ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
གསར་འགྱུར་ཀློག་པ།

དཔལ་རྒྱལ་དབང་ཀརྨ་པའི་སྐྱེ་དགུའི་ས་ཡོམ་སྐབས་ཀྱི་གསུང་།

[རྩོམ་པ་པོ:ངག་གི་དབང་ཕྱུག  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/4/14 10:36:16  བཀླགས་ཐེངས:1137][ཡིག་གཟུགས:ཡིག་གཟུགས་མདོག]

དཔལ་རྒྱལ་དབང་ཀརྨ་པའི་སྐྱེ་དགུའི་ས་ཡོམ་སྐབས་འདས་གསོན་

ཡོངས་ལ་བསྔོ་སྨོན་གྱི་གསུང་།

༄།།དཔལ༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་དབང་གི་རྡོ་རྗེའི་ཞལ་སྔ་ནས་ཀྱི་སྐྱེ་དགུ་ས་ཡོམ་སྐབས་ཀྱི་ཤི་བོ་རྣམས་ལ་སྐྱེལ་མ་དང་གསོན་པོ་རྣམས་ལ་རེ་སྨོན་གྱི་གསུང་།
ཡུལ་ཤུལ་བ།བཞི་པའི་བཅུ་བཞིའི་ཉིན་མོར། རི་ཆུ་ཧྲང་ངེར་ལུས། གནམ་སྔོན་མོའི་མདངས་ཡལ། ས་དོག་མོའི་བཀྲག་ཤོར། བར་སྣང་སྐྱ་བོར་གཤིན་དྲིས་ཁྱབ་སྟེ་ཁ་བ་དང་མིག་ཆུ་འགྲན་པའི་ནམ་དུས་ལྔ་བ་ཞིག་ཚེས། སྐྱེ་དགུ་མདོ་པ། དེ་རིང་ཁྱོད་ཀྱི་འཛུམ་མདངས་ཡོད་ཚད་རླུང་དམར་གྱིས་འཕྲོག་ཀྱང་། ཁྱོད་ཀྱི་པང་པར་འཆང་བའི་གེ་སར་གྱི་སྣང་བརྙན་འགྱིང་ངེར་གནས། དེ་རིང་ཁྱོད་ཀྱི་གཅེས་པའི་ལུང་ཕུང་སྐྱི་གཡའ་བའི་ས་རྡོའི་ཁྲོད་དུ་ལུས་ཀྱང་། ཁྱོད་ཀྱི་སྙིང་ཁོང་འཕར་ཐེངས་གཅིག་གིས་འཇིག་རྟེན་གྱི་བརྩེ་སེམས་ཡོད་ཚད་བསླང་། དེ་རིང་ཁྱོད་རྐང་རྗེས་མེད་པར་རྒྱང་རིང་དུ་བསྐྱོད་པ་ཐོས་ཀྱང་། ཤུལ་ལུས་པ་ཁྲི་སྟོང་མང་པོའི་རྨི་ལམ་ན་ད་དུང་ཁྱོད་ཀྱི་གྲིབ་གཟུགས་འཆར། སྤུན་ཟླ་ཚོ། བདེ་མོར་བྱོས། ཞེན་མེད་ཀྱི་བདེ་བ་དང་། བསླུ་མེད་ཀྱི་སྐྱབས་གནས་དང་བཅས་ཏེ་ལྷ་ཡུལ་དུ་འགྲོ་བའི་ལམ་དུ་ང་ཚོས་སྐྱེལ་མ་ཞུ། ཡུལ་ཤུལ་བ་་་་རེ་བ་མ་སྟོར་་་་རེ་བ་ནི་བདེ་སྐྱིད་ཡིན། ཡིད་ཆེས་མ་བརླག་་་་ཡིད་ཆེས་ནི་ཡོད་ཚད་ཡིན། རེ་བ་དང་ཡིད་ཆེས་ཀྱི་ཁྲོད་དུ་་་་ཉི་མ་དེ་རིང་ནུབ་ཀྱང་སང་ཉིན་ཤར་ངེས་ཡིན། །    འདི་ནི་སྐབས་དེར་ང་རང་སྐུ་དྲུང་ན་ཡོད་ཚེ་དེར་ཕྱག་བྲིས་འཕྲལ་མར་གནང་སོང་།

དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་ཡུལ་ཤུལ་ས་ཡོམ་ཆེན་མོའི་གོད་ཆག་ལ་སྦྱར་བ།
______༧ ཀརྨ་པ་་ཨོ་རྒྱན་འཕྲིན་ལས་རྡོ་རྗེས།
མཐོ་མཐོ་བརྒྱ་བྱིན་བཞུགས་པའི་ཁང་བཟང་དང༌། །དམའ་དམའ་ན་རག་དམྱལ་བའི་ལྕགས་མཁར་ཡན། །གསལ་གསལ་སེམས་ཀྱི་མཐོང་སྣང་མི་གཅིག་ཀྱང༌། །འཇིག་འཇིག་རང་མཚང་སྟོན་ལ་ཁྱད་པར་ཅི། །ཤིག་ཤིག་གཡོ་བའི་ས་ཡི་སྲིན་པོ་དེས། །ལམ་ལམ་མིག་ལ་འཆར་བའི་ཁང་ནོར་དང༌། །དམར་དམར་སྙིང་ལ་བཅགས་པའི་སྤུན་ཟླ་བཅས། །ཆལ་ཆལ་ཟོས་པ་འདི་ཀོ་ཤིན་ཏུ་སྐྱོ།།ལྷང་ལྷང་སྡུག་པའི་ཆོ་ངེ་འབར་བའི་ཁྲོད། །སྐྲག་སྐྲག་ས་སྟེང་ཐོན་པའི་དམྱལ་བ་འདི། །ཆེ་ཆེ་ཡིད་ཀྱི་ཁྱོན་དུ་ཤོང་དཀའ་ན། །ཆུང་ཆུང་དབང་པོའི་ཡུལ་དུ་ཇི་ལྟར་བཟོད། །ཆིལ་ཆིལ་ཆར་བཞིན་འབབ་པའི་བེམ་རོ་དང༌། །ཆོམ་ཆོམ་ཐོག་བཞིན་ལྷུང་བའི་ཁང་པ་གཉིས། །ཆེམ་ཆེམ་གློག་ལྟར་མྱུར་བའི་བང་འགྲན་ཏེ། །འཕྱུར་འཕྱུར་ཁྲག་དང་ཐལ་བས་གནམ་ས་བཀང༌། །སྐྱོ་སྐྱོ་བདག་པོས་བོར་བའི་སྒོ་ཁྱི་དང༌། །བྱམས་བྱམས་ཕ་མ་བརླགས་པའི་དྭ་ཕྲུག་དང༌། །གཅེས་གཅེས་བུ་ཚ་གྲོངས་པའི་རྒན་རྒོན་དང༌། །མཛའ་མཛའ་སྙིང་སྡུག་བྲལ་བའི་གྲོགས་མེད་མང༌། །ཡོད་ཡོད་ཐམས་ཅད་ཤི་བའི་ནང་མི་ཞིག །རྒྱང་རྒྱང་ས་མཐའ་འདི་ན་གཅིག་པུར་ལུས། །དུང་དུང་ཡིད་ཀྱི་གདུང་བ་ཐལ་དྲགས་པས། །ཆད་ཆད་ངུ་བའི་འཕྲོ་ལ་གད་མོ་ཤོར། །ཧུ་ཧུ་ཁྲི་ཕྲག་སྟོང་གི་སྐྱེ་བོ་རྣམས། །རིག་རིག་བཞིན་དུ་སྲོག་གི་རྒྱུ་བ་བཅོམ། །མྱུར་མྱུར་ཡུད་ཙམ་ཞིག་གི་འཇིགས་པ་དེས། །ཡང་ཡང་བསྐལ་བརྒྱར་གདུང་བའི་རྨ་སྲོལ་གཏོད། །ཀྱེ་ཀྱེ་གངས་ཅན་མགོན་པོ་སྤྱན་རས་གཟིགས། །དཀར་དཀར་གངས་ཀྱི་ལྷུན་པོ་ལྟ་བུའི་སྐུ། །བརྩེ་བརྩེ་ཡེ་ཤེས་སྤྱན་གྱིས་ཆེར་གཟིགས་ཏེ། །དམན་དམན་བོད་འབངས་འདི་དག་བསྐྱབ་ཏུ་གསོལ། །གསོན་གསོན་ཚེ་འདིའི་བྱ་བ་འཕྲོར་བཞག་སྟེ། །འུར་འུར་བར་དོའི་འཕྲང་ལ་འཚང་གྱུར་ཀྱང༌། །ཚེ་ཚེ་ཕྱི་མར་ཕན་པའི་གྲབས་མེད་པོ། །མཁྱེན་མཁྱེན་ཐུགས་རྗེའི་ནུས་པས་བསྐྱབ་ཏུ་གསོལ། །རིང་རིང་སྙིང་དུ་ཕངས་པའི་མཛའ་བཤེས་རྣམས། །འཕྲལ་འཕྲལ་བདུད་ཀྱི་ཕྱགས་མས་དེད་ཤུལ་དུ། །ཅེར་ཅེར་འཕྲེང་བའི་མིག་གིས་ལྟ་བཞིན་པ། །ཤུ་ཤུ་ལྷག་ལུས་འདི་དག་བསྐྱབ་ཏུ་གསོལ། །ཤ་རུས་ཐ་དད་མེད་པའི་རིགས་རྒྱུད་ལས། །ལས་དང་དམ་ཚིག་གཅིག་པའི་བོད་འབངས་རྣམས། །གངས་ལྗོངས་ཆོས་ཀྱི་ཞིང་སར་ལྷན་འཛོམས་ཏེ། །གཞིས་བྱེས་རེ་བ་ཡོངས་སུ་རྫོགས་པར་སྨོན། །སྐྱེ་རྒུ་མདོར་ས་ཡོམ་གོད་ཆག་བྱུང་བ་ན་སྨོན་པའོ།།  ༢༠༡༠ ལོའི་ཕྱི་ ༥ པའི་ཚེས་ ༡ ཉིན།
སྐབས་དེ་དུས། སྐྱི་གཡའ་བ་དང་སྐྱོ་སེམས་འདྲེས། འཁྲུལ་སྣང་དང་དངོས་ཡོད་འདྲེས། སྙིང་བརྩེ་བ་དང་སྨོན་ལམ་འདྲེས། དད་སེམས་དང་བདག་འཇུག་འདྲེས་པ་སྟེ། ཞག་ཞེ་དགུའི་བར་ཤི་བོ་རྣམས་ཀྱི་ཆེད་དུ་ཡི་དམ་དཀྱིལ་འཁོར་རྒྱ་མཚོར་བདག་ཉིད་འཇུག་ཅིང་དབང་བླངས། དེ་དག་གི་ཚེ་དམིགས་འོག་ཏུ་འཇོག་རྒྱུ་གཙོ་བོ་ཡང་སྐྱེ་དགུ་བའི་ཤི་བོ་རྣམས་བྱས། གསོན་པོ་རྣམས་ལ་འཚོ་གནས་ཆེད་དུ་ཞལ་འདེབས་ཀྱང་དང་དུ་བླངས་ཏེ་ཕུལ། ཨ་ཙི་་་་་གཉེན་སྤུན་ཟླ་ཚོ་དང་སྨྲོས་མེད་ལུས་ཡིན། ཕྱི་དགྲ་བོ་ཞིག་ཡིན་ཡང་འདི་འདྲའི་སྐྱོ་གནས་ཤིག་མི་ཡོང་བའི་སྨོན་ལམ་ད་ལྟ་ལའང་ཡང་ཡང་འདེབས་སོ། །

ངག་གི་དབང་ཕྱུག་པས་སྐྱེ་དགུའི་ས་ཡོམ་དུས་དྲན་ལ་༢༠༡༤ ༤ ༡༤ཉིན་འཕགས་ཡུལ་གྱི་རྒྱལ་ས་དྷི་ལི་ནས་ཕུལ་ལོ། །

·གསར་འགྱུར་གོང་མ:དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་ཀྱི་་བླང་བྱ།
·གསར་འགྱུར་འོག་མ:ནང་ཆོས་མ་དར་གོང་གི་རྒྱ་གར་གྱི་ཤེས་རིག།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:17:35 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:35:14 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 5:33:28 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS