ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

མཁས་པའི་གསུང་སྒྲོས་ལ་སྦྱར་བའི་མི་ཆོས་ལེགས་བཤད་

[རྩོམ་པ་པོ:སྒྲོལ་དཀར་ཚེ་རིང་།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2014/5/11 14:43:07  བཀླགས་ཐེངས:1837][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །  གནའ་དེང་མཁས་པའི་གསུང་སྒྲོས་ལ་སྦྱར་བའི་མི་ཆོས་ལེགས་བཤད་
བློ་གྲོས་སྟོང་གི་ཡང་བཅུད་ཅེས་བྱ་བ། 
 
  བསངས་དངུལ་སྒྲོལ་དཀར་ཚེ་རིང་།
གནའ་དེང་རིག་པའི་དཔའ་བོ་ཆེར། །
སྒོ་གསུམ་གུས་པས་རབ་འདུད་དེ། །
དམ་པའི་གསུང་སྒྲོས་རིན་ཆེན་ནོར། །
གཅིག་ཏུ་སྤུངས་ཏེ་སྦྱོར་གྱི་ཉོན། །
རང་བྱུང་ཁམས་ལས་རྒྱལ་བའམ། །
དེ་ལ་ཁ་ལོ་བསྒྱུར་འདོད་ཚེ། །
རང་བྱུང་ཁམས་ལ་བསྟུན་པ་ལས། །
བཙན་ཐབས་གཏན་ནས་བཀོལ་མི་རུང་། །
རང་གི་འདས་པའི་ཕམ་ཁ་ལས། །
ཉམས་མྱོང་བསླབ་བྱ་ལེན་མཁས་ལ། །
དུས་ཐོག་ཡོ་བསྲང་བྱེད་ཐུབ་ན། །
རྒྱལ་ཁ་རང་གི་གམ་ན་ཡོད། །
ཤེས་བྱ་ཡོད་པས་མི་ཆོག་སྟེ། །
དེ་ཉིད་བེད་སྤྱོད་གཏོང་དགོས་ལ། །
རེ་སྨོན་ཡོད་པས་མི་ཆོག་སྟེ། །
ལག་ལེན་དངོས་ལ་བསྟར་བ་གལ། །
བསམ་བློ་གཏོང་བར་ནུས་པ་སུ། །
སྟོབས་ཤུགས་འཛད་མེད་ལྡན་མཁན་ལ། །
ཐོབ་པར་དཀའ་བའི་སྤོབས་པ་ནི། །
བསམ་བློའི་སྤོབས་པ་ཡིན་པར་ངེས། །
མི་ཡི་རང་འགན་རྩོད་མེད་ནི། །
བདེན་ལུགས་འཚོལ་བར་སྤོབས་པ་སྟེ། །
བདེན་ལུགས་རྒྱུན་འཁྱོངས་བྱེད་མཁན་ནི། །
རླབས་ཆེན་དག་ཏུ་མཁས་པས་བརྩི། །
སྐྱེ་བ་ཡོད་ན་འཆི་བ་ཡོད། །
ཐོག་མ་ཡོད་ན་མཐའ་མ་ཡོད། །
དེ་བཞིན་དགེ་སྡིག་ཞིམ་བཙོག་སོགས། །
རང་བྱུང་རྩོད་སྒྲུབ་ཆོས་ཉིད་ཡིན། །
ལྟ་ཞིབ་བྱེད་པའི་ཁྱབ་ཁོངས་སུ། །
གོ་སྐབས་གྲ་སྒྲིག་ཅན་ལ་དབང་། །
རྗེས་དཔག་མཐའ་དག་ངེས་པར་དུ། །
ལྟ་ཞིབ་ཚོད་ལྟའི་ཁྲོད་ནས་འབྱུང་། །
སེམས་པ་རྣམ་པར་དག་མཁན་གྱི། །
འཚོ་བ་སྤྲོ་སྐྱིད་ཀྱིས་ཁེངས་ལ། །
སེམས་ཀྱིས་འཚོ་བ་མཚོན་པ་དང་། །
བྱད་བཞིན་གྱིས་ནི་སེམས་པ་མཚོན། །
༡༠
འདུ་ཤེས་འཛིན་སྟངས་གཅིག་འགྱུར་ཚེ། །
དེར་བསྟུན་རྣམ་འགྱུར་གོམས་གཤིས་དང་། །
གཤིས་ཀ་རིམ་པར་འགྱུར་ངེས་ལ། །
མི་ཚེ་ཡང་ནི་དེ་བཞིན་འགྱུར། །
༡༡
སེམས་ཀྱིས་གྲ་སྒྲིག་བྱས་ཚར་ཚེ། །
གྲ་སྒྲིག་ཡོད་ཚད་འགྲུབ་ཡོད་ཅིང་། །
ལང་ཚོ་ལང་ཚོ་ཟེར་བའང་། །
སེམས་ཀྱི་ན་གཞོན་ཉིད་ལ་གོ། །
༡༢
རང་ཉིད་ནུས་མེད་རེད་སྙམ་པ། །
ཕམ་ཁར་གོ་སྐབས་བསྐྲུན་པ་དང་། །
ཆེས་ཆེའི་ཕམ་ཉེས་ཚབས་ཆེན་ནི། །
རང་གི་སྤྲོ་སེམས་ཉམས་པའོ། །
༡༣
ཆག་སྒོའི་ཁྲོད་ནས་རེ་བ་ནི། །
མཐོང་བ་སྤྲོ་སྣང་དེ་ལས་ལྡོག ། 
སྐྱོ་སྣང་ཡིན་གྱི་འཚོ་བའི་ཁྲོད། །
སྐབས་བསྟུན་ལམ་ལ་འཇུག་པར་རིགས། །
༡༤
བདེ་བའི་མཆོག་ནི་སེམས་སྐྱིད་དེ། །
སེམས་ཀྱི་བདེ་སྐྱིད་ཅེས་པ་ནི། །
བདེ་ཐང་རྒྱུན་ལྡན་འཆམ་མཐུན་གྱི། །
འཚོ་བ་ལས་ཐོབ་བདེ་སྐྱིད་དོ། །
༡༥
རང་ཉིད་ལ་ནི་ཡིད་ཆེས་པ། །
རྒྱལ་ཁའི་མན་ངག་དང་པོ་དང་། །
དཔའ་བོའི་རང་གཤིས་ངོ་མ་སྟེ། །
གཞན་མི་རྟོན་པའི་སྔོན་འགྲོའང་ཡིན། །
༡༦
ལས་རིགས་གང་དང་གང་གི་ཁྲོད། །
རྒྱལ་ཁའི་ཕྱོགས་སུ་སྤྲོ་བ་ཡི། །
གོམ་པའི་ཐོག་མ་དེ་ཉིད་ལ། །
སྤྲོ་བ་སྐྱེས་པ་ཡིན་པར་བརྗོད། །
༡༧
སུ་ཡིས་རང་རྩིས་བྱེད་ཐུབ་ན། །
དེ་ལ་བརྩི་བཀུར་ཐོབ་པ་དང་། །
རང་ཚོད་རང་གིས་ཟིན་པ་ནི། །
ཉེས་ཀུན་སྡོམ་པའི་རྩ་བ་ཡིན། །
༡༨
གཞན་གྱིས་བརྩི་བཀུར་མི་ཐོབ་ཅེས། །
ལེ་བདའ་བྱེད་པར་མི་འོས་ཏེ། །
ཐོག་མར་རང་གིས་མི་གཞན་ལ། །
བརྩི་བཀུར་བྱས་མིན་འདྲི་བ་གཅེས། །
༡༩
རང་བརྩི་རང་རྟོན་རང་ཚུགས་མཁོ། །
རང་བརྩི་གཞན་ལ་མཐོང་ཆུང་མིན། །
རང་རྟོན་རང་བློ་ཚིམ་པ་མིན། །
རང་ཚུགས་གྲོགས་མེད་ཁེར་རྐྱང་མིན། །
༢༠
རང་བརྩིའི་འདུ་ཤེས་འབྱུང་གཞི་ནི། །
དཔྱོད་ཤེས་ཡིན་ལ་ཤུགས་སྣོན་མཁན། །
བསམ་བློ་ཡིན་ཏེ་གཞུང་དྲང་མིས། །
རང་གི་རྩིས་ཐང་སྲུང་བར་འོས། །
༢༡
རང་ཉིད་གཅེས་སྐྱོང་བྱེད་ཤེས་ཚེ། །
ད་གཟོད་གཞན་གྱི་མཛའ་བརྩེ་ཐོབ། །
མི་ཚེའི་འཆར་ཡན་ལོ་རྒྱུས་ཀྱི། །
འགོ་ཚུགས་ས་ནི་རང་གཅེས་ཡིན། །
༢༢
དཔྱོད་ཤེས་ལྡན་པའི་སློབ་གསོ་དང་། །
གསོ་སྐྱོང་གིས་ནི་དགེ་མཚན་སྟེར། །
དཔྱོད་ཤེས་བྲལ་ཚེ་གནོད་སྐྱོན་འབྱུང་། །
དཔྱོད་ཤེས་མིག་འབྲས་ཇི་བཞིན་སྲུངས། །
༢༣
དཔྱོད་ཤེས་ཀྱིས་ནི་མཐོང་ཐུབ་མོད། །
བརྩེ་སེམས་ཉིད་ནི་རྨོངས་ཚོད་ཡིན། །
དཔྱོད་ཤེས་གཞོན་པར་འགྱུར་མོད་ཀྱི། །
བརྩེ་སེམས་རྒས་འཁོགས་ཉིད་དུ་གྱུར། །
༢༤
ང་ཚོའི་ཤེས་བྱ་ཡོད་ཚད་ནི། །
ཚོར་ཤེས་ལས་བརྩམས་དེའི་རྗེས་སུ། །
རྟོགས་ཤེས་ལ་འཇུག་ཆེས་མཐའ་མར། །
དཔྱོད་ཤེས་ཀྱིས་ནི་མཇུག་བསྡུའོ། །
༢༥
དཔྱོད་ཤེས་ཀྱིས་ནི་དུས་རྟག་ཏུ། །
བརྩེ་དུང་བྲེལ་འཚུབ་དྲགས་དུས་ཀྱི། །
ཐག་གཅོད་ལ་ནི་དག་བཅོས་བྱེད། །
དཔྱོད་ཤེས་ཉིད་ལ་བསྟུན་ཞིག་ཨང་། །
༢༦
རང་ངོ་རང་གིས་ཟིན་པ་ནི། །
ཆེས་ཆེར་དཀའ་བའི་དོན་དག་ཡིན། །
རང་ལ་གདེང་འཇོག་མི་ཤེས་པ། །
གཞན་ལ་གདེང་འཇོག་བྱེད་མི་ཤེས། །
༢༧
རང་ཉིད་ལ་ནི་མི་ཚིམ་པ། །
སྐྱེས་ཐོབ་གཤའ་མ་ཡོད་མཁན་གྱི། །
རྩ་བའི་ཁྱད་རྟགས་གཅིག་ཡིན་ལ། །
ཚིམ་པ་སློབ་སྦྱོང་དགྲ་བོར་གསུངས། །
༢༨
མི་ལ་གྲུབ་འབྲས་ལྡན་མིན་ནི། །
གང་དེར་རང་བརྩི་རང་རྟོན་གཉིས། །
འཛོམས་མིན་དེ་ལ་བལྟས་པས་ཆོག །
འཛོམས་ན་ལྡན་དང་ལྡོག་ཚེ་བྲལ། །
༢༩
བླུན་རྨོངས་གྲགས་འདོད་གྲིབ་མ་ཡིན། །
གྲགས་འདོད་བཟང་རྫུའི་ཐོན་དངོས་ཏེ། །
གྲགས་འདོད་ཉིད་ལས་སུན་སྣང་འབྱུང་། །
སྡིག་སྤྱོད་མཐའ་དག་དེར་བརྟེན་འབྱུང་། །
༣༠
རང་གཞན་སྡུར་ལས་ཕྲག་དོག་སྐྱེ། །
བསྡུར་བ་མེད་ན་ཕྲག་དོག་མེད། །
ཕྲག་དོག་གསོ་བའི་སྨན་གཅིག་པུ། །
གདུང་སེམས་མཉམ་སྐྱེ་བསྟེན་པ་སྨད། །
༣༡
ཕྲག་དོག་སེམས་སུ་བག་ཉལ་བ། །
དུག་སྤྲུལ་དོང་ནང་ཡིབ་དང་འདྲ། །
ཕྲག་དོག་གདོན་གྱིས་ལེགས་ཚོགས་ཀུན། །
རྟག་པར་ལྐོག་ནས་ཁ་རོག་བརླག །
༣༢
དངོས་ཡོད་བསྐྱར་ཐོན་སྒྱུ་རྩལ་གྱི། །
དམིགས་ཡུལ་ཐོག་མ་ཉིད་ཡིན་ཞིང་། །
བསྡུས་གསལ་སྒྱུ་རྩལ་རང་བཞིན་གྱི། །
ཆ་རྐྱེན་དང་པོར་མཁས་པས་བགྲང་། །
༣༣
འཇིག་རྟེན་འདི་ལས་གཡོལ་བའམ། །
དེ་དང་བསྟུན་འདོད་གང་ཡིན་ཡང་། །
སྒྱུ་རྩལ་ལས་ལྷག་གཏད་ཆོག་པའི། །
བགྲོད་ལམ་གཞན་ཡང་ཡོད་མ་ཡིན། །
༣༤
སྒྱུ་རྩལ་ཆོས་ཉིད་དང་པོ་ནི། །
བཤད་རྒྱུ་མེད་ཚེ་ཁ་རོག་སྡོད། །
བཤད་རྒྱུ་ཡོད་ཚེ་བརྗོད་པ་ལ། །
བྱུང་རྒྱལ་སྨྲ་བར་མི་བྱེད་འཚལ། །
༣༥
རླབས་ཆེན་མི་གཞི་ལྡན་གྱུར་ན། །
ད་གཟོད་རླབས་ཆེན་རྩོམ་གཤིས་ཡོད། །
རྨད་དུ་བྱུང་བའི་སྤྲོ་སེམས་ལས། །
ད་གཟོད་ཁྱད་འཕགས་བརྩམས་ཆོས་འབྱུང་། །
༣༦
མི་ལ་མཚོན་ན་སྐད་ཆ་ནི། །
སྐྱོ་བ་གསོ་བའི་སྨན་པ་ཡིན། །
རང་གི་ཁ་ལྕེར་བདག་བྱས་ཚེ། །
འདི་དང་ཕྱི་མར་བདེ་འཇགས་ཡིན། །
༣༧
ཤེས་བྱ་འབྲུ་རིགས་མཛའ་བརྩེ་གསུམ། །
འཇིག་རྟེན་ཁམས་ཀྱི་གཅེས་ནོར་གསུམ། །
ཤེས་བྱའི་རྩ་བ་དཀའ་ངལ་དང་། །
དེ་ཡི་འབྲས་བུ་མངར་མོའོ། །
༣༨
ཤེས་བྱ་སེམས་ཀྱི་རྒྱགས་ཕྱེ་དང་། །
རྒྱུན་ཤེས་མི་ཡི་སྲུང་འཁོར་ཡིན། །
སློབ་སྦྱོང་ཇི་ལྟར་བྱས་གྱུར་ན། །
ཤེས་པས་རྨོངས་པ་དེ་ལྟར་ཚོར། །
༣༩
དོགས་གཞི་འདོན་པར་མཁས་པ་དེ། །
བློ་སྦྱོང་ཅན་གྱི་མཚོན་རྟགས་འགོ། །
                                               བློ་ལ་བཟུང་སྟེ་བྱང་ཆུབ་ཀྱང་། །
ཤེས་བྱ་ཤེས་པའི་ངེས་པ་མེད། །
༤༠
ཤེས་བྱའི་ཁ་གྲངས་གཙོ་མིན་པར། །
ཤེས་བྱའི་སྤུས་ཀ་གལ་ཆེན་ཡིན། །
འགའ་རེས་མང་པོ་ཤེས་ནའང་། །
སྤྱོད་སྒོ་གལ་ཆེ་ཤེས་པ་དཀོན། །
༤༡
མི་ཡི་དངོས་དོན་རླབས་ཆེའི་གནས། །
ཉམ་ཆུང་ཉིད་དུ་ངོས་ཟིན་པ། །
མི་ནི་དུད་འགྲོ་ལས་བརྒལ་ཏེ། །
ཤེས་བྱ་སྤྱོད་བཟང་སྙེག་པར་རིགས། །
༤༢
ཤེས་བྱ་སྟོབས་ཤུགས་བདེ་སྐྱིད་དེ། །
མཚར་འཛིན་ཤེས་བྱའི་མྱུ་གུ་ཡིན། །
ང་ཚོས་འགྱིག་སོབ་ཇི་བཞིན་དུ། །
དགེ་མཚན་ཅན་གྱི་ཤེས་བྱ་ལེན། །
༤༣
ཤེས་བྱ་རྒྱ་ཆེན་ཐོབ་པ་ནི། །
གཞི་རྩའི་དགོས་མཁོ་མཡིན་པར། །
ཤེས་བྱ་ཅི་ཙམ་ཐོབ་ནའང་། །
ངེས་པར་རང་གི་ཡིན་པ་གལ། །
༤༤
ཤེས་བྱ་ཉམས་མྱོང་རྐྱང་བ་ལས། །
འབྱུང་བར་དཀའ་སྟེ་དེ་ཉིད་ནི། །
རིགས་ཤེས་ཀྱི་ནི་གསར་གཏོད་དང་། །
ལྟ་དཔྱད་དོན་དངོས་བསྡུར་ལས་བྱུང་། །
༤༥
ཤེས་པས་རྨོངས་པ་མི་རྟོགས་པ། །
ལྡབ་འགྱུར་གྱི་ནི་ཤེས་རྨོངས་ཡིན། །
སྔོན་རབས་མི་ཡིས་བསྒྲུབས་པ་དག །
བླངས་རྗེས་མདུན་བསྐྱོད་ཡང་དག་ལམ། །
༤༦
ངལ་རྩོལ་ཤེས་བྱའི་འབྱུང་ཁུངས་དང་། །
ཤེས་བྱ་འཚོ་བའི་ཕྱོགས་སྟོན་ཏེ། །
ཁུར་དུ་མ་བསམ་རྒྱན་བསམ་ནས། །
རིག་པ་ནང་པར་འཆི་ཡང་སློབས། །
༤༧
སུ་ཡིས་སློབ་སྦྱོང་བྱེད་ཤེས་ན། །
དེ་ལ་ཕུན་ཚོགས་ཡོན་ཏན་འབྱོར། །
ཤེས་རྟོགས་དྲན་ཤེས་སྔོན་འགྲོ་དང་། །
དགའ་སྣང་དེ་ཡི་སྐུལ་རྒྱུའོ། །
༤༨
ས་ཞིང་རྨོ་འདེབས་མ་བྱས་ཚེ། །
ཇི་ལྟར་གཤིན་ཡང་འབྲས་མི་ཐོབ། །
མི་ཡིས་སློབ་སྦྱོང་མ་བྱས་ན། །
རིག་པ་རྒོད་ཀྱང་ཡིག་མི་ཤེས། །
༤༩
ཉམས་མྱོང་ཕྱུག་པའི་སྐྱེ་བོ་ཡིས། །
དཔེ་ཆ་ཀློག་པར་མིག་གཉིས་ཏེ། །
གཅིག་གིས་ཤོག་བུའི་སྟེང་མཐོང་ལ། །
གཅིག་ཤོས་ཤོག་བུའི་རྒྱབ་མཐོང་ངོ་། །
༥༠
དཔེ་དེབ་བཟང་པོ་གཅིག་ཀློག་པ། །
དམ་པ་དག་དང་མོལ་བ་འདྲ། །
ལུས་རྩལ་ཕུང་བོར་ཕན་པ་བཞིན། །
དཔེ་ཀློག་བློ་གྲོས་འཕེལ་བར་སྨན། །
༥༡
དཔེ་མང་ཀློག་པའི་ལས་གཉེར་ལ། །
སློབ་སྦྱོང་མང་པོ་བྱེད་པ་དང་། །
ཉམས་མྱོང་མང་ཙམ་འཚོལ་བ་ནི། །
མདུན་ལམ་གྱི་ནི་འགན་ལེན་ཡིན། །
༥༢
མིག་ཁ་སེམས་ལག་བཞི་ཐོན་པ། །
དཔེ་ཀློག་གི་ནི་བཞི་ཐོན་ཡིན། །
དེར་དགའ་དེ་ལ་བསྟོད་ཆོག་པ། །
དཔེ་ཆ་ཀློག་པའི་ཀུན་སློང་ཟུང་། །
༥༣
དཔེ་ཆ་ཐེངས་བརྒྱར་ཀློག་པ་ན། །
གཞུང་དོན་ངང་གིས་རྟོགས་ཡོང་ལ། །
བམ་པོ་ཁྲི་སྟོང་བཀླག་གྱུར་ན། །
སྨྱུག་རྩེ་ལྷ་ཡིས་བསྒྱུར་དང་མཚུངས། །
༥༤
དཔེ་ཆ་ཤེས་བྱའི་གཏེར་མཛོད་དང་། །
དམ་པས་བཞག་པའི་ཤུལ་རྫས་ཏེ། །
འགྲོ་བ་མི་ཡི་བཅུད་རྫས་དང་། །
དེང་རབས་སློབ་ཆེན་ངོ་མ་ཡིན། །
༥༥
དཔེ་ཆར་ཕན་ནུས་གཉིས་འཛོམས་ཏེ། །
མི་ལ་སྤྲོ་བ་སྟེར་བ་དང་། །
མཁས་པས་ཇི་ལྟར་འཚོ་བ་ནི། །
སློབ་སྟོན་བྱེད་པས་དགའ་ཞེན་བྱོས། །
༥༦
ཚན་རིག་གི་ནི་མ་འོངས་པ། །
བརྩོན་ཞིང་ཁེངས་སྐྱུང་བྱེད་མཁས་པའི། །
མི་རབས་གསར་བར་དབང་ངེས་པས། །
རྟག་གུས་བརྩོན་པར་བསྟེན་ཅིག་ཨང་། །
༥༧
དཀའ་སྤྱད་ཉིད་ཀྱི་ས་བོན་ལས། །
ཤེས་བྱའི་འབྲས་བུ་འཁྲུངས་ངེས་ལ། །
བདེ་སྐྱིད་ལྡན་པར་འགྱུར་འདོད་ན། །
ཐོག་མར་དཀའ་བ་བཟོད་ཐུབ་དགོས། །
༥༨
དཀའ་བ་སྤྱད་དེ་ངལ་རྩོལ་དང་། །
ཡང་དག་བྱེད་ཐབས་དེ་བཞིན་དུ། །
སྟོང་གཏམ་ཉུང་བར་སྨྲ་བ་གསུམ། །
རྒྱལ་ཁ་ཐོབ་པའི་རྒྱུ་གསུམ་ཡིན། །
༥༩
འཇོན་མིར་འགྱུར་བའི་ཐག་གཅོད་རྒྱུ། །
བརྩོན་འགྲུས་ཡིན་པར་ངེས་པ་སྟེ། །
ཡོན་ཏན་བརྩོན་པའི་རྗེས་འགྲོ་ལ། །
རླབས་ཆེན་སོ་སྐྱེས་ཁྲོད་ནས་འབྱུང་། །
༦༠
སྤྱང་གྲུང་ཅན་གྱིས་བསམ་གསར་འདོན། །
བླུན་རྨོངས་པ་ཡིས་རྒྱ་ཆེར་སྒྲོག །
གླེན་པའི་གྲུང་པོ་བྱེད་པ་ལས། །
གྲུང་པའི་བླུན་པོ་བྱེད་ན་དགའ། །
༦༡
བཤེས་ལ་མི་གུས་སྐྱེ་བོ་དེས། །
གཞུང་བརྒྱ་ཤེས་ཀྱང་དོན་མི་འགྱུར། །
བདག་ནི་དགེ་རྒན་ལ་དགའ་མོད། །
བདེན་ལུགས་ལ་ནི་དེ་བས་དགའ། །
༦༢
རླབས་ཆེན་དམིགས་འབེན་འཛུགས་པ་དང་། །
དེ་ཉིད་མངོན་འགྱུར་ཆོད་སེམས་ནི། །
མི་ཚེའི་ལས་དོན་གལ་ཆེན་ཏེ། །
སྣང་ཆུང་སྒོ་ནས་བསྐྱུར་མི་རིགས། །
༦༣
འདས་པ་འཆི་བའི་ལྷ་ལ་དབང་། །
འབྱུང་འགྱུར་རང་གི་ལག་ན་ཡོད། །
མི་ཡི་ལེགས་ཚོགས་ངོ་མ་དེ། །
གང་ཡོད་མ་ཡིན་གང་ཡིན་རེད། །
༦༤
མི་ཚེ་རོལ་རྩེད་དུ་བརྩིས་ན། །
བྱ་བ་གང་ཡང་འགྲུབ་པར་དཀའ། །
རང་ལ་དབང་སྒྱུར་མི་ནུས་མཁན། །
ནམ་ཡང་བྲན་གཡོག་ཡིན་པའོ། །
༦༥
རང་ལ་རིན་ཐང་ཐོབ་འདོད་ན། །
འཛམ་གླིང་ཉིད་ལ་རིན་ཐང་སྐྲུན། །
མི་ཚེའི་རིན་ཐང་དེ་ཉིད་ནི། །
མི་ཡི་རང་ཉིད་འཐུས་ཚང་ཡིན། །
༦༦
མཐར་ཐུག་ཅི་དང་གང་བྱུང་ཡང་། །
འཚོ་བ་གསར་བ་འཛུམ་གྱིས་བསུ། །
འཚོ་བའི་ཁྲོད་དུ་རང་ནུས་ནི། །
འདོན་ཆེད་འཚོ་བར་དགའ་ཞེན་བྱོས། །
༦༧
འཚོ་བའི་དམིགས་ཡུལ་ཉག་ཅིག་ནི། །
འཚོ་བར་ལོངས་སུ་སྤྱོད་པ་དང་། །
འཚོ་བར་ཟུར་ལྟ་བྱེད་མཁན་མེད། །
འཚོ་བའི་སྡོང་བོ་རྟག་ཏུ་ལྗང་། །
༦༨
འཚོ་བ་རང་གི་སྟེང་ན་ནི། །
རིན་ཐང་གང་ཡང་ཡོད་མ་ཡིན། །
དེ་ཡི་རིན་ཐང་གང་ཉིད་ནི། །
ཇི་ལྟར་བཀོལ་བ་ཡིན་པར་གསུངས། །
༦༩
                                               འཚོ་བ་རོལ་ཐབས་རིགས་གཉིས་ཏེ། །
རུལ་དང་འབར་བ་ཁོ་ན་ཉིད། །
གཞན་གྱི་རེ་འདོད་ཇི་བཞིན་དུ། །
འཚོ་བར་མི་རིགས་འཇིག་རྟེན་པ། །
༧༠
དངོས་རྫས་ཡོད་ཚེ་འཚོ་གནས་ཐུབ། །
ཕུགས་བསམ་ཡོད་ཚེ་འཚོ་བ་རོལ། །
དུད་འགྲོ་འཚོ་གནས་གནས་བྱེད་པ་དང་། །
མི་ཉིད་འཚོ་བའི་ཁྱད་པར་དཔྱོད། །
༧༡
འཚོ་བ་འཐབ་རྩོད་ཅིག་དང་འདྲ། །
མི་ཚེ་ཡང་ནི་དེ་བཞིན་ནོ། །
བྲེལ་འཚུབ་ཆེ་བའི་འཚོ་བ་ཡིས། །
ཡིད་ཀྱི་གདུང་བ་མེད་པར་གཏོང་། །
༧༢
ཁྱིམ་མི་ཕན་ཚུན་ཁ་འཆམ་པ། །
མི་ཚེའི་བདེ་སྐྱིད་ཆེ་ཤོས་ཡིན། །
ཁྱིམ་ནང་བདེ་སྐྱིད་ལོངས་སྤྱོད་པ། །
ཕུགས་བསམ་འཚོ་བའི་མཐར་ཐུག་ཡིན། །
༧༣
ཆ་ཚང་མི་ཚེའི་སྙིང་བཅུད་ནི། །
གཉེན་སྒྲིག་ཡིན་ལ་དེའི་རྨང་གཞི། །
བརྩེ་དུང་ཞེན་ཆགས་བརྩེ་བཀུར་གཞན། །
བདག་ལྟེ་འཛིན་སེམས་འདུལ་བརའང་སྨྲ། །
༧༤
མི་ཡི་འབད་པ་མཐར་དག་ནི། །
དམིགས་ཡུལ་བདེ་སྐྱིད་ཐོབ་དང་། །
དོན་བཟང་སྒྲུབ་པའི་སྤྲོ་སྣང་ནི། །
གཏད་ཆོག་བདེ་སྐྱིད་ཁོ་ནའོ། །
༧༥
གཞན་གྱི་སྡུག་སྟེང་བདེ་བསྐྲུན་པ། །
བདེ་སྐྱིད་ངོ་མ་མ་ཡིན་ལ། །
སྤྱི་ཡི་ཁེ་ཕན་དོན་ལ་ནི། །
ལག་རྗེས་འཇོག་པ་དམ་པའི་ཚུལ། །
༧༦
ཚེ་ཚད་དུས་ཚོད་ཀྱིས་བརྩི་ལ། །
རིན་ཐང་བྱས་རྗེས་ཀྱིས་མཇལ་ཏེ། །
ཚེ་སྲོག་གི་ནི་སྤྱོད་སྒོ་དེ། །
རིན་ཐང་མ་ཡིན་བཀོལ་སྤྱོད་ལགས། །
༧༧
ང་ཚོས་ཚེ་སྲོག་ཕར་ཕུལ་ན། །
དག་གཟོད་ཚེ་སྲོག་ཐོབ་པར་འགྱུར། །
དཔའ་བོའི་རིང་ལུགས་གཅིག་ཡོད་དེ། །
ཚེ་སྲོག་རྟོགས་ཤིང་དགའ་མཁན་ཡིན། །
༧༨
ཚེ་སྲོག་ཚེ་སྲོག་ཟེར་བ་དེ། །
འཆི་བར་བགྲོད་པའི་ཡུལ་སྐོར་རམ། །
ཤེས་བྱ་ཐོབ་པའི་ལག་ཆའམ། །
མི་ཡི་འོད་དུ་མཁས་རྣམས་གསུང་། །
༧༩
རྐྱེན་ངན་འཛུམ་གྱིས་བསུ་བ་དང་། །
བརྒྱ་འགྱུར་གྱི་ནི་སྤོབས་པ་ཡིས། །
ཆག་སྒོ་མཐའ་དག་གཞོམ་ནུས་པ། །
རླབས་ཆེན་སྤོབས་པའི་མངོན་ཚུལ་ཡིན། །
༨༠
རང་ཉིད་ཀྱི་ནི་ལས་དབང་ལ། །
ཁ་ལོ་སྤོབས་མཁན་དཔའ་བོ་དང་། །
བློ་ཁོག་ཆེན་པོའི་འོལ་ཚོད་ནི། །
མེད་ན་རླབས་ཆེན་གསར་གཏོད་མེད། །
༨༡
ཡིད་ཆེས་དང་ནི་རེ་བ་དེ། །
ན་གཞོན་དག་གི་ཁྱད་དབང་ཡིན། །
ལང་ཚོ་བདེ་ཐང་ཉམས་རྗེས་སུ། །
ད་གཟོད་དེ་ཡི་རིན་ཐང་རྟོགས། །
༨༢
བདེ་ཐང་ཁུངས་ནི་འགུལ་བསྐྱོད་དང་། །
བདེ་ཐང་རྩ་བ་སྦྱོང་བརྡར་ཏེ། །
གཙང་སྦྲ་བདེ་ཐང་འགན་ལེན་དང་། །
ཚེ་སྲོག་འགུལ་སྐྱོད་ལ་ཐུག་ཡོད། །
༨༣
འགུལ་སྐྱོད་འཚོ་བའི་རྨང་གཞི་དང་། །
ཚེ་སྲོག་ཡོངས་ཀྱི་འབྱུང་ཁུངས་ཏེ། །
བདེ་ཐང་ཟ་འཐུང་བརྟེན་ལས་གཞན། །
འགུལ་སྐྱོད་ལྷག་ཏུ་བརྟེན་པ་གལ། །
༨༤
མཐོན་པོའི་རི་ལ་མ་འགོས་ན། །
བདེ་མོའི་ཐང་ཞིག་མཐོང་བ་དཀོན། །
རྟག་པར་སྦྱོར་བརྡར་མ་བརྒྱུད་ན། །
བློ་བརྟན་འགྱུར་མེད་ཡོང་བ་དཀའ། །
༨༥
ཆོས་ཉིད་ལྡན་པའི་འཚོ་བ་ནི། །
བདེ་ཐང་ཚེ་རིང་གི་མན་ངག །
མི་ཚེར་བདེ་སྐྱིད་ཐོབ་འདོད་ཚེ། །
ཐོག་མར་བདེ་ཐང་ཡིན་པ་གཅེས། །
༨༦
རྒྱུ་ནོར་དང་པོ་བདེ་ཐང་དང་། །
རྒྱུ་ནོར་གཉིས་པ་མཛེས་སྡུག་སྟེ། །
རྒྱུ་ནོར་གསུམ་པ་ནོམ་པ་ཡིན། །
བདེ་ཐང་གཙིགས་འཛིན་དམ་པའི་གཤིས། །
༨༧
བདེ་ཐང་ཤེས་རབ་ཆ་རྐྱེན་དང་། །
སྤྲོ་སྐྱིད་ལྡན་པའི་མཚོན་རྟགས་ཏེ། །
བདེ་སྐྱིད་ཡོང་བའི་རྨང་གཞི་དང་། །
རང་དང་སྤྱི་ཚོགས་འོས་འགན་ཡིན། །
༨༨
ནམ་ཞིག་འཆི་བ་ངེས་མེད་པ། །
མི་རྟག་འཆི་བའི་རང་བཞིན་ཡིན། །
དེ་བས་ཉིན་རེ་མཐའ་མཇུག་གི། །
ཉི་མར་བརྩིས་ཏེ་དམ་འཛིན་བྱོས། །
༨༩
ནང་སེམས་གཙིགས་སུ་འཛིན་པ་ལས། །
ཕྱི་ཚུལ་ཁོ་ནར་ལྟ་མི་རུང་། །
ཕྱི་ཡི་བཟོ་ལྟའི་མཛེས་པ་དེ། །
ནང་སེམས་མཛེས་པའི་ཚུར་སྣང་ཡིན། །
༩༠
ཕུལ་བྱུང་མི་སྣ་བྱེད་འདོད་ན། །
གཏན་ཚིགས་དང་མཐུན་ཀླད་པ་ནི། །
ཡོད་པ་ཁོ་ནས་མི་འཐུས་པར། །
སྤོབས་པ་དྲག་པོའམ་ཡོད་དགོས། །
༩༡
དགེ་སྡིག་འབྱེད་པའི་ནུས་པ་དང་། །
ངོ་ཚའི་འདུ་ཤེས་གཉིས་པོ་ནི། །
བུད་མེད་སྤྱི་ཡི་རྩ་ཆེ་བའི། །
མཆོག་གྱུར་གཤིས་ཀ་གཉིས་སུ་གསུངས། །
༩༢
དབུལ་ཕོངས་ལ་འཇིགས་མི་དགོས། །
འཇིགས་པར་དགོས་པའི་གནད་དེ་ནི། །
ལས་ཀྱིས་དབུལ་བོར་ཐག་བཅད་དམ། །
ཚེ་གང་དབུལ་བོར་སེམས་པའོ། །
༩༣
གཞན་ལ་བརྩི་བཀུར་བྱེད་པ་ནི། །
རང་་བརྩི་བཀུར་བྱེད་པ་སྟེ། །
ཕ་རོལ་བརྩི་བཀུར་བྱས་གྱུར་ན། །
ད་གཟོད་བརྩི་བཀུར་ཐོབ་དབང་ཡོད། །
༩༤
ཕོག་ཐུག་ཡོངས་ལ་གདོང་གཏོད་དུས། །
བྱེད་ཐབས་བཟང་བོ་བཟོད་སྒོམ་ཡིན། །
རང་ཚོད་བཟུང་བ་རེ་རེ་ནི། །
སྔར་ལས་སྟོབས་པ་མཚོན་པའོ། །
༩༥
གཞན་མིར་དཀྱེལ་ཡངས་མི་ཤེས་མཁན། །
གཞན་གྱི་དཀྱེལ་ཡངས་མི་མཛའ་མོད། །
རང་ལ་གཞན་གྱི་དཀྱེལ་ཡངས་ནི། །
མི་དགོས་ཟེར་མཁན་སུ་ཡོད་དམ། །
༩༦
གཞན་གྱིས་ཁྱོད་ལ་གནོད་བྱས་ཚེ། །
ཁྱེད་ཀྱིས་དེ་ཉིད་བརྗེད་ཆོག་མོད། །
ཁྱོད་ཀྱིས་གཞན་ལ་གནོད་བསྐྱལ་ཚེ། །
གཏན་དུ་ཡིད་ལ་དམ་པོར་ཟུངས། །
༩༧
སྐྱིད་དུས་གྲོགས་ཀྱིས་ང་ཚོ་ཤེས། །
སྡུག་དུས་ང་ཚོས་གྲོས་པོ་ཤེས། །
རྙེད་པར་དཀའ་ཞིང་ཤོར་སླ་ཤོས། །
གྲོགས་མཆོག་ཡིན་པས་གཅེས་པ་གལ། །
༩༨
སྡོང་རྒན་རྟ་རྒན་དཔེ་རྙིང་ནི། །
སྲེག་དང་བཞོན་དང་འདོན་པ་སླ། །
གྲོགས་པོ་རྙིང་བར་བློས་ཐུབ་ལ། །
དོགས་མང་པ་ལ་གྲོགས་མཆོག་མེད། །
༩༩
མཉམ་དུ་དགོད་མཁན་བརྗེད་སྲིད་མོད། །
ལྷན་དུ་ངུ་མཁན་བརྗེད་པ་དཀོན། །
གྲོགས་པོ་ངོ་མ་མེད་མཁན་ནི། །
ཁེར་རྐྱང་གཤའ་མར་གནས་མཁན་ཡིན། །
༡༠༠
རྒྱུ་ནོར་གྲོགས་མིན་གྲོགས་ནི་ནོར། །
མཛའ་གཅུགས་མེད་པ་འཇིག་རྟེན་དུ། །
ཉི་མ་མེད་པ་ཇི་བཞིན་ཏེ། །
གྲོགས་ནི་ང་ཚོའི་ཕྱེད་གཞན་ཡིན། །
༡༠༡
ཀུ་ཤུ་གཅིག་རེ་ཕན་ཚུན་དུ། །
བརྗེ་རེས་བྱས་ཚེ་སྔར་བཞིན་གཅིག །
བསམ་བློ་ཕན་ཚུན་བརྗེས་ན་ནི། །
བསམ་བློ་རིགས་གཉིས་ཐོབ་པར་འགྱུར། །
༡༠༢
རྒྱལ་དུས་སྤྲོ་ལས་མི་སྨད་པ། །
སྡུག་དུས་དུས་ཐོག་རོགས་རམ་མཛད། །
སྐྱོན་ཆར་ཡང་དག་གྲོགས་བྱེད་པའི། །
གྲོགས་མཆོག་མི་ཚེའི་དཀོན་ནོར་ཡིན། །
༡༠༣
བློས་ཐུབ་གྲོགས་ལ་སྡུག་བཤད་ཚེ། །
སྡུག་བསྔལ་ཕྱེད་ཀར་ཕྲི་བ་དང་། །
བདེ་སྐྱིད་གྲོགས་དང་མཉམ་སྤྱད་ན། །
བདེ་སྐྱིད་གཅིག་ནས་གཉིས་སུ་འགྱུར། །
༡༠༤
སྐྱོན་མེད་གླིང་ན་དཀོན་པས་ན། །
སྐྱོན་མེད་གྲོགས་ཤིག་འཚོལ་འདོད་སུས། །
གཏན་དུ་རྙེད་པའི་གནས་ཕྲ་ལ། །
དཀའ་བས་གྲོགས་ཀྱི་ཉམས་སད་ཐུབ། །
༡༠༥
ལྷག་བསམ་དག་པས་འདེབས་པ་དང་། །
སྤྲོ་སེམས་འཁོལ་བས་ཆུ་གཏོར་ལ། །
རྩ་དོན་གྱིས་སྐྱོང་བསམ་ཤེས་ཀྱིས། །
བདག་སྐྱོང་བྱེད་པ་མཛའ་བརྩེར་མཁོ། །
༡༠༦
ཐུན་མོང་གི་ནི་བྱ་བཞག་དང་། །
ཐུན་མོང་བ་ཡི་འཐབ་རྩོད་ཀྱིས། །
ཡོད་ཚད་བཟོད་བསྲན་བྱེད་ཐུབ་པའི། །
སྟོབས་ཤུགས་འབྱུང་བས་མཐུན་སྒྲིལ་གལ། །
༡༠༧
ས་བྲལ་རྩི་ཤིང་བྱེ་ཐང་དུ། །
བསྐྱུར་ཚེ་འཚོ་གནས་མི་ཐུབ་བཞིན། །
མི་སྒེར་སྤྱི་ཚོགས་དང་བྲལ་ཚེ། །
བདེ་སྐྱིད་ཐོབ་པའི་སྐལ་བ་དབེན། །
༡༠༨
སྒེར་ནི་ཉམ་ཆུང་ནུས་མེད་དེ། །
གཞན་དང་མཉམ་དུ་བྱ་བཞག་ནི། །
གང་མང་འགྲུབ་པས་མཐུན་སྒྲིལ་མེད། །
སྟོབས་ཤུགས་གང་ཡང་ཉམ་ཆུང་ཡིན། །
༡༠༩
དངོས་སུ་ཚོད་ལྟ་བརྒྱུད་ནས་ནི། །
བདེན་དཔང་མེད་པར་ཡིད་རྟོན་བྲལ། །
ཡིན་མིན་གསལ་ཐག་མ་བཅད་གོང་། །
གང་དགར་ཐག་གཅོད་བྱེད་མི་རུང་། །
༡༡༠
བརྩེ་དུང་བྲལ་དང་མེད་པ་ནི། །
སེམས་པར་གྲིབ་སྐྱོན་ཕོག་པ་དང་། །
དུས་ལ་མ་རན་འཆི་བ་སྟེ། །
མི་ཉིད་སྤྱི་བཏང་བ་རུ་གཏོང་། །
༡༡༡
ཉིན་གཅིག་བཟའ་ཚང་ཉིན་བརྒྱའི་དྲིན། །
ཉིན་བརྒྱའི་བརྩེ་དུང་མཚོ་ལས་ཟབ། །
ཁྱོ་ཤུག་འགྲིག་ཅིང་མཐུན་པ་ནི། །
ཁྱིམ་ཚང་དེ་ཡི་བསོད་ནམས་ཡིན། །
༡༡༢
མི་ཚེའི་གནད་དོན་ཐག་གཅོད་པའི། །
ཇུས་གཞི་ཐོག་མ་རང་གཅུན་ཏེ། །
རང་གཅུན་སྤྱི་དང་བྱེ་བྲག་པས། །
གནད་དོན་སྤྱི་དང་བྱེ་བྲག་གཅོད། །
༡༡༣
གཞོན་པའི་དུས་སུ་ཕུགས་འདུན་དེ། །
མ་ཤིའི་སྔོན་དུ་མངོན་གྱུར་བྱ། །
འདི་ནི་རླབས་ཆེན་མི་ཚེ་སྟེ། །
ཕུགས་འདུན་འཚོལ་བའི་ལམ་ལ་ཞུགས། །
མཆན།  གནའ་དེང་མཁས་པའི་གསུང་སྒྲོས་ལ་སྦྱར་བའི་མི་ཆོས་ལེགས་བཤད་བློ་གྲོས་སྟོང་ གི་ཡང་བཅུད་ཅེས་པ་འདི་ནི་ཁོ་བོས་རྒྱ་མི་ཝུན་ཅོན་དང་ཅིན་པོ་རྣམ་གཉིས་ཀྱིས་གཙོ་སྒྲིག་མཛད་པའི་༼ལེགས་བཤད་ཀུན་འདུས་ཆེན་མོ༽(闻君,金波主编,《格言警句大全》,时事出版社,2009年1月)ཞེས་པ་གཞིར་བཟུང་སྟེ་རང་རེའི་ལེགས་བཤད་ ཀྱི་རྣམ་པར་ཕབ་སྒྱུར་བྱས་པ་ཞིག་ཡིན་ལ། དེ་ཉིད་བསྒྱུར་ནས་ད་ནི་ལོ་ངོ་གཉིས་ལྷག་ འདས་ཤིང་།  ཞིབ་ཏུ་བཀླགས་ན་ཐད་སྒྱུར་ཤུགས་ཆེ་བས་ལེགས་པར་ཞུས་ཏེ་གཏན་ལ་ དབབ་པའི་དགོས་པ་ཆེར་སྣང་ཡང་བྱ་བའི་བྲེལ་བ་ལ་རྐྱེན་བྱས་ཏེ་འདིར་ཇི་བཞིན་བཀོད་པ་ལ་བཟོད་གསོལ་ཞུ།  འདིར་བསྡུས་པའི་ལེགས་བཤད་དག་ནི་གནའ་དེང་རིག་པའི་མི་བོ་ཆེ་དག་གིས་རང་རེ་ཕྱི་རབས་པའི་ཚོགས་ལ་གདམས་པའི་མི་ཆོས་ཀྱི་བསླབ་བྱ་རྨ་མེད་པ་དག་ཏུ་ངེས་པས་ཁྱད་མཚར་ལ་མྱོང་རོལ་ཡོད་པར་ཞུ། 
·གསར་འགྱུར་གོང་མ:བྱ་གཞུང་དབྱངས་བྷ་ལགས་ཀྱི་དེབ་འཕྲིན།
·གསར་འགྱུར་འོག་མ:བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·མི་ཆོས་གནད་ཀྱི་ཕྲེང་བ 2010/11/30 12:17:59
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 22:10:26 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:16:07 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 23:29:22 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 65 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS