ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> མིང་བརྡ
གསར་འགྱུར་ཀློག་པ།

འཛམ་གླིང་སྐད་ཡིག་སྲུང་སྐྱོང་གི་ཉིན་མོའི་བྱུང་རིམ་རགས་བསྡུས།

[རྩོམ་པ་པོ:མ་ངེས།  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/2/21 18:54:19  བཀླགས་ཐེངས:1010][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །   འཛམ་གླིང་སྐད་ཡིག་སྲུང་སྐྱོང་གི་ཉིན་མོའི་བྱུང་རིམ་རགས་བསྡུས།

ཕྱི་ཟླ༢ཚེས༢༡ཉིན།

༈ ཉེ་ཆར་འཛམ་གླིང་དུ་སྐད་ཡིག་བདུན་སྟོང་ལྷག་ཅིག་ཡོད་པ་ལས། སྐད་ཡིག་བརྒྱ་ཆའི་དགུ་བཅུ་གོ་དྲུག་བེད་སྤྱོད་བྱེད་མཁན་གྱི་མི་གྲངས་ནི་འཛམ་གླིང་གི་མི་གྲངས་ལས་བརྒྱ་ཆའི་བཞི་མ་གཏོགས་མེད་པས་འཛམ་གླིང་གི་སྐད་ཡིག་གང་མང་ཉམས་དམས་སུ་འགྲོ་བ་ལ་དམིགས་ཏེ། ཕྱི་ལོ༡༩༩༩ཟླ༡༡པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གནས་སྒྲིག་འཛུགས་(联合国教科文组织)མཐུན་ཚོགས་ཀྱིས་གྲོས་ཆོད་བྱུང་བ་ལྟར། ཕྱི་ལོ༢༠༠༠ནས་བཟུང་ལོ་རེའི་ཕྱི་ཟླ༢ཚེས༢༡ཉིན་ནི་རྒྱལ་སྤྱིའི་ཡུམ་སྐད་ཉིན་“国际母语日”ནམ་འཛམ་གླིང་ཡུམ་སྐད་ཉིན་“世界母语日”དུ་གཏན་འབེབས་བྱས་ཤིང་། ཉིན་དེར་ས་ལྒང་ཧྲིལ་པོའི་སྟེང་གི་སྐད་ཡིག་ཡོད་ཚད་ལ་སྲུང་སྐྱོང་བྱེད་པའི་ཡར་སྐུལ་གྱི་ལས་འགུལ་རབས་དང་རིམ་པར་སྤེལ་དགོས་པའི་དྲིལ་བསྒྲགས་ཀྱང་གནང་། དེ་ལྟར་གཏན་འབེབས་བྱས་པའི་ཉིན་དེའང་བྷང་ག་ལའི་(Bengali孟加拉)རང་བཙན་བརྩོན་ལེན་དང་འབྲེལ་འདུག་སྟེ། ཕྱི་ལོ༡༩༥༢ལོར་བྷང་ག་ལ་ད་དུང་ཕ་ཀི་སི་ཐན་(巴基斯坦)རྒྱབ་ཁབ་ཀྱི་མངའ་ཁོངས་སུ་གཏོགས། དུས་དེར་བྷང་ག་ལའི་མི་དམངས་ཡོངས་ཀྱིས་རང་གི་སྐད་ཡིག་རྒྱལ་ཁབ་དེའི་གཞུང་ཕྱོགས་སྐད་ཡིག་ཏུ་བེད་སྤྱོད་གཏོང་བར་བརྩོན་ལེན་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་པ་ན། ལོ་དེའི་ཕྱི་ཟླ༢ཚེས༢༡ཉིན་ཉེན་རྟོག་པས་རྔམ་སྟོན་ལས་མིའི་ཁྲོད་དུ་མེ་མདའ་བརྒྱབས་པར་བརྟེན་རྔམ་སྟོན་ལས་མི་ལྔ་སྐུ་གཤེགས་ཀྱང་། ཁོང་ཚོའི་བླ་མེད་ཀྱི་སྙིང་སྟོབས་དང་འབོད་སྐད་ལས་བྱུང་བའི་རེ་སྨོན་བཞིན། ཕྱི་ལོ༡༩༥༦ལོར་བྷང་ག་ལའི་སྐད་ཡིག་དང་ཝུར་ཏུའུ་(Urdu乌尔都)སྐད་ཡིག་གཉིས་ཕ་ཀི་སི་ཐན་རྒྱལ་ཁབ་ཀྱི་གཞུང་ཕྱོགས་སྐད་ཡིག་ཏུ་རྩ་ཁྲིམས་ཀྱིས་གཏན་འཁེལ་བྱས་པ་དང་། རིམ་བཞིན་བྷང་ག་ལའི་མི་དམངས་ལ་སྐད་ཡིག་དང་རིག་གནས་ཀྱི་གོ་རྟོག་རིམ་གྱིས་སད་ཅིང་རྒྱལ་ཁབ་རང་བཙན་བྱེད་པའི་རྨང་རྡོར་ཡང་གྱུར། དེ་ནས་ཕྱི་ལོ༡༩༧༡ལོའི་ཟླ༩རིང་གི་ཧིན་ཕ་དམག་འཁྲུག་(印巴战争)ལས། ཤར་ཕ་ཀི་སི་ཐན་ཏེ་ད་ལྟའི་བྷང་ག་ལ་(东巴基斯坦“今孟加拉国”)དང་ནུབ་ཕ་ཀི་སི་ཐན་ཏེ་ད་ལྟའི་ཕ་ཀི་སི་ཐན་(西巴基斯坦“今巴基斯坦”)གཉིས་ཀྱིས་དྲག་པོའི་དམག་འཁྲུག་བྱས་པའི་མཇུག་ཏུ་བྷང་ག་ལར་རང་བཙན་ཐོབ། དེ་རྗེས་བྷང་ག་ལའི་རྒྱལ་ཁབ་ཀྱིས་སྔོན་གྱི་སྐད་ཡིག་ཆེད་གཤེགས་དཔའ་བོ་ལྔ་ལ་རྗེས་དྲན་བྱེད་སླད་ཕྱི་ལོ༡༩༥༣ནས་ད་ལྟའི་བར་གྱི་ལོ་རེའི་ཕྱི་ཟླ༢ཚེས༢༡ཉིན་དཔའ་བོ་རྗེས་དྲན་གྱི་ཉིན་དུ་བརྩི་བསྲུང་བྱས་ཡོད་པ་ལ་གཞི་བཅོལ་ནས་རྒྱལ་སྤྱིའམ་འཛམ་གླིང་སྐད་ཡིག་སྲུང་སྐྱོང་གི་ཉིན་མོ་རུ་གཏན་འཁེལ་བྱས་པར་གསལ།    གཞན་ལས་བཤུས།

·གསར་འགྱུར་གོང་མ:བོད་ཡིག་ཁ་པར་བེད་སྤྱོད་སྐོར་གྱི་འཕྲོས་མོལ།
·གསར་འགྱུར་འོག་མ:བོད་ཀྱི་ལོ་གསར་གཏོང་སྲོལ་དང་དགུ་ཐུག
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཐ་སྙད་དྲ་མཛོད། 2014/2/18 12:06:57
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 21:39:13 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 3:14:44 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 13:58:11 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS