ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

མ་ཡི་བརྩེ་དུང་དང་བཀའ་དྲིན།

[རྩོམ་པ་པོ:བྱང་སེམས།  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/5/20 21:16:08  བཀླགས་ཐེངས:1118][ཡིག་གཟུགས:ཡིག་གཟུགས་མདོག]

མ་ཡི་བརྩེ་དུང་དང་བཀའ་དྲིན།

དེ་ལྟ་བུའི་ཨ་མ་ཞིག་གིས་རང་གི་བུ་ཕྲུག་ལ་བཅངས་པའི་བརྩེ་བ་ནི་གཙོ་ཆེ་བ་ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ཡིན་པ་ཐེ་ཚོམ་མེད། མ་ཡི་ལྷན་སྐྱེས་ཀྱི་རྣམ་འགྱུར་དེ་ཧ་ཅང་ཤུགས་ཆེ་བ་དང་། དེས་ཨ་མ་ཞིག་གིས་རང་གི་ཕྲུ་གུར་ལྟ་སྐྱོང་བྱེད་སྐབས། སོ་སོའི་ལུས་ཀྱི་མི་བདེ་བ་དང་ངལ་དུབ་རྣམས་གཏིང་རྗེད་དུ་འགྲོ་བར་རོགས་རམ་བྱེད་ཀྱིན་ཡོད། དེ་ལྟར་རང་ཉིད་བློས་བཏང་བྱེད་པ་ནི་ཁོང་གི་ཤེས་ཡོན་གྱི་ཆུ་ཚད་དང་། བཟང་སྤྱོད་ཀྱི་གོ་རྟོགས་སམ་དེ་མིན་གཞན་གང་དང་ཡང་མ་འབྲེལ་བར། དེ་ནི་ནི་ཕྱོགས་ཡོངས་ནས་ལྷན་སྐྱེས་ཤིག་ཡིན། ཉེ་ཆར་ཉི་ཧོང་ནས་ཨ་རིར་གནམ་གྲུའི་ནང་མཚན་གཅིག་འགྲུལ་བཞུད་ཅིག་གི་སྐབས། ཨ་མ་ཞིག་གིས་བཙས་མ་ཐག་པའི་རང་གི་ཕྲུ་གུར་བཅངས་པའི་བརྩེ་དུང་གི་ནུས་ཤུགས་དེས་ངོས་ལ་དྲན་སྐུལ་བྱས་བྱུང་། གནམ་གྲུའི་ནང་ངའི་རྒྱབ་ཀྱི་སྟར་པ་དེ་གར་ཕྲུ་གུ་ཆུང་ཆུང་གཉིས་ཡོད་པའི་བཟའ་ཚང་གཞོན་གཞོན་ཞིག་བསྡད་འདུག  ཕྲུ་གུ་རྒན་པ་དེ་ཕལ་ཆེར་ལོ་ན་གསུམ་མམ་བཞི་ཙམ་དང་། ཆུང་བ་དེ་ཕལ་ཆེར་ལོ་ན་གཅིག་ཙམ་ལ་སོན་པའི་ཕྲུ་གུ་དམར་འབྱར་ཞིག་རེད་འདུག  གནམ་གྲུ་འཕུར་མ་ཐག་ཕྲུ་གུ་རྒན་པ་དེ་ཧ་ཅང་ཧུར་པོ་དང་བློ་ངར་ཆེན་པོས་ཕར་ཚུར་རྒྱུགས་པ་དང་། ཕ་དེས་ཕྲུ་གུ་རྐུབ་སྟེགས་ཐོག་ཚུར་འཁྲིད་ཡོང་ཕྱིར་ཕྲུ་གུའི་རྗེས་སུ་སྒུག་སྒུག་པར་བསྡད་སོང་། སྐབས་ཤིག་ལ་ངས་ཕྲུ་གུ་དེར་བྱི་རིལ་གཅིག་སྤྲད་པ་ཡིན། ཁོ་པས་བྱི་རི་ཁོ་པས་ཁ་ནས་ཚིག་གཅིག་ཀྱང་མ་ལབ་པར་བྱི་རིལ་བླངས་རྗེས། མུ་མཐུད་ཉེ་འཁོར་དུ་རྒྱུགས་ཕྱིན་པ་དང་། ཆབས་ཅིག་ཕྲུ་གུ་ཆུང་བ་དེ་ངུ་གིན་འདུག  ཨ་མ་དེས་ཕྲུ་གུ་པང་དུ་བླངས་ནས་རྐུབ་སྟེགས་ཁྲོད་ཀྱི་ལམ་ཆུང་སྟེང་ཡར་མར་ཁྱེར་ཏེ་ངུ་ཁ་ལེན་ཐབས་བྱས་སོང་། མཐར་ཕྲུ་གུ་རྒན་པ་དེ་ཐང་ཆད་ནས་ཁ་ཁུ་སིམ་པོར་གྱུར་ཏེ་གཉིད་ལ་ཡུར་ཀྱང་། ཕྲུ་གུ་དམར་འབྱར་དེས་སྡོད་ཚུགས་མེད་པར་མུ་མཐུད་ངུས་ནས་བསྡད་སོང་། དང་པོ་ཕ་དེས་ཕྲུ་གུ་ལ་ལྟ་སྐྱོང་བྱེད་རོགས་བྱས་ཀྱང་། མཐར་ཁོ་རང་ཡང་མར་བསྡད་དེ་གཉིད་ཤོར་འདུག  ཕྱི་ཉིན་ཞོགས་པ་ངས་ཨ་མ་དེའི་མིག་དམར་པོ་ཆགས་པ་མཐོང་བྱུང་། ཁོང་ལ་གཉིད་མེད་པར། མཚན་གང་ཕྲུ་གུ་དེར་ལྟ་སྐྱོང་བྱས་ནས་བསྡད་པ་འདྲ། འོན་ཀྱང་ཨ་མ་དེར་སྡང་འཛིན་ནམ་ཁོང་ཁྲོའི་ཤུལ་ཙམ་ཡང་མེད་པར། ད་དུང་མོ་རང་གི་ཕྲུ་གུར་ཧ་ཅང་ངང་རྒྱུད་འཇམ་པོ་དང་དགའ་ཞེན་ཆེན་པོས་ལྟ་སྐྱོང་བྱེད་ཀྱི་འདུག  ངོས་རང་ལ་ཆ་བཞག་ན་དེ་ལྟར་བཟོད་སྒོམ་བྱེད་ཐུབ་ཀྱི་རེད་བསམ་གྱི་མི་འདུག  དེ་ལྟ་བུའི་ཨ་མ་ཞིག་གིས་རང་གི་བུ་ཕྲུག་ལ་བཅངས་པའི་བརྩེ་དུང་ནི་ཆ་རྐྱེན་མེད་པའི་བརྩེ་དུང་གི་རྣམ་འགྱུར་གྱི་རིགས་ཤིག་ཡིན་ཞིང་། ངོས་ནས་སྙིང་རྗེ་ནི་ང་ཚོ་ཐུན་མོང་གི་བཟང་སྤྱོད་དམ་སེམས་ཀྱི་རིན་ཐང་གི་འབྱུང་ཁུངས་ཤིག་ཡིན་སྐོར་སྐད་ཆ་ཤོད་པའི་ནང་དོན་དེ་ཡིན། དེ་ལྟ་བུའི་བརྩེ་དུང་དེ་ཡེ་ཤུ་ཆོས་ལུགས་ནང་མེ་ཌོ་ཎཱ་(Madonna)དང་ཁོང་གི་ཕྲུ་གུའི་དབར་གྱི་བརྩེ་དུང་གིས་ལེགས་པར་མངོན་ཞིང་། ངོས་ནས་དེ་ཧ་ཅང་སྟོབས་ཤུགས་ཆེན་པོ་དང་ལྡན་པ་ཞིག་མཐོང་གི་འདུག

·གསར་འགྱུར་གོང་མ:ཆུའི་གསོ་བཅོས་ཀྱི་ཁེ་ཕན།
·གསར་འགྱུར་འོག་མ:ཚེ་ཐར་གྱི་ཕན་ཡོན་བཞུགས་སོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:45:25 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:24:50 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 8:09:48 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS