ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

བོད་ཀྱི་རྟའི་རིག་གནས་སྐོར་བརྗོད་པ།

[རྩོམ་པ་པོ:མི་གསལ།  ཡོང་ཁུངས:བཙན་པོ་མགར།  དུས་ཚོད:2014/3/4 13:01:01  བཀླགས་ཐེངས:1075][ཡིག་གཟུགས:ཡིག་གཟུགས་མདོག]

༅།། རྟ་ལོར་རྟ་གླེང་པ།

བོད་ཀྱིརྟའི་རིག་གནསསྐོར་བརྗོད་པ།

བོད་ལྗོངས་སུ་སྔོན་ཆད་ རྟ་མཆོག་གཅིག་དང་།  མེ་མདའ་གཅིག  གྲི་གཅིགཅེས་པའི་བཤད་རྒྱུན་འདི་འདྲ་ཞིག་ཡོད་དེ། དེ་གསུམ་ནི་སྔོན་ཆད་འབྲོག་ཁུལ་གྱི་སྐྱེས་པ་རྣམས་ཡུལ་ཁམས་སུ་འགྲིམ་པའི་ཡོད་ཚད་ཡིན། དོན་དངོས་སུ། མཚོ་བོད་མཐོ་སྒང་དུ་འཚོ་བའི་བོད་མི་རིགས་ལ་མཚོན་ནས་བཤད་ན། རྟ་ནི་གཡག་དང་། ལུག་སོགས་སྒོ་ཕྱུག་དང་འདྲ་བར་བོད་མི་རིགས་ཀྱི་འཚོ་བའི་ནང་སིམ་ཞིང་། ཐུན་མིན་གྱི་རྟའི་རིག་གནས་ཤིག་གྲུབ་ཡོད། བོད་ལྗོངས་ཀྱི་ལུས་རྩལ་བྱེད་སྒོའི་ཁྲོད་ཀྱི་རྟའི་རིག་གནས། ༢༠༡༣ལོར་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་ཏུ་བོད་ལྗོངས་ཀྱི་རྟ་རྩལ་ཚོགས་པའི་སྤེན་པ་བཀྲ་ཤིས་སོགས་རུ་མི་བཞིས་རྟ་རྩལ་འགྲན་བསྡུར་རྣམ་གྲངས་གསུམ་གྱི་ཨང་གཉིས་པའི་ཐུན་མོང་བྱ་དགའ་བླངས་ཏེ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་ཆེས་ལེགས་པའི་གྲུབ་འབྲས་བླངས། བོད་ལྗོངས་རྟ་རྩལ་རུ་ཁག་གི་དགེ་རྒན་ཆེན་མོ་བསྟན་འཛིན་གྱིས་བཤད་རྒྱུར། ད་ལྟ་བོད་ལྗོངས་ནི་རྟའི་རྒྱབ་མི་རིགས་ནས་རླངས་འཁོར་དུས་རབས་སུ་བསྐྱོད་མུས་ཡིན་པས། རྟ་དེ་ཉིད་སྤྱིར་བཏང་གི་བཞོན་རྟ་རྐྱང་རྐྱང་ཞིག་མ་ཡིན་པར།  དེང་རབས་ལུས་རྩལ་འགྲན་བསྡུར་གྱི་ཆ་ཤས་ཤིག་ཡིན་པ་ཡང་རིམ་གྱིས་བོད་ལྗོངས་མི་རྣམས་ཀྱི་མཐོང་ཆས་སུ་གྱུར། དམངས་ཁྲོད་རྟ་རྒྱུག་ནི་དེང་རབས་རྟ་རྩལ་འགྲན་བསྡུར་དང་བསྡུར་ན་བོད་དུ་ལོ་རྒྱུས་ཡུན་རིང་ཡོད།  བོད་ཀྱི་དམངས་ཁྲོད་རིག་གནས་ཞིབ་འཇུག་མཁས་པ་དབང་འདུས་ཀྱིསམཚོ་བོད་ས་མཐོའི་རྟའི་རིག་གནསཞེས་པའི་བརྩམས་ཆོས་ཁྲོད་བསྟན་དོན།  བོད་མེ་བྱི་ལོསྤྱི་ལོ༡༤༠༨ལོར་རྒྱལ་རྩེ་ཆོས་རྒྱལ་བསྟན་མགོན་བསམ་འཕགས་ཀྱིས་དམག་འཁྲུག་ཁྲོད་ཀྱི་རྒྱུན་ཆད་པའི་མཆོད་འབུལ་བྱེད་སྒོ་བསྐྱར་གསོ་བྱ་ཆེད།  རྟ་རྒྱུག་དང་མདའ་འཕེན་སོགས་ཀྱི་རོལ་རྩེད་བྱེད་སྒོ་ཁ་སྣོན་བྱས་ནས།  རིམ་བཞིན་རྒྱལ་རྩེའི་མདའ་དམག་དུས་ཆེན་ཆགས་པ་རེད་ཅེས་བཀོད་ཡོད། དུས་ཚོད་ཀྱི་འགྲོས་དང་བསྟུན། རྟ་རྒྱུག་དང་མདའ་རྩལ་འགྲན་བསྡུར་རིམ་གྱིས་ལྷ་ས་དང་།  བྱང་ཐང་།  ཀོང་པོ་བཅས་པའི་བོད་ཁུལ་གཞན་དག་ལ་དར་པ་མ་ཟད།  བོད་བྱང་གི་རྟ་རྒྱུག་འགྲན་བསྡུར།”“འདམ་གཞུང་རྟ་རྒྱུག་འགྲན་བསྡུར”“དིང་རིའི་རྟ་རྒྱུག་འགྲན་བསྡུར”“དར་མདོའི་རྟ་རྒྱུག་འགྲན་བསྡུརསོགས་སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་བསྡུར་ཆེ་གྲས་ཀྱི་བྱེད་སྒོ་ཆགས་པ་རེད།རྟ་རྒྱུག་རྟ་རྩལ་འགྲན་བསྡུར་ནི་བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་ལུས་རྩལ་བྱེད་སྒོ་ཞིག་ཡིན་པས།  བོད་རིགས་མང་ཚོགས་དེར་སྤྲོ་བ་ཆེན་པོ་ལྡནཞེས་སྔོན་རུ་ཐོག་རྫོང་གི་ཞིང་འབྲོག་མང་ཚོགས་རྟ་རྒྱུགས་འགྲན་བསྡུར་རུ་ཁག་ཏུ་ལས་ཀ་གཉེར་པའི་ཐུབ་བསྟན་གྱིས་དེ་སྐད་ཟེར། ཡང་ཁོང་གིས་བོད་ཁུལ་གྱི་རྟ་རྒྱུག་བྱེད་སྒོ་ནི་ཁྱིམ་དུད་གཅིག་གཅིག་བྱས་ནས་རྒྱུག་པ་ཡིན་ལ། སྲོལ་རྒྱུན་ལྟར་ན་མི་ཚང་སུ་ལ་རྒྱལ་ཁ་ཐོབ་ན་དེ་ལ་ཆོས་སྐྱོང་གིས་མགོན་སྐྱབས་གནང་ཞིང་ལོ་ལེགས་ལྡན་པ།  མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་མེད་པའི་སྔ་ལྟོས་ཡིན་པར་བཤད། རྒྱུས་ལོན་བྱུང་པ་ལྟར་ན།  བོད་ལྗོངས་ཀྱིས་རྟ་རྒྱུག་ལ་གཙོ་བོ་རྟ་རྒྱུག་པ་དང་རྟ་རྩལ་འཁྲབ་སྟོན་བཅས་རིགས་གཉིས་ཡོད།   རྟ་རྒྱུག་འགྲན་བསྡུར་གྱིས་གཙོ་བོ་ནི་རྟའི་བསྲན་ཤུགས་དང་།  མྱུར་ཚད།  གོམ་སྟབས་འགྲན་གྱིན་ཡོད་ཅིང་།  རྒྱུག་ཐག་ནི་སྤྱི་ལེ་༥ནས༡༠བར་ཅི་རིགས་ཡོད།  འོན་ཏེ་རྟ་རྩལ་ནི་གཙོ་བོ་རྟ་བས་རྟའི་ཐོག་གི་ནུས་རྩལ་འགྲན་གྱིན་ཡོད།  བོད་རང་སྐྱོང་ལྗོངས་རིག་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཕུན་ཚོགས་བཀྲ་ཤིས་ཀྱིས་བཤད་རྒྱུར།   བོད་མི་རིགས་ཀྱིས་ཡུན་རིང་གི་རྟ་རྒྱུགས་ཉམས་མྱོང་ཁྲོད་རྟའི་གོང་གི་ནུས་རྩལ་ཕུན་སུམ་ཚོགས་པ་བསྡུ་ལེན་བྱས་ཡོད་དེ།  དཔེར་ན།  རྟའི་གོང་དུ་མེ་མདའ་འཕེན་པ་དང་མདའ་འཕེན་པ།  རྟའི་ཐོག་ནས་རིན་ཆེན་འཐུ་བ།  ཁའི་མེ་ཏོག་འཐུ་བ།  གཡས་ལྡིང་གཡོན་ལྡིང་བྱེད་པ།  མགོ་ལྡོག་ཏེ་འགྲེང་བ་སོགས་ཡོད་ཟེར། བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་རྟའི་རིག་གནས། རྟ་ལ་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་ཐུན་མིན་གྱི་གོ་གནས་ལྡན་པས།  བོད་བརྒྱུད་ནང་བསྟན་གྱི་ཁྲོད་དུའང་ཁྱད་འཕགས་ཀྱི་མཚོན་བྱེད་གལ་ཆེན་ཞིག་ཏུ་བརྩིསཡོད་དེ།  དེ་ནི་མི་དང་མ་མ་ཡིན་གྱི་སྦྲེལ་དངོས་ཡིན་ཞིག་ཏུ་གོ་བ་མ་ཟད།  བོད་མི་རིགས་ཀྱི་གདོད་མའི་དད་སྲོལ་ཞིག་ཀྱང་རེད། སེ་ར་དགོན་པའི་རྟ་མགྲིན་ལ་ཡང་ངག་རྒྱུན་ལྟར་ན་དེའི་ནི་རྒྱ་གར་ནས་ཕེབས་ཤིང་སྤྱན་རས་གཟིགས་ཀྱི་ཁྲོ་གཉེར་སྐུ་བྱད་ཡིན་པར་བཤད།  དེའི་སྐུ་བརྙན་ནི་རྟའི་དབུ་དང་མིའི་ལུས་ཀྱི་ཆ་བྱད་དུ་བཞུགས།     ལོ་རེའི་བོད་རྩིས་ཀྱི་ཟླ༡༢པའི་ཚེས༢༧ཉིན་དད་ལྡན་མང་ཚོགས་རྣམས་སེ་ར་དགོན་དུ་སོང་ནས་རྟ་མགྲིན་གྱི་རྡོ་རྗེ་ཕུར་བུ་ལ་མཇལ་ན་བྱིན་རླབས་དངོས་གྲུབ་སྩོལ་བར་བཤད་པས རྟ་མགྲིནལྷ་ཁང་དུ་ གསོལ་འདེབས་དང་མཆོད་མཇལ་བྱེད་མཁན་ཤིན་ཏུ་མང་། གལ་ཏེ་རྟ་མགྲིན་ནི་དགོན་པའི་གསང་གནས་སུ་བཞུགས་སུ་གསོལ་ཡོད་ན། འོ་ན་བོད་ལྗོངས་ཀྱི་རི་རྩེ་དང་།  ཁང་སྟེང་།  མཆོད་རྟེན་སོགས་སུ་བཙུགས་པའི་དར་ལྕོག་དང་།  རི་རྩེ་དང་ཉག་ཁར་བསྐྱོད་པའི་རླུང་རྟ་ནི་བོད་ཁུལ་དུ་རྒྱུན་པར་མཐོང་ཐུབ་པའི་ཡུལ་ལྗོངས་ཤིག་མ་ཡིན་ནམ། ཚོན་ཤོག་གྲུ་བཞི་འདིའི་རིགས་ནི་བོད་བརྒྱུད་ནང་བསྟན་གྱི་མཆོད་རྫས་གཙོ་བོརླུང་རྟརེད།  དེ་ནི་རྒྱུན་པར་ཀུང་ཧྥེང༤ཆེ་ཆུང་གི་ཚོན་ཤོག་ཆུང་ངུ་ཞིག་ཏེ།  ཁ་དོག་ལ་དཀར་པོ་དང་དམར་པོ།  སེར་པོ།  ལྗང་ཁུ་བཅས་གྲུ་བཞི་ཁ་གང་མ་དང་གྲུ་བཞི་ནར་མོའི་རིགས་ཡོད།  དེའི་དཀྱིལ་དུ་ནོར་བུ་ཆ་བདུན་ཁུར་པའི་རྟ་མཆོག་ཅིག་ཡོད་པ་དང་།  ཉི་ཟླ་གཟའ་སྐར་དང་།  ཕྱོགས་བཞིར་གཡུ་འབྲུག་དང་བྱ།  སྟག  སེང་གེ་བཅས་སྲོག་ཆགས་རིགས་བཞི་ཡོད། དུས་ཆེན་གལ་ཆེན་རེ་རེར།  མི་དམངས་ཀྱིས་ལྷ་བསང་གཏོང་པ་དང་།  བསང་དུད་འཕྱུར་བ་དང་མཉམ་དུ་བསང་མཆོད་བྱེད་ཀྱིན་རླུང་རྟ་བར་སྣང་དུ་སྤུར་བ་ཡིན། དེ་མིན་རི་མཐོ་སར་རླུང་རྟ་སྤུར་ནས་མི་ཁའི་རླུང་རྟ་དར་ཞིང་། ལས་ལ་གེགས་ཆད་མེད་པར་སྨོན་ལམ་རྒྱག་པ་ཡིན། ཇ་རྟའི་གནའ་ལམ་ཁྲོད་ཀྱི་རྟའི་རིག་གནས། ཁྲུང་ཆེན་དང་།  སི་ཁྲོན།  བོད་ལྗོངས་བཅས་ཀྱིཟུར་ཆེན་པོ་གསུམརྒྱུད་ཀྱི་ནགས་ཀླུང་རྩི་ཤིང་ཁྲོད།  ཁྱད་མཚར་པའི་གནའ་ལམ་འཕྲེད་དུ་བསྲིངས་ཡོད།  དེ་ནི་སྙན་གྲགས་སྲིད་གསུམ་ཁྱབ་པའིཇ་རྟའི་གནའ་ལམརེད། གནའ་སྔ་མོ་ནས་བོད་ཡུལ་འདི་ནི་རྟ་མཆོག་གི་འབྱུང་ཁུངས་ཤིག་ཡིན།  ཇ་རྟའི་གནའ་ལམགྱི་རྟ་མང་པོ་ནི་བོད་ཡུལ་ནས་ཐོན་པ་ཡིན་ལ།   ཁུངས་འཚོལ་ར་སྤྲོད་ལྟར་ན་ཇ་རྟའི་གནའ་ལམ་ནི་ཐང་སུང་སྐབས་ཀྱིཇ་རྟའི་ཉོ་ཚོངལས་བྱུང་པ་རེད། ཁམས་བོད་ནི་ས་མཐོ་གྲང་ངར་གྱི་ས་ཁུལ་དུ་ཆགས་ཅིང་།  མཚོ་ངོས་ལས་ས་བབ་རྨིད་སུམ་སྟོང་ནས་བཞི་སྟོང་ཡན་ཡོད་པས།  དྲོད་ཚད་མཐོ་བའི་ཚིལ་དང་།  རྩམ་པ།  འོ་རིགས།  མར།  ནོར་ལུག་གི་ཤ་ནི་བོད་མི་རིགས་ཀྱི་བཟའ་བཏུང་གཙོ་བོར་གྱུར་ཡོད་མོད།   སྔོ་ཚལ་མེད་པ་དང་།   རྩམ་པ་ནི་སྐམ་ཟས་ཡིན་པ་ན།  ཚིལ་མང་པོ་མིའི་ལུས་པོ་ནས་འཇུ་དཀའ་བས།  ཇ་ལོར་ཚིལ་འཇུ་བའི་ནུས་བ་ཡོད་པ་མ་ཟད།  སྐམ་གཟུགས་སྔོན་འགོག་བྱེད་ནུས་པས།  བོད་མི་རིགས་ཀྱིས་དཀྲུགས་ཇ་གསོལ་བའི་ས་མཐོའི་འཚོ་བའི་གོམས་སྲོལ་གསར་གཏོད་བྱས་པ་རེད། དེ་ལྟར་ཡིན་རུང་།  བོད་ཁུལ་ནས་ཇ་ཐོན་སྐྱེད་བྱེད་མི་ཐུབ་པས།   ནང་སར་དམག་དཔུང་གིས་དམག་འཁྲུག་དུ་བཀོལ་སྤྱོད་ལ་ཁལ་རྟ་མང་པོ་དགོས་ཤིང་།  མཁོ་འདོན་མི་འདང་པས།  བོད་ཁུལ་དང་སི་ཁྲོན་།  ཁྲུང་ཆེན་གྱི་ཉེ་འཁོར་དུ་རྟ་མཆོག་ཐོན་གྱིན་ཡོད་པས།  ཁ་གསབ་རང་བཞིན་གྱི་ཇ་རྟའི་ཉོ་ཚོངཡང་དེ་དང་བསྟུན་ནས་བྱུང་པ་རེད།

ལོ་རྒྱུས་ཡིག་ཚགས་ལྟར་ན།   སྔོན་དུས་ཐང་གི་དུས་སུ།  རྒྱ་བོད་བར་དུཇ་རྟའི་ཉོ་ཚོངཐོག་མའི་གཞི་ཁྱོན་ཆགས་ཤིང་།  སུང་གི་སྐབས་སུ་སླེབས་དུས།  ནང་སའི་ཇ་ལོའི་ཐོན་སྐྱེད་བྱེད་ཚད་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་ནས།  ཇ་རྟའི་ཉོ་ཚོངཡང་འཕེལ་རྒྱས་ཆེན་པོ་བྱུང་པ་རེད། ཐང་སུང་ནས་བཟུང་།  རྒྱ་བོད་མི་རིགས་བར་དུ་ཇ་རྟའི་གནའ་ལམ་གྱིས་བསྐྲུན་པའི་དཔལ་འབྱོར་རིག་གནས་གྱི་འབྲེལ་བ་ད་བར་དུ་རྒྱུན་བསྐྱངས་པ་རེད།  དེའི་ཕྱིར།    བོད་ལྗོངས་ཀྱི་རྟ་ནི་ཚོང་རྫས་ཤིག་ཡིན་པའི་ཆ་ནས།  རྒྱ་བོད་རིག་གནས་བརྗེ་རེས་ཁྲོད་དུ་ཚབ་བྱེད་མི་རུང་པའི་ནུས་པ་གལ་ཆེན་ཐོན་ཡོད།

·གསར་འགྱུར་གོང་མ:རྟ་མཆོག་ལ་སྦྱར་བའི་ལོ་གསར་ཤིས་ཚིག
·གསར་འགྱུར་འོག་མ:ཆོ་འཕྲུལ་དུས་ཆེན་དང་ལྷ་ལྡན་སྨོན་ལམ་ཆེན་མོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:34:03 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:58:23 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 20:54:36 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS