ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

བོད་ཀྱི་སྲིད་དོན་མཁས་དབང་འབའ་པ་ཕུན་ཚོགས་དབང་རྒྱལ་སྐུ་གཤེགས་པ།

[རྩོམ་པ་པོ:དོན་  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/3/30 22:28:13  བཀླགས་ཐེངས:1348][ཡིག་གཟུགས:ཡིག་གཟུགས་མདོག]

བོད་ཀྱི་གསར་བརྗེ་པ་དང་སྲིད་དོན་མཁས་པ། མཚན་ཉིད་རིག་པ་མཁས་ཅན་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་སྐུ་གཤེགས་པ།

马克思主义哲学家平措旺杰在京逝世
འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག

དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་པེ་ཅིན་གྱི་ཞོགས་པའི་ཆུ་ཚོད་ ༧།༡༠ ཡས་མས་སུ། བོད་ཀྱི་གསར་བརྗེ་པ་ཆེན་མོ་དང་། མཚན་ཉིད་རིག་པ་བ་གྲགས་ཅན་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་རྒྱ་ནག་པེ་ཅིན་སྨན་ཁང་དུ་སྐུ་གྲོངས་ཡོད་པའི་གནས་ཚུལ་འབྱོར་ཡོད་པ་དང་།  ད་ལྟ་དགུང་ལོ་ ༩༣ ཡིན་འདུག
འབའ་བ་ཕུན་ཚོགས་དབའ་རྒྱལ་མཆོག་ནི། ཕྱི་ལོ་ ༡༩༢༢ལོའི་བོད་ཟླ་ ༡༠ ཚེས་ ༢༥ སྟེ་དགའ་ལྡན་ལྔ་མཆོད་ཉིན། ཁམས་འབའ་ཐང་གྲོང་རྡལ་དུ་སྐུ་འཁྲུངས། རང་ལོ་བདུན་གྱི་ཐོག་རྒྱ་གཞུང་གིས་བཙུགས་པའི་འབའ་ཐང་དེང་རབས་སློབ་གྲྭའི་ནང་ཞུགས་ཏེ་སློབ་གཉེར་གནང་། ༡༩༣༦ ལོར་ཅང་ཅེ་ཧྲིའི་ཆབ་སྲིད་སློབ་གྲྭའི་ཡན་ལག་བོད་སོག་ཨུ་ཡོན་ལྷན་ཁང་གིས་གོ་མིན་ཏང་སྲིད་གཞུང་ནང་ལས་ཞབས་ཞུ་མཁན་བོད་དང་གྲངས་ཉུང་མི་རིགས་གཞན་དག་གི་བུ་ཕྲུག་སྦྱོང་བརྡར་ཞུ་སའི་སློབ་གྲྭར་སློབ་གཉེར་གནང་ཡོད། ནན་ཅིན་དང་ཁྲོན་ཆིན་བཅས་སུ་སློབ་གཉེར་གནང་སྐབས་རྩོམ་སྒྲིག་པ་སོགས་ཀྱི་ཕྱག་ལས་གནང་བ་དང་། སློབ་གྲྭའི་ནང་གསང་བའི་དམར་ཤོག་ཚོགས་པ་གསར་འཛུགས་དང་། ༡༩༣༩ ལོར་བོད་རིགས་དམར་ཤོག་ཚོགས་པ་གསར་འཛུགས་བཅས་ཀྱི་ཕྱག་ལས་གནང་། ༡༩༥༡ ལོའི་ཕྱི་ཟླ་ ༤ བར་ང་ཕོད་ངག་དབང་འཇིགས་མེད་དང་མཉམ་དུ་པེ་ཅིན་དུ་ཕྱིན་ཏེ། སྐབས་དེའི་བཀའ་ཤག་དང་པེ་ཅིན་སྲིད་གཞུང་གི་འབྲེལ་མོལ་དང་༼གྲོས་མཐུན་དོན་ཚན་བཅུ་བདུན༽འཇོག་སྐབས་ཀྱི་སྐད་བསྒྱུར་བའི་ཕྱག་ལས་གནང་ཡོད། ༡༩༥༣ ལོར་ཀྲུང་དབྱང་དམངས་ཨུའི་ཆབ་སྲིད་དང་རིག་གནས་སྡེ་ཁག་གི་འགན་འཛིན་དང་མི་རིགས་དཔེ་བསྐྲུན་ཁང་གི་འགན་འཛིན་གཞོན་པ་བཅས་ཀྱི་ཕྱག་ལས་གནང་བར་མ་ཟད། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་མཉམ་རུབ་ཐོག་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་ཁོར་ཡུག་དང་བཅས་པའི་སྲུང་སྐྱོབ་ཐད་ཕྱག་ལས་རབ་དང་རིམ་པ་གནང་བ་དང་། ༸གོང་ས་མཆོག་གི་སྐུ་ཚབ་རིམ་པར་སློབ་སྟོན་དང་རྒྱབ་སྐྱོར་བཅས་བོད་ཀྱི་ལས་དོན་ཁག་གི་ཐོག་རླབས་ཆེན་གྱི་ཕྱག་ལས་གནང་ཡོད།
སྔ་རྗེས་སུ་ཀྲུང་གུང་ཤར་བོད་མཐའ་མཚམས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་། ལྷོ་ནུབ་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཟིའི་འགོ་གཙོ་གཞོན་པ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་མི་རིགས་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ། སྐབས་དང་པོའི་རྒྱལ་ཡོངས་དམངས་འཐུས་ཀྱི་འཐུས་མི། སྐབས་ལྔ་བ་དང་བདུན་པའི་རྒྱལ་ཡོངས་དམངས་འཐུས་རྒྱུན་ཨུ་སོགས་ཀྱི་འགན་བཞེས་མྱོང་།  ཁོང་གིས། ༡༩༥༡ ལོ་ནས་ ༡༩༥༨ ལོའི་བར་བོད་རིགས་མགོ་ཁྲིད་ལས་བྱེད་པའི་ཕྱག་ལས་གནང་ཡོད།
ཁོང་ནི་ལོ་རབས་སུམ་ཅུ་བའི་དུས་མཇུག་ཙམ་དུ་དེང་རབས་ཀྱི་ཤེས་ཡོན་ཐོབ་ཟིན་ཅིང་། མི་རིགས་རིང་ལུགས་པ་ངར་མ་ཞིག་ཡིན་འདུག་ལ། ཁོང་གི་མི་ཚེ་དེ་བོད་ཀྱི་མངའ་ཞབས་དང་། ཁམས། ཨ་མདོ་བཅས་ཀྱི་བོད་རིགས་ཡོངས་ལ་ཁྱབ་ལ། བོད་མི་རང་གིས་འཛིན་སྐྱོང་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་ཤིག་བསྐྲུན་ཆེད་འབད་འཐབ་བྱེད་རྒྱུའི་དོན་ལ་ལེགས་སྐྱེས་སུ་ཕུལ་ཡོད། ཁོང་གིས་དམིགས་ཡུལ་འདི་སྒྲུབ་ཆེད་རང་སྒེར་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པའི་གནས་སྟངས་འོག་ངལ་བ་འཛེམས་མེད་ཀྱིས། ཐོག་མར་རང་ཉིད་ཀྱིས་བཙུགས་པའི་བོད་རིགས་དམར་ཤོག་ཚོགས་པ་དང་། དེ་ནས་རྒྱ་ནག་དམར་ཤོག་ཚོགས་པ་བརྒྱུད་འབད་བརྩོན་བྱས་ཡོད། མཐའ་མར་ཁོང་དང་ཁོང་གི་བློ་མཐུན་ཚོ་ཕམ་ཉེས་བྱུང་སྟེ། པེ་ཅིན་བྱང་ཕྱོགས་ཆིན་ཁྲེན་བཙོན་ཁང་ཨང་དང་པོའི་ནང་ལོ་ ༡༨ བསྐྱལ་དགོས་བྱུང་། ༡༩༧༨ ལོར་བཙོན་གྲོལ་བྱུང་བ་དང་ལོ་གཉིས་ཀྱི་རྗེས་ཆབ་སྲིད་ཀྱི་དབང་ཆ་བསྐྱར་གསོ་བྱུང་རྗེས།  ཁོང་གིས་མུ་མཐུད་རྒྱ་ནག་ནང་མི་རིགས་ཀྱི་སྲིད་བྱུས་སྐོར་ལ་སྐད་ཆ་བཤད་པ་དང་རྩོམ་ཡིག་བྲིས་ཏེ། དབུས་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་སྲིད་བྱུས་འཛིན་ཕྱོགས་ཐད་དག་ཐེར་དཔྱད་ཞིབ་བྱེད་མཁན་ཞིག་ཏུ་གྱུར་ཡོད།
སྐབས་དེར་ཆིན་ཁྲིང་ཆབ་སྲིད་བཙོན་ཁང་དང་པོའི་ནང་ཁོང་གིས་མཐའ་མཇུག་བྲིས་བའི་སྙན་ཚིག་དུམ་པུ་ཞིག་ཡོད་པ་འདི་ལྟར། ཉི་གཞོན་འོད་ཐིག་སྒེའུ་ཁུང་ཟུར་ནས་འཕྲོས།། ནུབ་ཁའི་ཉི་འོད་ལྕགས་སྒོའི་ངོགས་སུ་གསལ།། ཉམ་ངའི་བཙོན་ཁང་སྒོ་ལྕགས་མདོ་སྦུག་མནན།། གཅིག་པུར་གྱང་ལ་མི་ལོ་བཅོ་བརྒྱད་བལྟས།། དབྱར་དགུན་སྟོན་དཔྱིད་ཡོལ་ནས་བསྐྱར་དུ་སླེབས།། དཔྱིད་ཀྱི་མེ་ཏོག་སྟོན་གྱི་ཟླ་བ་དེ།། ལྕགས་རི་མཐོན་པོའི་ཕྱི་ལ་གནས་པ་ཙམ།། འཇིག་རྟེན་འདི་རུ་ཁྲིམས་གཅོད་གཏོང་ཐབས་མང།། སྐྱེས་ཆེན་དམ་པ་སྔར་ནས་གནོད་ཅིང་འཚེ།། གནས་བབ་ལས་དབང་སྐྱོ་བ་བཀའ་དྲིན་ཆེ།། ཐོས་བསམ་འབད་པ་བསྐྱེད་པས་གོ་རྟོགས་རྙེད།། དེ་ཡིས་རང་གཞན་གཉིས་ཀར་རྒྱུས་ལོན་དང༌།། འཇིག་རྟེན་ཁམས་ཀྱི་འཕོ་འགྱུར་གནས་ལུགས་རྟོགས།། སྡུག་བསྔལ་ཁྲོད་ནས་བདེ་བ་འཚོལ་ནས་སུ།། བདེ་བའི་སེམས་ཀྱིས་སྡུག་བསྔལ་གཞོམ་པར་བྱེད།། དཀའ་ཡང་སྐྱིད་པའི་འབྲས་བུ་ལག་ཏུ་སོན།། ང་ནི་རང་དབང་ཆེད་དུ་རང་དབང་ཤོར།། རང་དབང་མེད་ཀྱང་རང་དབང་ཡོད་པ་ཡིན།། ཞེས་སོ།
འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གིས་ད་ལྟའི་བར་ཕྱག་ལས་ཀྱི་ཞོར་དུ། ༼རྩོད་སྒྲུབ་རིག་པ་གསར་དཔྱད༽དང་༼ཟླ་བའི་གོ་ལའི་སླ་གཟུགས་ཀྱི་རྣམ་བཤད༽། ༼རང་བྱུང་རྩོད་སྒྲུབ་རིག་པ་གསར་དཔྱད༽། ༼རང་རྒྱལ་གྱི་མི་རིགས་གནད་དོན་དང་མི་རིགས་ལས་དོན་སྐོར་གྱི་ཕྱིར་རྟོག༽ བཅས་བརྩམས། ༡༩༩༧ལོར་ཁོང་གིས་གཙོ་སྒྲིག་མཛད་པའིཀྲུང་གོའི་མི་རིགས་ཁྲིམས་སྐྱོངས་རྩོམ་ཡིག་གཅེས་བསྡུསཞེས་པ་དཔར་སྐྲུན་མཛད།   ཁོང་གི་ཡིག་འབྲུ་འབུམ་བརྒྱད་ལྷག་ཙམ་ཡོད་པའི་རྩོད་སྒྲུབ་རིག་པ་ལ་ཞིབ་འཇུག་བྱས་པའི་བསྟན་བཅོས་ཆེན་པོརྩོད་སྒྲུབ་རིག་པར་གསར་དཔྱདཅེས་པ་དེར། པེ་ཅིན་གྱི་སྙན་གྲགས་ཅན་གྱི་མཚན་ཉིད་རིག་པ་བ་དང་རིགས་གཞུང་ཆེད་མཁས་དྲུག་ཅུ་ལྷག་གིས་བསྟན་བཅོས་འདི་ལ་གདེང་འཇོག་བླ་ན་མེད་པ་གནང་ཡོད། ཡང་༡༩༩༤ལོར་ཁོང་གིས་བྲིས་པའིཟླ་བའི་གོ་ལའི་གཤེར་གཟུགས་ཀྱི་རྣམ་བཤདཅེས་པའི་དཔེ་དེབ་དེ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་རྗེས་རྒྱལ་ཁབ་ཕྱི་ནང་གི་མཚན་ཉིད་རིག་པ་བ་དང་།  གནམ་དཔྱད་མཁན་པོ་ཚོས་ཁས་ལེན་དང་བསྟོད་བསྔགས་ཆེན་པོ་ཐོབ་པ་རེད། ཟླ་བའི་གོ་ལ་དང་བཅས་པའི་སྐར་མའི་གོ་ལ་རྣམས་ཀྱི་ཐོག་ཏུ་སླ་གཟུགས་རྩད་གཅོད་བྱེད་པའི་མཚན་ཉིད་རིག་པའི་ཚན་རིག་གི་བསྟན་བཅོས་འདི་ནི་རྩོམ་པ་པོས་རྩོད་སྒྲུབ་རིག་པར་གསར་ཞིབ་ཀྱི་ནང་ནས་ཕྱོགས་བསྡོམས་བྱས་པའི་རྩ་བའི་སྙིང་བཅུད་དང་། དེང་རབས་གནམ་དཔྱད་རིག་པའི་སྐར་གཟུགས་གནས་སྟངས་དང་འབྲེལ་བའི་པའི་དཔྱད་གཞི་གསར་ཤོས་རྣམས་ཟུང་འབྲེལ་བྱས་ཐོག་རྩོད་སྒྲུབ་རིག་པའི་སྒོ་ནས་དབྱེ་ཞིབ་དང་། མཚན་ཉིད་རིག་པའི་སྒོ་ནས་སྒྲུབ་བྱེད་བཀོལ་ནས། ཟླ་བའི་གོ་ལ་དང་བཅས་པའི་སྐར་གཟུགས་ཡོད་ཚད་ཐམས་ཅད་ཀྱི་ནང་དུ་སླ་གཟུགས་ཡོད་པར་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་གནང་ཡོད།  ཁོང་གི་མཚན་ཉིད་རིག་པའི་བསྟན་བཅོས་ཆེན་མོཟླ་བའི་གོ་ལའི་གཤེར་གཟུགས་ཀྱི་རྣམ་བཤདཅེས་པ་སྔ་ཕྱིར་བོད་ཡིག་དང་ཉི་ཧོང་ཡི་གེར་པར་བསྐྲུན་འགྲེམ་སྤེལ་ཞུས་ཡོད། །
ཁོང་གིས་གོང་སས་བཏོན་པའི་གཉིས་སྨན་དབུ་མའི་ལམ་ལ་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་ཐོག  རྒྱ་ནག་གི་སྲིད་འཛིན་ཅང་ཙི་མིན་དང་ཧུའུ་ཅིན་ཐོའུ། ཞིང་ཅིན་པན་བཅས་ལ་རྒྱ་བོད་བར་གྱི་དཀའ་ངལ་སེལ་བ་ལ་དབུ་མའི་ལམ་ལས་ལྷག་པ་མེད་ཅིང་། ད་ལྟ་དུས་ལ་བབ་ཡོད་སྐོར་གྱི་གསལ་བཤད་ཞིབ་རྒྱས་བྲིས་ཏེ་ཕུལ་བ་སོགས་བོད་མི་རིགས་ལ་ཞེན་ཧ་ཅང་ཆེ་བའི་དཔའ་བོ་ཞིག་ཡིན། གོང་ས་མཆོག་གིས་ཀྱང་བསྔགས་བརྗོད་ཀྱི་མེ་ཏོག་རྟག་ཏུ་འཐོར་སའི་སྐྱེས་ཆེན་དམ་པ་ཞིག་ཡིན། །  མདོར་ན་འབའ་བ་ཕུན་ཚོགས་དབང་རྒྱལ་ནས་རང་གི་མི་ཚེ་ལ་འོད་སྟོང་ལྡན་པ་ཞིག་དང་། ཕ་ཡུལ་གངས་རིའི་ལྗོངས་སུ་མི་རིགས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་དང༌། འབྱོར་ཕྱུག་ལྡན་པའི་དེང་རབས་ཅན་གྱི་གངས་ལྗོངས་ཞིག་ཏུ་འགྱུར་ཆེད། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་བློ་སྤོབས་ཆེན་པོས་དཀའ་སྡུག་སྣ་ཚོགས་རྒྱབ་ཏུ་བསྐྱུར་ནས་འབད་བརྩོན་གནང་བའི་སྙིང་སྟོབས་དང་མཛད་རྗེས་ནི་ང་ཚོ་མི་རབས་ཕྱི་མ་རྣམས་ཀྱིས་ཤེས་རྟོགས་དང་སློབ་སྦྱོང་ཞུ་དགོས་པའི་གནད་དམ་པ་ཞིག་རེད་འདོད། །

·གསར་འགྱུར་གོང་མ:ནཱ་ལེན་དཱ་སློབ་ཆེན་བསྐྱར་བསྐྲུན།
·གསར་འགྱུར་འོག་མ:མི་ཚེ་དོན་དང་ལྡན་པ་ཡོང་བའི་ཆ་རྐྱེན་བཞི།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:49:02 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:15:23 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/14 19:36:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS