ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

ཡ་རབས་སྤྱོད་བཟང་སྐོར་གྱི་བཀའ་སློབ།

[རྩོམ་པ་པོ:རྗེ་བདག་ཉིད་ཆེན་པོ།  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/3/19 13:04:47  བཀླགས་ཐེངས:1577][ཡིག་གཟུགས:ཡིག་གཟུགས་མདོག]
ཡ་རབས་སྤྱོད་བཟང་སྐོར་གྱི་བཀའ་སློབ།  
   
     མིའི་ཚེ་ནང་ཡ་རབས་སྤྱོད་བཟང་ནི་སྲོག་དང་འདྲ་བ་ཡིན། སྲོག་དང་བྲལ་ན་རོ་ཡིན་པ་ལྟར་ཡ་རབས་སྤྱོད་བཟང་དང་བྲལ་ན་རྩ་བ་རུལ་བའི་སྡོང་པོ་ལྟ་བུ་ཡིན། ཕྱོགས་གཞན་ནས་བརྗོད་ན། ཡ་རབས་སྤྱོད་བཟང་མེད་ན་མིའི་གཟུགས་བརྙན་ཡང་དུད་འགྲོ་དང་ཁྱད་པར་མེད། དོན་དེ་ལ་དགོངས་ནས་མི་ཡི་ཤ་ཚུགས་ཕྱུགས་ཀྱི་འདུ་ཤེས་ཅན་ཞེས་གསུངས་ཡོད། དེའི་ཕྱིར་མི་གཞན་དག་ལ་ཡང་རང་དང་འདྲ་བར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་ཚོར་བ་ཡོད་པ་དེ་བསམ་པ་དང་ཤེས་པའི་སྒོ་ནས་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་གཞན་བེད་སྤྱོད་ལོག་པ་གཏོང་མི་རུང་། འཛམ་གླིང་གི་ཕྱི་དངོས་པོ་ཡར་རྒྱས་ཕྱིན་ཡོད་རུང་། སྐྱེས་ནས་མ་ཤི་བར་དུ་སྡོད་སའི་ལུང་པ་འདིའི་ནང་མི་ཕན་ཚུན་གཅིག་གིས་གཅིག་ལ་གུས་བརྩི་དང་། དགའ་ཞེན། ཕན་གྲོགས། ཤ་ཚ་བའི་བསམ་བློ་བཅས་བརླག་པ་ཡིན་ན་མི་ཚེའི་སྙིང་པོ་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད། སྔ་དྲོ་ལངས་པ་ནས་སེམས་བཟང་པོའི་ངང་ཉི་མ་བསྐྱལ་བ་ཡིན་ན། དགོང་མོ་ཉལ་ཁར་བློ་བདེ་པོ་ཡོང་བ་དང་། གཉིད་ཀྱང་སྐྱིད་པོ་ཁུག་གི་རེད། དེ་མིན་སྔ་དྲོ་ལངས་པ་ནས་སེམས་ངན་འཆང་སྟེ་མི་ལ་ཁ་དགྲ་སྣ་དགྲ་བསགས་པ་དང་། གཞན་ལ་གནོད་སེམས་ཀྱི་ཐུབ་ཚོད་བཏང་བ། རྒྱག་རེས་བརྒྱབས་ཏེ་རྒྱལ་ཁ་ཐོབ་ཀྱང་དགོང་དྲོ་སེམས་ནང་མ་བདེ་ཤིག་ཤིག་གིས་མི་སྐྱིད་པ་དང་། ཁྲག་ཤེད་འཕར་བ། ཐ་ན་གཉིད་སྨན་ཟ་དགོས་པ། གཉིད་ཁུག་ཀྱང་རྨི་ལམ་འཁྲུག་པ་སོགས་མི་བདེ་བ་ཡོང་རྒྱུ་ཡིན། དེ་ལྟར་ཡོང་གི་ཡོད་མེད་བརྟག་དཔྱད་བྱས་ཚེ་ཉམས་མྱོང་གི་ཐོག་ནས་ར་སྤྲོད་གསར་པ་ཞིག་རྙེད་ངེས་ཡིན། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། བསམ་པ་ངན་ན་ས་དང་ལམ་ཡང་ངན། ཐམས་ཅད་བསམ་པ་དག་ལ་རག་ལས་སོ། ཞེས་གསུངས་པ་ལྟར། སེམས་བཟང་པོ་བྱས་ན། རང་སྐྱིད་པ། གཞན་ལ་ཕན་པ། རོགས་པ་ལ་དགའ་བ། སྤྱི་ཚོགས་ལའང་ཕུགས་རྒྱང་རིང་པོ་ཞི་བདེ་ལྷིང་འཇགས་ཡོང་བའི་ཕན་ཐོགས་ཆེན་པོ་ཡོད། དེ་ལས་ལྡོག་སྟེ་བསམ་པ་ངན་པ་འཆང་ན། རང་མི་སྐྱིད་པ། གཞན་མི་བདེ་བ། གྲོང་རོགས་ཚུན་མི་དགའ་བ། སྤྱི་ཚོགས་ལའང་ཕུགས་རྒྱང་རིང་པོར་ཞི་བདེ་ལྷིང་འཇགས་མི་ཡོང་བའི་ཉེས་སྐྱོན་ཡོང་གི་རེད། ཡ་རབས་སྤྱོད་བཟང་འཕེལ་རྒྱས་གཏོང་རྒྱུར་དངོས་གཙོའི་རིང་ལུགས་ཀྱིས་ཕན་ནུས་བཏོན་མི་ཐུབ་པ་མྱོང་བས་གྲུབ་པ་དང་། བྱམས་སྙིང་རྗེ་དང་། འདོད་ཆུང་ཆོག་ཤེས་ནི་ནང་པའི་ཆོས་ཀྱི་བསླབ་བྱའི་སྙིང་པོ་ཞིག་ཡིན། ཤིན་ཏུ་དགོས་གལ་ཆེ་བའི་གཤིས་རྒྱུད་བཟང་པོ་འདི་དག་གོང་སྤེལ་གཏོང་བའི་ལས་འགན་དེ་སྤྱི་ཚོགས་ཀྱི་ཚོགས་སྡེ་ཁག་དང་། ལས་ཀྱི་སྣེ་མོར་ཡོད་པའི་འགོ་འཁྲིད་མི་སྣ། ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པ་བཅས་ཀྱི་ཕྲག་སྟེང་དུ་བབས་ཡོད། དེས་ན་ཚང་མས་ལྷག་བསམ་བཟང་པོའི་སྒོ་ནས་དམིགས་ཡུལ་བཟང་པོ་འདི་འགྲུབ་པའི་ཆེད་དུ་ནུས་ཤུགས་གང་ཡོད་བཏོན་ཏེ་འབད་བརྩོན་གནང་དགོས་པ་ཡིན། བྱམས་པ་དང་སྙིང་རྗེ། དྲང་བདེན། འདྲ་མཉམ་བཅས་ཀྱི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་ང་ཚོ་རང་ཉིད་ཐེ་བས་རྒྱ་ཆེའི་མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་ཡིན་གཤིས། ཡ་རབས་སྤྱོད་བཟང་གི་རྨང་གཞིའི་ཐོག་ནས་འཛམ་གླིང་སྤྱི་ཡོངས་ཀྱི་དོན་དུ་ཚང་མས་སེམས་ཁུར་མཉམ་ལེན་བྱ་དགོས། དེ་ལྟ་བུའི་འཛམ་གླིང་ཞིག་བསྐྲུན་པའི་དོན་དུ་མ་འོངས་པའི་རེ་བ་བཅོལ་སའི་མི་རབས་ལ་ཆུང་བྱིས་པའི་དུས་ནས་གོམས་གཤིས་འཇགས་ཐབས་སུ་ཤ་ཚའི་སྒོ་ནས་སློབ་སྦྱོང་སྤྲོད་དགོས།    ༼བཀའ་སློབ་སྙིང་གི་ནོར་བུ་ལས།
·གསར་འགྱུར་གོང་མ:ལྷ་ལྡན་སྨོན་ལམ་ཆེན་མོའི་སྐོར་བཤད་པ།
·གསར་འགྱུར་འོག་མ:འཛམ་གླིང་དང་བོད་ཀྱི་རི་མོའི་ཕྲན་དཔྱད།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 6:46:58 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 19:19:11 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 8:48:18 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS