ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚན་རྩལ
  གསར་འགྱུར་ཀློག་པ།

བརྡ་འཕྲིན་དུས་རབས་དང་སྐད་འཕྲིན་སྐོར་གླེང་བ།

[རྩོམ་པ་པོ:དགེ་མཆོག་སོགས།  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/3/10 19:53:54  བཀླགས་ཐེངས:1217][ཡིག་གཟུགས:ཡིག་གཟུགས་མདོག]
བརྡ་འཕྲིན་དུས་རབས་དང་སྐད་འཕྲིན་སྐོར་གླེང་བ།
 
   ད་ལྟའི་དུས་རབས་ནི་བརྡ་འཕྲིན་དུས་རབས་སུ་འབོད་ཅིང་ཡོད། དེའང་འཛམ་གླིང་མི་གྲངས་དུང་ཕྱུར་༧༡ལས་མི་གྲངས་དུང་ཕྱུར་༢༧དྲ་བར་ཞུགས་ཤིང་དེས་འཛམ་གླིང་མི་དམངས་ཀྱི་བརྒྱ་ཆའི་༤༠ཟིན་ཡོད། དེ་དང་མཉམ་དུ་༢༠༡༣ལོའི་ལོ་མཇུག་ཏུ་ཁ་པར་བེད་སྤྱོད་མཁན་གྱི་མི་གྲངས་ཀྱང་དུང་ཕྱུར་༦༨ལ་བསླེབས་ཡོད་པར་བཤད། སྔོན་རྩིས་བྱས་པ་ལྟར་ན་༢༠༡༤ལོར་ཁ་པར་སྤྱོད་མཁན་གྱི་མི་གྲངས་དུང་ཕྱུར་༧༠ནང་བསླེབས་ཤིང་ཡོད། དེས་ན་ད་ལྟའི་དུས་རབས་འདིར་སྤྱི་སྒེར་དང་དབུལ་ཕྱུག་ལ་མ་ལྟོས་པར་དྲ་བ་དང་ཁ་པར་གཉིས་འཚོ་བའི་ཆ་རྐྱེན་མེད་ཐབས་མེད་པ་ཞིག་ལ་ཆགས་ཟིན་ཡོད་ལ། དེ་དག་ལས་འཕུང་འཚིང་གཉིས་ཀྱི་བྱ་བ་རླབས་ཆེ་ལ་སྟབས་བདེ་པོར་འགྲུབ་ཅིང་ཡོད། སྤྱི་ཚོགས་ཀྱི་སྣང་ཚུལ་ངོས་ནས་བརྗོད་པ་ཡིན་ནའང་དྲྭ་ཞུགས་མི་ཐུབ་པའི་མི་དང་། ཁ་པར་མེད་པའི་མི་དག་ནི་དུས་རབས་འགའི་རྗེས་སུ་ལུས་པའི་མི་ཡིན་པ་ལྟར་གྱུར་ནས་དེང་སང་གི་བྱ་བ་སྣ་ཚོགས་པ་འགྲུབ་ཐབས་མེད། དེར་བརྟེན་དེ་དག་ལ་ཁ་གཏད་གཅོག་པ་ལ་ཐོག་མར་སློབ་སྦྱོང་གི་སྔོན་འགྲོའི་ཆ་རྐྱེན་མ་ལྡན་ཚེ་དེ་ཚོས་རང་ལ་ཞབས་ཕྱིའི་ལས་ཅི་ཡང་མི་ཡོང་བར་མ་ཟད་དཔལ་འབྱོར་དང་དུས་ཚོད་ཚང་མ་འཕྲོ་བརླག་ཏུ་གཏོང་གིན་ཡོད། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་ཁ་འཁོར་ཏེ་བལྟས་པ་ཡིན་ན་དཀའ་རྙོག་མང་རབས་ཤིག་ཕྲད་དང་འཕྲད་བཞིན་ཡོད་པ་མངོན་གསལ་ཡིན། དཔེར་ན་མི་ལ་ལས་ཁ་པར་བེད་སྤྱོད་སྟངས་མི་ཤེས་པས་ཁ་པར་ཐོག་ནས་གང་བྱུང་མནན་ནས་དྲ་བ་མང་པོ་སྒོ་ཕྱེ། དེ་ནས་དྲྭ་ཞུགས་ཀྱི་དངུལ་མང་པོ་འཐེན་འགྲོ་བ་དང་། ཡང་ཁ་པར་ནང་གི་སྒྲིག་བཀོད་ཐད་ནས་ཅུང་མ་བདེ་བ་རེ་བྱུང་དུས་ལམ་སང་རྒྱའི་ལས་བཟོ་བ་སར་ཁུར་ཏེ་དོན་དངོས་ཐོག་ཁ་པར་ནས་མཐེབ་འགའ་སྒྲིག་བཀོད་བྱས་ན་དེས་ཆོག་པ་ཞིག་ཡིན་ནའང་ཁོ་ཚོས་སྐྱོན་ཆེན་པོ་ཤོར་ཡོད་པར་ཁ་བཏགས་ཏེ་དངུལ་མང་པོ་སྤྲད་དགོས་ཡོད། འདི་དང་འདི་དག་གི་གནས་ཚུལ་ཧ་ཅང་མང་། ད་ལན་འདི་ནས་དངོས་སུ་བཤད་འདོད་པ་ནི་འཕྲིན་ཕྲན་བེད་སྤྱོད་ཕྱོགས་སྐོར་དེ་ཡིན། འཕྲིན་ཕྲན་གྱི་སྙི་ཆས་འདི་རྒྱལ་ནང་ལ་མཚོན་ན་༢༠༡༡ལོའི་ཟླ་༡ཚེས་༢༡ཉིན་དངོས་སུ་ཁྱབ་བསྒྲགས་བྱས་པ་ཡིན། དེ་ནས་རིམ་གྱིས་དར་ཁྱབ་ཏུ་སོང་ནས་ད་ལྟ་ཁ་པར་ཡོད་མཁན་ཞིག་ཡིན་ན་འཕྲིན་ཕྲན་བེད་མི་སྤྱོད་མཁན་ཞིག་མེད་པའི་ཚོད་དུ་བསླེབས་ཟིན། འཕྲིན་ཕྲན་འདིས་དུས་རབས་ཀྱི་དབྱེ་མཚམས་གསར་པ་ཞིག་བཟོས་ཡོད་ཅེས་བཤད་ནའང་འགྲིགས་པར་སྣང་། རྒྱུ་མཚན་ནི་འཕྲིན་ཕྲན་འདིས་གྲོང་གསེབ་བ་དག་དྲྭ་ཐོག་ཏུ་བསྐྱལ་ཡོད་པས་རེད། སྤྱིར་བཏང་ཡི་གེ་མི་ཤེས་མཁན་ཞིག་ཡིན་ན་དྲྭ་ཐོག་ལ་བསྐྱོད་པ་ནི་ཉིན་མོའི་སྐར་མ་ཙམ་རེད་མོད། འཕྲིན་ཕྲན་གྱི་སྙི་ཆས་འདི་ནས་ཐད་ཀར་སྐད་ཆ་ཞིག་བཤད་སོང་ན་དྲ་བའི་ཐོག་བསླེབས་ཐུབ་པ་ཡིན། སྟབས་བདེ་ལ་འཁྲུགས་ཆ་དོད་པོ། དུས་ཐུང་ནང་མི་སྣ་འདྲ་མིན་ལ་འབྲེལ་བ་བྱེད་ཐུབ་པ། གནས་ཚུལ་འདྲ་མིན་ཤེས་རྟོགས་ཐུབ་པ་སོགས་དགེ་མཚན་མང་པོ་མཐོང་། སྤྱིར་བཏང་ནམ་རྒྱུན་ནས་དྲ་བ་བེད་སྤྱོད་མཁན་ཞིག་ཡིན་ན་འདིས་དམིགས་བསལ་ཤན་ཤུགས་གང་ཡང་ཐེབས་མི་ཐུབ་ནའང་གྲོང་གསེབ་བ་དག་ནི་དེ་སྔོན་དྲ་བ་ལ་ཆ་རྒྱུས་ཅི་ཡང་མེད་པས། གློ་བུར་དུ་འདི་ལྟ་བུ་ལ་འཕྲད་དུས་ཁོ་ཚོ་ཡ་མཚན་ལ་དབྱིངས་ཞུགས་འགྲོ་བར་འདུག །ཧང་སང་ལ་སྨྱོ་འགྲོ་བར་འདུག །འདི་ནས་གྲོང་གསེབ་བ་ཚོས་རང་ཚུགས་ཡོད་ཚད་ཆུ་ལ་བསྐྱུར་གཏོང་གིན་འདུག །འདི་ནས་བོད་པ་ཚོས་ཞབས་འདྲེན་ཚད་མེད་པ་ཞུ་ཡོང་གིན་འདུག །དེའང་སོ་སོ་དང་འདྲ་བའི་མི་སྣ་མང་པོ་ལ་སྐད་ཆ་བཤད། ཚོགས་པ་མང་པོའི་ནང་འཛུལ། དེ་དག་གི་སྐབས་འཕྲིན་མིང་ལ་རང་ཚུགས་ཅན་དང་བོད་རྒྱུད་དག་མ་སོགས་མིང་རྫོབ་ལ་ཆེ་བ་རེ་ཁུར་ཏེ། སྐད་ཆ་ལ་ངོ་ཚ་བོར་བའི་འདོད་གཏམ་དང་འཁོན་ཚིག པར་རིས་ལ་ཆགས་སྲེད་དང་འབྲེལ་བ། མིའི་ཐོབ་ཐང་དང་འགལ་བའི་སྐྱོན་མཚང་དངོས་རྗེན་མ་ཐེར་འདོན་བྱས་པ་སོགས་གཏོང་གིན་ཡོད། མི་སྣ་འདིའི་རིགས་ནི་གྲོང་གསེབ་ནས་ཡོང་བ་རྐྱང་རྐྱང་ཡིན་པ་མ་ཟད་སློབ་གསོའི་སྦྱོང་བརྡར་མེད་པ་དག་ཡིན། ནམ་རྒྱུན་ཅི་འདྲའི་སྒམ་ལ་བརླིང་ཚུལ་སྟོན་མཁན་དག་ཀྱང་འཕྲིན་ཕྲན་འདིའི་ཐོག་ནས་གཅེར་བུར་རྒྱུ་བཞིན་ཡོད། སྤུན་མཆེད་ཡིན་རུང་ངོ་ཚ་མི་འཛེམ། བཟའ་ཚང་ཡོད་རུང་ཟུར་བཟའ་བཙལ་བ། དགེ་སློབ་ཡིན་རུང་གུས་ཞབས་མེད་པའི་གནས་ཚུལ་བརྗོད་ལས་འདས། གྲངས་ཀྱིས་མི་ཆོད། འཕྲིན་ཕྲན་འདིས་གྲོང་གསེབ་ཡོམ་ཡོམ་དུ་སྒུལ་སོང་། འཕྲིན་ཕྲན་འདིས་གྲོང་གསེབ་བ་དག་སྨྱོ་རུ་བཅུག་སོང་། བོད་ཤིང་རྟ་ལོའི་ཟླ་དང་པོའི་ཚེས་གཉིས་ལ་དགེ་མཆོག་ནས་བྲིས། གླིང་སྲས་བོད་ཡིག་དྲྭ་ཚུགས་ཀྱིས།
 
                 བརྡ་འཕྲིན་གསར་བརྗེ་དང་། ངོ་དེབ་ནང་གི་འཛམ་གླིང་།
   འཛམ་གླིང་ཐོག་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་སྤྱི་ཚོགས་དྲ་འབྲེལ་ངོ་དེབ་བརྒྱུད་གཏོང་བྱས་ཏེ་ལོ་ངོ་ ༡༠ ཧྲིལ་བོ་འཁོར་བའི་དུས་དྲན་དང་བསྟུན་ཏེ། བརྒྱུད་ལམ་ཁག་ཏུ་ངོ་དེབ་གཙོས་པའི་དྲ་གནས་ཁག་གི་སྐོར་གླེང་སློང་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། རྒྱལ་སྤྱིའི་དྲ་དམངས་ཚོས་དགའ་བསུ་ཆེན་པོ་བྱེད་ཡུལ་ངོ་དེབ་(Facebook)་དང་། ཌོའུ་ཌར་(Twitter)། སྐད་འཕྲིན་(Wechat)། ལཱན་(Line)། ཁེའུ་ཁེའུ་(QQ)སོགས་ཀྱི་ནུས་པ་དང་ཤུགས་རྐྱེན། མདུན་ལམ་སོགས་ཀྱི་སྐོར་དཔྱད་གླེང་གཤིབ་བསྡུར་མང་པོ་བྱེད་བཞིན་འདུག
ངོ་དེབ་ཞེས་པ་དེ་ ༢༠༠༤ ལོའི་ཟླ་ ༢ ཚེས་ ༤ ཉིན་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭའི་སློབ་མ་མག་ཛུ་ཁར་བྷག་ (Mark Zuckerberg)ཟེར་བ་དང་། ཁོ་རང་གི་གྲོགས་པོ་ཨེ་ཌོར་ཌོ་དང་། ཨན་ཌེའུ་སོགས་མཉམ་འབྲེལ་ཐོག་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། ༢༠༠༤ ལོའི་མཇུག་བར་མང་ཚོགས་ས་ཡ་ ༡ ཙམ་གྱིས་བེད་སྤྱོད་གཏོང་མགོ་ཚུགས་ཡོད་པ་དང་། དེང་སྐབས་ངོ་དེབ་ནི་སྤྱི་ཚོགས་དྲ་གནས་ཁག་ཡོངས་ལས་བྲིན་རྒྱུག་ཆེ་ཤོས་ཨང་དང་པོར་སོན་ཡོད།
ལོ་རེར་ཆ་སྙོམ་ངོ་དེབ་བེད་སྤྱོད་གཏོང་མཁན་ས་ཡ་ ༣༥ ཙམ་འཕར་ཡོད་པ་དང་། ད་ལྟ་འཛམ་གླིང་ཐོག་བེད་སྤྱོད་གཏོང་མཁན་ཐེར་འབུམ་ ༡།༢༣ ལྷག་ལ་སོན་ཡོད་སྟབས། ལོ་རེའི་ཡོང་འབབ་ཨ་སྒོར་ཐེར་འབུམ་ ༡།༥ ལྷག་ཡིན་འདུག ངོ་དེབ་ཁེ་ལས་ལ་ཨ་སྒོར་ཐེར་འབུམ་ ༡༠༠།༥༠ ལྷག་གི་རིན་ཐང་ཡོད་ཅིང་། ངོ་དེབ་ཁེ་ལས་ཀྱི་འགན་འཛིན་མག་ཛུ་ཁར་བྷག་ལགས་སུ་ཨ་སྒོར་ཐེར་འབུམ་ ༡༩ ལྷག་ཡོད་པའི་འཛམ་གླིང་གི་ཕྱུག་བདག་ཆེ་ཤོས་ ༡༠༠ ནང་དུ་ཚུད་ཡོད་འདུག
མག་ཛུ་ཁར་བྷག་ལགས་ཀྱིས་མ་འོངས་པའི་ལོ་ ༡༠ ནང་གི་ལས་འཆར་སྐོར་ལ་ མ་འོངས་པའི་ལོ་ ༡༠ ནི་འདས་པའི་ལོ་ ༡༠ ལས་སྤྲོ་སེམས་འཁོལ་བ་ཞིག་ཆགས་ངེས་ཡིན། འདས་པའི་ལོ་ ༡༠ ནི་དྲ་རྒྱ་ཇུས་བཀོད་དང་སྤུས་ཀ་ཇེ་ལེགས་སུ་གཏོང་ཐབས་ལ་འབད་ཡོད་ཅིང་། མ་འོངས་པའི་ལོ་ ༡༠ ནང་སྔར་ལྷག་གསར་གཏོད་རང་བཞིན་ལྡན་པའི་མ་ལག་སྣ་ཚོགས་བཟོས་ཏེ་ངོ་དེབ་ཁེ་ལས་ཀྱིས་དྲ་དམངས་ཚོའི་མངོན་འདོད་བསྒྲུབ་ཐུབ་པ་བྱ་རྒྱུ་ཡིན ཅེས་བརྗོད་འདུག
གཞན། དེང་སྐབས་བརྡ་འཕྲིན་བརྒྱུད་ལམ་ནང་ཐོལ་བརྒལ་རང་བཞིན་གྱིས་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་སྐད་འཕྲིན་ཞེས་པ་དེ། ༢༠༡༡ ལོར་རྒྱ་ནག་ཀུང་ཀྲུག་གྲོང་ཁྱེར་གྱི་ཕྱུག་བདག་ཆེན་མོ་མཱ་ཧོ་ཐིན་ (Ma Huateng)གྱི་ཁེ་ལས་ (Tencent Guangzhou Research and Project center) ཞེས་པས་གསར་གཏོད་བྱས་ཤིང་། ལོ་དེ་རང་ལ་མང་ཚོགས་ས་ཡ་ ༤ ལྷག་གིས་བེད་སྤྱོད་བཏང་ཡོད་པ་དང་། དེང་སྐབས་འཛམ་གླིང་གི་སྐད་ཡིག་ ༡༥ ཙམ་ནང་། ཟླ་རེར་བེད་སྤྱོད་གཏོང་མཁན་དུང་ཕྱུར་ ༢།༧༢ ལྷག་ཡོད་པ་དང་། ལོ་རེའི་ཡོང་འབབ་ཨ་སྒོར་དུང་ཕྱུར་ ༦།༤༥ ལྷག་ཡིན་འདུག ད་ཆར་ཁེ་ལས་དེར་ཨ་སྒོར་ཐེར་འབུམ་ ༡༠༠ ཙམ་གྱི་རིན་ཐང་ལྡན་ཞིང་། ཁེ་ལས་ཀྱི་བདག་པོ་མཱ་ཧོ་ཐིན་ལགས་ནི་ཨ་སྒོར་ཐེར་འབུམ་ ༡༠།༢ ལྷག་ཡོད་པའི་འཛམ་གླིང་གི་ཕྱུག་བདག་ ༥༠༠ ལས་ཨང་ ༡༧༣ པ་དང་རྒྱ་ནག་གི་ཕྱུག་བདག་ཨང་ ༢ པ་ཆགས་ཡོད་འདུག
རྒྱ་ནག་ནང་དར་ཁྱབ་ཆེན་པོ་འགྲོ་བཞིན་པའི་ཁེའུ་ཁེའུ་( QQ)ཞེས་པ་དེ་ནི། གོང་གི་རྒྱ་ནག་ཀུང་ཀྲུག་གྲོང་ཁྱེར་གྱི་ཕྱུག་བདག་ཆེན་མོ་མཱ་ཧོ་ཐིན་ (Ma Huateng)དང་ཀྲང་ཌེ་ཏུང་ (Zhang Zhidong )གཉིས་ཀྱིས་ ༡༩༩༩ ལོར་གསར་གཏོད་བྱས་ཤིང་། དེང་སྐབས་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་ ༡༥ ཙམ་ནང་བེད་སྤྱོད་གཏོང་མཁན་དུང་ཕྱུར་ ༧།༥༢ ལྷག་ཡོད་འདུག ཁེའུ་ཁེའུ་ལོ་རེའི་ཡོང་འབབ་རྒྱ་སྒོར་ཐེར་འབུམ་ ༢། ༡༦ ཡིན་པ་དང་། ལོ་རེ་བཞིན་ཡོངས་འབབ་བརྒྱ་ཆ་ ༡༠ ལྷག་འཕར་བཞིན་ཡོད་འདུག རྒྱ་ནག་ནང་བཀོལ་སྤྱོད་གཏོང་མཁན་མང་ཤོས་ཨང་དང་པོ་སྐད་འཕྲིན་དང་། གཉིས་པ་ཁེའུ་ཁེའུ་ཆགས་ཡོད་འདུག་ལ། མི་འབོར་གྱི་ཆ་ནས་ཁེའུ་ཁེའུ་ཟེར་བ་དེ་འཛམ་གླིང་ཐོག་བྲིན་རྒྱུག་ཆེ་ཤོས་ཨང་གསུམ་པ་དེ་ཆགས་ཡོད་འདུག
ཌོའུ་ཌར་ ( Twitter)ཞེས་པ་དེ་ ༢༠༠༦ ལོར་ཨ་རིའི་སཱན་ཧྥིན་སེ་སི་ཁཱོ་ནང་སྐུ་ཞབས་ཇེག་ ( Jack Dorsey)ལགས་ཀྱི་གཙོས་ཨེ་ཝན་དང་བྷེ་ཛི། ནོའུ་བཅས་ཀྱིས་གསར་གཏོད་བྱས་ཤིང་། ༢༠༡༢ ལོའི་བར་འཛམ་གླིང་ནང་བེད་སྤྱོད་གཏོང་མཁན་ས་ཡ་ ༥༠༠ ལྷག་བྱུང་ཡོད་ཀྱང་། ལོ་དེའི་སྔ་ཕྱིར་སྤུས་ཚད་མཐོ་བའི་སྤྱི་ཚོགས་དྲ་རྒྱ་གཞན་མང་པོ་ཞིག་ཐོན་པའི་ཤུགས་རྐྱེན་འོག་ཌོའུ་ཌར་བཀོལ་སྤྱོད་གཏོང་མཁན་ཇེ་ཉུང་དུ་ཕྱིན་ཏེ་ད་ཆར་ས་ཡ་ ༢༠༠ ཙམ་ལས་མེད་པ་དང་། ༢༠༡༣ ལོར་ཁེ་ལས་དེའི་ཡོང་འབབ་ཨ་སྒོར་ས་ཡ་ ༦༤༥ ཙམ་མར་ཆག་ཡོད་འདུག
ལཱན་ (Line )ཞེས་པ་དེ་ནི་ ༢༠༡༡ ལོར་ལྷོ་ཀོ་རེ་ཡའི་ནང་ཡོད་པའི་ (NHN Corporation) ཞེས་པའི་ཉི་ཧོང་གི་ཁེ་ལས་ཤིག་གིས་གསར་བཟོ་བྱས་ཤིང་། ཐོག་མའི་ལོ་གཅིག་དང་ཕྱེད་རིང་བཀོལ་སྤྱོད་བྱེད་མཁན་ས་ཡ་ ༢༠༠ ཙམ་བྱུང་ཡོད་པ་དང་། རིམ་གྱིས་དར་ཁྱབ་ཕྱིན་ཏེ་ ༢༠༡༣ ལོའི་ཟླ་ ༡༡ ཚེས་ ༢༥ བར་བེད་སྤྱོད་གཏོང་མཁན་ས་ཡ་ ༣༠༠ ལས་བརྒལ་ཏེ་ལོ་རེའི་ཡོང་འབབ་ཨ་སྒོར་ས་ཡ་ ༡༢༠ ཙམ་ཡིན་འདུག
གནད་དོན་དེའི་སྐོར་ལ་ལོན་ཌོན་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་འབྲེལ་ལམ་ཐོག་གི་ཆེད་ལས་མཁས་པ་ཌེ་ནེལ་(Daniel Miller) ལགས་ཀྱིས། དེང་སྐབས་ངོ་དེབ་འཛམ་གླིང་ཐོག་བྲིན་རྒྱུག་ཆེན་པོ་ཆགས་དོན་གཙོ་བོ་དྲ་གནས་འདིར་དེ་སྔའི་དྲ་གནས་གཞན་དག་དང་བསྡུར་ན་ཁྱད་ཆོས་མང་བ་ཡོད་པ་དང་། འབྱུང་ལག་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ཏེ་ངོ་དེབ་ལས་ལྷག་གི་ཁྱད་ཆོས་མང་བའི་དྲ་གནས་མང་པོ་འཐོན་ངེས་ཡིན་སྟབས། རིམ་གྱིས་ངོ་དེབ་བེད་སྤྱོད་གཏོང་མཁན་ཉུང་དུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག
དེང་སྐབས་འཛམ་གླིང་ཐོག་ངོ་དེབ་བཀོལ་སྤྱོད་གཏོང་མཁན་ཐེར་འབུམ་ ༡།༢༣ དང་། སྐད་འཕྲིན་བེད་སྤྱོད་གཏོང་མཁན་ཐེར་འབུམ་ ༡། ཁེའུ་ཁེའུ་བེད་སྤྱོད་གཏོང་མཁན་དུང་ཕྱུར་ ༧ ལྷག ལཱན་བེད་སྤྱོད་གཏོང་མཁན་དུང་ཕྱུར་ ༣ ། ཌོའུ་ཌར་བེད་སྤྱོད་གཏོང་མཁན་དུང་ཕྱུར་ ༢ བཅས་ཡིན་འདུག ༢༠༡༤ ནས་ ༢༠༡༧ བར་ངོ་དེབ་བེད་སྤྱོད་གཏོང་མཁན་ས་ཡ་ ༣༠ དང་། ཌོའུ་ཌར་བེད་སྤྱོད་གཏོང་མཁན་ས་ཡ་ ༢༠ ཙམ་མར་ཆག་རྒྱུ་ཡིན་པ་དང་། གཞན་སྐད་འཕྲིན་བེད་སྤྱོད་བྱེད་མཁན་ས་ཡ་ ༤༠ དང་། ལཱན་བེད་སྤྱོད་གཏོང་མཁན་ས་ཡ་ ༢༠ ལྷག་ཡར་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད།


·གསར་འགྱུར་གོང་མ:བགྲེས་པོའི་འབེལ་གཏམ་ཐེངས་༡༤པ་ལེགས་ཐོན་བྱུང་བ།
·གསར་འགྱུར་འོག་མ:སྟོན་པས་ཆོ་འཕྲུལ་གྱི་མཛད་པ་བསྟན་ཚུལ་རིན་ཆེན་རྒྱུད་མངས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·སྙན་ངག་པའི་དུས་སྟོན་དང་སྙན་ངག་མྱོང་རོལ། 2011/11/29 14:45:11
·སློབ་ཆུང་བོད་ཡིག་སློབ་དེབ་དང་འཁྲིད་ཐབས་དཔྱད་གླེང་གི་བརྡ་སྦྱོར། 2011/11/23 12:28:44
·བོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་རྩོམ་ཡིག་བསྡུ་བའི་བརྡ་ཐོ། 2011/11/7 23:15:31
·ཨེ་མ་ཧོའི་རིག་མཛོད་ཁང་གི་གསལ་བསྒྲགས། 2011/10/21 18:17:24
·རང་སྦྱོང་རྒྱུགས་སྤྲོད་སློབ་མ་བསྡུ་བའི་བརྡ་སྦྱོར། 2011/10/11 22:37:53
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 9:17:34 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 12:26:14 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 18:30:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS