ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

རྗེ་བཙུན་མི་ལ་རས་པའི་རྣམ་ཐར་གསོལ་འདེབས།

[རྩོམ་པ་པོ:ཀོང་སྤྲུལ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2014/3/15 12:35:14  བཀླགས་ཐེངས:1209][ཡིག་གཟུགས:ཡིག་གཟུགས་མདོག]
༄༅།  །རྗེ་མི་ལ་བཞད་པ་རྡོ་རྗེ་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་

ངོ་མཚར་རྒྱ་མཚོའི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

༄༅༅།   །ན་མོ་གུ་རུ་བྷཊ་ཧཱ་ས་བཛྲཱ་ཡ །ཕུན་ཚོགས་སྤྱོད་པ་བྱ་དཀའ་རླབས་ཆེན་གྱིས།  །ཕུན་ཚོགས་གོ་འཕང་མཆོག་བརྙེས་མི་ལ་རྗེར།  །ཕུན་ཚོགས་དད་གུས་དྲག་པོས་གསོལ་འདེབས་ན།  །ཕུན་ཚོགས་དགེ་ལེགས་འདོད་རྒུའི་བྱིན་ཆེན་ཕོབས།   །རླབས་ཆེན་ཐུགས་བསྐྱེད་གདུལ་བྱའི་ལེགས་བྱས་ཀྱིས།  །བསྐུལ་ནས་མང་ཡུལ་གུང་ཐང་སྐྱ་རྔ་རྩར།  །ཚུལ་བཟང་ཡབ་ཡུམ་ཐབས་ཤེས་ཤར་རི་ལས།  །མཛེས་སྐུའི་ཉིན་བྱེད་ཤར་ལ་གསོལ་བ་འདེབས།  །རིང་མིན་འདི་སྣང་ཕུན་ཚོགས་མདུན་ཐབས་སྤྲིན།  །ཉེ་བ་དགྲར་ལངས་བརླང་སྤྱོད་འཐོར་རླུང་ཆེའི།  །གཏོར་ནས་མ་བུ་ཉམ་ཐག་ཕུལ་ཕྱིན་པའི།  །སྡུག་བདེན་ཉམས་སུ་བཞེས་ལ་གསོལ་བ་འདེབས།  །མི་ཟད་སྣང་ཚུལ་མ་བཟོད་མས་བསྐུལ་ནས།  །མཐུ་ཆེན་གཡུང་སྟོན་ལ་སོགས་ཚུལ་བཞིན་དུ།  །བསྟེན་ཅིང་མཐུ་གཏད་སེར་ཆེན་གནམ་ལྕགས་ཀྱིས།  །དགྲ་དཔུང་ཐལ་བར་བརླགས་ལ་གསོལ་བ་འདེབས།  །ལྟར་སྣང་སྡིག་ལས་རྔམ་ཆེར་ཐུགས་འགྱོད་ནས།  །རོང་སྟོན་ལུང་བཞིན་ལས་སྨོན་མཐུ་སྨིན་པས།  །སྒྲ་བསྒྱུར་མར་པའི་མཚན་ཐོས་དགའ་དད་ཀྱིས།  །ཞལ་དཀྱིལ་དངོས་སུ་མཇལ་ལ་གསོལ་བ་འདེབས།  །གང་དེའི་བཀའ་ལུང་ལྕི་བའི་ཁུར་ཆེན་པོ།   །རྣམ་མང་དཀའ་སྤྱད་དྲག་པོས་ལྷུར་བཞེས་ནས།  ཐབས་མཁས་ཡི་ཆད་མང་པོས་སྡིག་སྒྲིབ་རྣམས།  །སྦྱངས་ནས་སྐལ་ལྡན་སྣོད་གྱུར་གསོལ་བ་འདེབས།  །དེ་ནས་བརྩེ་བ་ཆེན་པོའི་ཆུ་ཁུར་ལས།  །སྨིན་གྲོལ་གདམས་པའི་ཆར་རྒྱུན་ཆེར་ཕབས་ཤིང།  །འབྱུང་འགྱུར་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་ཀྱིས།  །དབྱར་རྔ་རྒྱ་ཆེར་བསྒྲགས་ལ་གསོལ་བ་འདེབས།  །བླ་མའི་བཀའ་བཞིན་སྒྲུབ་པ་ལ་འབད་པས།  །སྔོན་གོམས་བག་ཆགས་ས་བོན་མཐུ་རྒྱས་ཏེ།  །ངེས་ཤེས་གོ་ཡུལ་རྟོགས་པ་རྒྱ་ཆེར་ཕུལ།  །ཡབ་ཡུམ་ཤིན་ཏུ་དགྱེས་ལ་གསོལ་བ་འདེབས།  །མགོན་དེའི་ཐུགས་བཅུད་གདམས་པ་མ་ལུས་དང།  །ཆིག་བརྒྱུད་ཟབ་མོའི་བདག་པོར་མངའ་གསོལ་ཞིང།  །མནལ་ལྟས་ཀྱིས་བསྐུལ་བཀའ་བཞིན་རང་ཡུལ་དུ།  །སླར་ཡང་བདེ་བར་གཤེགས་ལ་གསོལ་བ་འདེབས།  །དེ་ཚེ་ཡུམ་དང་ཁང་ཞིང་མཆོད་གནས་སོགས།  །ཀུན་གྱིས་མི་རྟག་སྒྱུ་མའི་ཚུལ་བསྟན་པས།  །སླར་ཡང་སྐྱོ་ཤས་ངེས་འབྱུང་ཚད་མེད་པས། །སྒྲུབ་པའི་དམ་བཅའ་མཛད་ལ་གསོལ་བ་འདེབས།  །རྟ་སོ་ལ་སོགས་དབེན་གནས་དུ་མ་རུ།  །བླ་མའི་བཀའ་བཞིན་སྐུ་ཚེ་བློས་བཏང་ནས།  །སྲོག་འཚོའི་དཀའ་སྤྱད་དྲག་པོས་སྒོམ་སྟོབས་ཀྱིས། །ངོ་མཚར་ཡོན་ཏན་བརྙེས་ལ་གསོལ་བ་འདེབས། །དེ་ལྟར་རྟོགས་པ་བླ་མེད་མཆོག་ཐོབ་ནས།  །རྣམ་མང་གདུལ་བྱ་མི་དང་མི་མིན་ལ།  །སྐོར་ཚོགས་རྒྱ་མཚོར་ཐབས་མཁས་སྒྲུབ་འབྲས་ཀྱིས།  །བསྟན་འགྲོའི་དོན་ཆེན་མཛད་ལ་གསོལ་བ་འདེབས།  །མགོན་ཁྱོད་འཕྲིན་ལས་རྒྱ་མཚོའི་མཐའ་བྲལ་ཡང།  །མཐུན་སྣང་རྣམ་པར་བྱང་བའི་མཛད་པ་ཡིས།  །འགྲོ་དོན་རླབས་ཆེན་རྫོགས་ནས་གཟུགས་ཀྱི་སྐུ།  །ཆོས་དབྱིངས་ཐིམ་ཚུལ་བསྟན་ལ་གསོལ་བ་འདེབས།  །དེ་ལྟར་ཐུན་མོངས་འཇིག་རྟེན་མཛད་པ་དང།  །མཆོག་གྱུར་ཞི་བའི་མཛད་པ་ཡ་མཚན་ཞིང།  །ངོ་མཚར་ཆེ་བ་གཉིས་ལྷག་བཅུ་ཕྲག་གི།  །སྒོ་ནས་དད་འདུན་དྲག་པོས་གསོལ་འདེབས་ན།  །ཐོག་མར་ལམ་སྟོན་དགེ་བའི་བཤེས་གཉེན་མཆོག།  །ལུས་དང་སྲོག་ལ་ལྟོས་མེད་ཚུལ་བཞིན་དུ།  །ཅི་གསུང་བཀའ་བཞིན་སྒྲུབ་པས་མཉེས་པར་མཛད།  །བདག་ཀྱང་ཁྱེད་བཞིན་གྱུར་ཅིག་མི་ལ་རྗེ།  །བར་དུ་གདམས་དོན་མི་མེད་རི་ཕུག་ཏུ།  །སྲོག་འཚོ་ཙམ་ལ་བརྟེན་ནས་དཀའ་སྐྱེད་དང།  །བརྩོན་འགྲུས་དྲག་པོས་སྒྲུབ་པ་སྙིང་པོར་མཛད།  །བདག་ཀྱང་ཁྱེད་བཞིན་གྱུར་ཅིག་མི་ལ་རྗེ།  །མཐའ་མར་སྒྲུབ་འབྲས་འཕྲིན་ལས་རྒྱ་ཆེན་པོས།  །སྐལ་ལྡན་གདུལ་བྱ་མི་དང་མི་མིན་ཚོགས།  །མཐའ་ཡས་སྨིན་གྲོལ་ལམ་ལ་འགོད་པར་མཛད།  །བདག་ཀྱང་ཁྱེད་བཞིན་གྱུར་ཅིག་མི་ལ་རྗེ།  །མདོར་ན་མགོན་ཁྱོད་རྣམ་ཐར་ངོ་མཚར་གཟུགས།  །དང་བའི་པིར་གྱིས་སེམས་ཀྱི་མེ་ལོང་ངོས།  །བྲིས་ནས་གུས་པས་གསོལ་བ་འདེབས་ལགས་ན།  །བདག་ཀྱང་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས།     །ཞེས་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ཞེས་མཚན་སྙན་གྱི་བ་དན་སྲིད་རྩེར་གཡོ་བའི་སྐྱེས་བུ་མཆོག་ལ་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་ངོ་མཚར་རྒྱ་མཚོའི་ལྡེ་མིག་ཅེས་བྱ་བ་འདི་ནི།    དད་བརྩོན་རྣམ་དཔྱོད་དང་ལྡན་པ་དིང་རི་འབྲང་འགག་པའི་བུ་ཆོས་ཀྱི་རྒྱལ་མཚན་ནས་ནན་ཏན་བསྐུལ་བ་ལ་བརྟེན་ནས།  དད་ལྡན་པར་པ་དཔལ་ལྡན་ལགས་ནས་རྗེ་བཙུན་མི་ལའི་རྣམ་ཐར་གྱི་གསོལ་འདེབས་ངོ་མཚར་རྒྱ་མཚོའི་ལྡེ་མིག་འདི་སླར་ཡང་གསར་བསྐྲུན་བགྱིས་པའོ།།  དགེ་ལེགས་འཕེལ།  །ཡིག་གཏག་ཞུ་དག  གཡང་དཀར་སྐྱིད། ཚངས་དབྱངས་དྲ་བས་མཁོ་འདོན་ཞུས།

·གསར་འགྱུར་གོང་མ:སྟོན་པས་ཆོ་འཕྲུལ་གྱི་མཛད་པ་བསྟན་ཚུལ་རིན་ཆེན་རྒྱུད་མངས།
·གསར་འགྱུར་འོག་མ:ལྷ་ལྡན་སྨོན་ལམ་ཆེན་མོའི་སྐོར་བཤད་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 4:30:31 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:34:13 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 9:55:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS