..父文件夹ཞེས་པ་དེར་གནོན་ཡང་བསྐྱར་སྟོད་ཀྱི་ཡིག་ཁུག་མགོ་མ་ ..父文件夹 ཞེས་པ་དེར་གནོན་དེ་ནས་sdcardཞེས་པའི་ཡིག་ཁུག་དེར་གནོན་དེ་ནས་ttfཚད་གཞིར་བྱས་པའི་ཡིག་གཟུགས་གཞན་པ་དེར་མ་གློད་པར་གནོན་ནས་སྡོད་དེ་ནས་剪切 ཞེས་པ་དེར་གནོན་དེ་ནས་..父文件夹ཞེས་པ་་དེར་གནོན་དེ་ནས་Systemཞེས་པའི་ཡིག་ཁུག་དེར་གནོན་དེ་ནས་fontsཞེས་པའི་ཡིག་ཁུག་དེར་གནོན་དེ་ནས་གཡས་འོག་གི་粘贴ཞེས་པ་དེར་གནོན་ནས་རང་འཇགས་སྡོད།
༡༠:དེ་ནས་ཡིག་ཁུག་དེའི་ནང་གི་ttfཚད་གཞིར་བྱས་པའི་ཡིག་གཟུགས་མགོ་མ་དེར་མ་གློད་པར་གནོན་དེ་ནས་权限ཞེས་པ་དེ་གདམ་ག་གྱིས་གྲུབ་རྗེས་འཕར་ཡོང་བའི་གདམ་གཞིའི་ནང་དུ་སྟོད་ལ་སྟོང་ཆ་དྲུག་དང་འོག་ལ་སྟོང་ཆ་གསུམ་ཡོད་པ་ཐམས་ཅད་ལ་རྟགས་རྒྱོབ་དེ་ནས་确定གནོན་དེ་ནས་ཡིག་གཟུགས་གཉིས་པ་དང་གསུམ་པ་སོགས་ཡིག་གཟུགས་ཉི་ཤུར་ཉེ་བ་ཙམ་ཡོད་པར་ཡོད་ཚད་ལ་རེ་རེ་བཞིན་གོང་གི་འགྲོ་སྟངས་དེ་བསྐྱར་ཟློས་གྱིས་ན་འཐུས་ཏེ་ཆད་ལུས་མེད་པར་ཞིབ་བལྟ་དང་་ཡིད་གཟབ་དགོས།
༡༡:དེ་ནས་ཕྱིར་ལོག་མཐེབ་གནོན་ཆད་མེད་གནན་ནས་ཅོག་ངོས་ཐོག་སླེབས་པར་གྱིས་ལ་ཁ་པར་གློག་བསོད་ལ་སླར་ཁ་ཕྱེས་ན་བོད་ཡིག་འབྲི་ཀློག་ཐུབ་བོ།
༡༣:སྨོན་ལམ་ཚིག་མཛོད་ཐོག་མར་ཁ་ཕྱེ་སྐབས་ནང་དོན་མི་འཆར་བའམ་བཙན་གྱིས་ཁ་བཀག་པའི་སྣང་ཚུལ་འདུག་ན་འཚབ་མི་དགོས་ཏེ་སླར་ཐེངས་ཁ་ཤས་གནོན་དང་ཡང་དག་པར་བཀོལ་ཐུབ་བོ།
༡༢ གལ་སྲིད་ཁ་པར་གྱི་མ་ལག་4.1གམ་ཡན་ཆད་ཡིན་མཁན་ནམ་ད་དུང་གོ་བ་ལེན་མ་ཐུབ་འདུག་ན་་ས་འཛིན་ང་ལ་འབྲེལ་བ་བྱེད་ཆོག
དྲྭ་ལམ་ནས་ཤེས།

Sent by Enhanced Email for Android
·གསར་འགྱུར་གོང་མ:དགེན་འཇིགས་མེད་རྒྱལ་མཚན་གྱི་སློབ་གསོའི་སྐོར་གྱི་གྲོས་འཆར་འགའ།
·གསར་འགྱུར་འོག་མ:རྗེས་དྲན་གྱི་མིག་ཆུ། པཎ་ཆེན་རིན་པོ་ཆེར་རྗེས་དྲན་ཞུ་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:34:18 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:58:35 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 20:54:50 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.02MS