ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
གསར་འགྱུར་ཀློག་པ།

ཨ་མའི་དྲིན་ལན།

[རྩོམ་པ་པོ:གཟི་མིག་གསུམ་པ།  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/5/27 10:44:07  བཀླགས་ཐེངས:1179][ཡིག་གཟུགས:ཡིག་གཟུགས་མདོག]
ཨ་མའི་དྲིན་ལན།

གཟི་མིག་གསུམ་པ།
ང་ཚོར་ཨ་མ་ཞེས་འབོད་ས་ཞིག་དང་ཨ་མ་ཞེས་གཡེར་བག་བྱ་ས་ཞིག་ཡོད་པ་འདི་ནི། གནམ་འོག་གི་ཆེས་བདེ་སྐྱིད་ལྡན་པའི་ལོངས་སྤྱོད་ཅིག་རེད་ཨང་། དེ་ནི་ཨ་མ་ཡོད་མཁན་ཚོས་གསལ་བོ་ཞིག་ཤེས་ཐབས་བྲལ་ནའང་། ཨ་མ་དང་ཁ་བྲལ་ཟིན་པའི་དྭ་ཕྲུག་ཚོར་མངོན་རྟོགས་མྱོང་གྲུབ་ཡིན། ང་ཚོ་སྐྱེས་པ་ནས་བཟུང་ཨ་མར་ཁ་བྲལ་མ་མྱོང་བས། ཨ་མ་ཡོད་པའི་བདེ་སྐྱིད་དང་ཨ་མ་མེད་པའི་སྡུག་བསྔལ་གྱི་ངོ་བོ་མི་ཤེས།
ཁྱེད་ཀྱིས་ག་ལེར་སོམས་དང་། ཁྱེད་རང་འཇིག་རྟེན་འདིར་སྐྱེས་པའི་ཉིན་དེར་གལ་སྲིད་ཨ་མས་དོར་བ་ཡིན་ན། ཁྱེད་རང་བཀྲེས་སྐོམ་གྱིས་མནར་བའམ་འཇིགས་སྐྲག་གིས་གཟིར་ཏེ་འཁྱག་ཤིར་ཐེབས་ནས་སྨན་ཁང་གི་གད་སྙིགས་ནང་དུ་འབུ་སྦྲང་གི་ཁ་ཟས་སུ་གྱུར་ཡོད་ཀྱང་སྲིད། འོན་ཀྱང་ཁྱེད་ཀྱི་ཨ་མས་དེ་ལྟར་མ་བྱས་པར་ཁྱེད་རང་ཁུར་བོ་བཞིན་ཟླ་དགུ་ཞག་བཅུར་ལུས་ལ་ཁུར་བའི་མཐའ་མར། རང་གི་རུས་སྒྲོམ་གཏོར་ཞིང་ཤ་སྐྱི་གཤགས་པའི་ཟུག་གཟེར་ལའང་མ་འཛེམས་པར་ཁྱེད་རང་བདེ་འཇགས་ངང་འཇིག་རྟེན་མི་ཡུལ་འདིར་བཙས་པ་རེད། བཙས་ནས་ཀྱང་ལོ་ངོ་བཅོ་ལྔ་ཉི་ཤུ་ནས་སུམ་ཅུ་བཞི་བཅུའི་བར་གསོ་སྐྱོང་བྱས་པ་རེད། མི་ཞིག་གཉོར་སྐྱོང་བྱ་རྒྱུ་ནི་དེ་འདྲའི་སླ་མོ་ཞིག་མ་ཡིན་ཏེ། ཁྱེད་རང་ཕྲུ་གུ་དམར་འབྱར་གྱི་དུས་སུ། ཨ་མས་ཉི་མ་གཅིག་གི་དུས་ཡུན་ནང་ནུ་ཞོ་ཐེངས་ཉི་ཤུ་ནས་སུམ་ཅུ་ལ་བསྣུན་དགོས་ཤིང་། དུས་སྐབས་ངེས་མེད་དུ་ཁྱེད་ཀྱི་ཁ་ཆུ་སྣ་ཆུ་དང་གཅིན་སྐྱག་ཡོད་ཚད་ཀྱང་ཁ་ལག་གིས་ཕྱིས་ཏེ་གཙང་མར་བཟོས་པ་རེད། དེ་དུས་ཁྱེད་ཀྱིས་ཨ་མ་ཁོམ་གྱིན་ཡོད་མེད་དང་ཨ་མ་ཐང་ཆད་ཀྱིན་ཡོད་མེད་སོགས་ལ་དོ་སྣང་མི་བྱེད་པར་གང་འདོད་དུ་གཅིན་སྐྱག་བཏང་རྗེས་ཨག་རྒྱངས་བྱས་ཚེ། ཨ་མར་བྲེལ་འཚབ་ལངས་ཏེ་སྙིང་ལ་གྲིས་གཙག་པ་ལྟ་བུའི་ཟུག་གཟེར་ལང་གིན་ཡོད། ད་དུང་ཟས་ཐུན་གཅིག་དང་གོས་མཐོ་གང་ཙམ་ལས་མེད་ཀྱང་། རང་གིས་མི་སྤྱོད་པར་ཁྱེད་ལ་སྟེར་རྐྱང་བྱེད་ལ། ཚེ་གང་བོར་དཀའ་སྡུག་གིས་བསགས་པའི་རྒྱུ་ནོར་ཡོད་ཚད་ཀྱང་ཁྱེད་ལ་ཕངས་མེད་དུ་སྦྱིན་པར་བྱེད། ཨ་མས་ཉིན་མཚན་དུས་དྲུག་ཏུ་ཁྱེད་ཁོ་ནར་སེམས་ཁུར་བྱེད་ཅིང་། ཁྱེད་ཁོ་ནའི་ཕྱིར་དུ་སྨོན་ལམ་འདེབས། ཐ་ན། ཨ་མས་ཁྱེད་ཀྱི་ཆེད་དུ་རང་གི་ཚེ་སྲོག་ཡིན་ཡང་བློས་གཏོང་བར་ཕོད། གནམ་འོག་འདིར་ཁྱེད་ལ་ཤ་ཚ་ཞིང་སྙིང་ཉེ་མཁན་ཨ་མ་གཅིག་པུ་ལས་མེད་ཅིང་། བདག་འཛིན་བྲལ་བའི་ལྷད་མེད་ཀྱི་བརྩེ་བ་ནི་ཨ་མའི་བརྩེ་བ་ཁོ་ན་ཡིན། ཁྱེད་ཀྱི་ཨ་མ་ནི་དེ་འདྲའི་རླབས་ཆེན་ཞིག་ཡིན་པ་ཁྱེད་ཀྱིས་གསལ་བོར་ཤེས་ཀྱིན་ཡོད་དམ།
ངས་ཁྱེད་ལ་འདྲི་གཅོད་ཐེངས་ཤིག་བྱེད། ཁྱེད་ཀྱིས་ཕྱིར་རང་གི་ཨ་མར་དྲིན་ལན་ཅི་ཙམ་འཇལ་མྱོང་ཡོད། ཨ་མར་ཇ་དྲོན་མོ་དཀར་ཡོལ་གང་དྲངས་མྱོང་ཨེ་ཡོད། ཨ་མའི་རྒྱབ་ཏུ་ཉལ་གོས་ཐེངས་ཤིག་འགེབས་མྱོང་ཨེ་ཡོད། ཨ་མའི་རྐང་ཚེགས་གོམ་ཚེགས་ཉིན་གཅིག་ལ་བླངས་མྱོང་ཨེ་ཡོད། ཨ་མའི་རྐང་བ་ཐེངས་ཤིག་ལ་བཀྲུས་མྱོང་ཨེ་ཡོད། ཨ་མའི་སྒལ་བ་ཐེངས་ཤིག་ལ་གནོན་འཕུར་བྱས་མྱོང་ཨེ་ཡོད། ཨ་མར་ཕྱིར་སྐོར་ལན་གཅིག་བརྒྱབས་མྱོང་ཨེ་ཡོད། ཨ་མར་ཁམས་བདེ་ཐེངས་གསུམ་ཞུས་མྱོང་ཨེ་ཡོད།ཨ་མ་ལགས། ང་ཁྱོད་ལ་དགའ། ཞེས་ཐེངས་གཅིག་ལ་བཤད་མྱོང་ཨེ་ཡོད། ང་ལ་དགོས་པ་ནི་ཁྱེད་ཀྱི་དྲི་ལན་མིན། ང་ལ་དགོས་པ་ནི་ཁྱེད་ཀྱིས་བསམ་བློ་ཡག་པོ་ཞིག་གཏོང་རྒྱུ་དེ་ཡིན།
ངས་ད་དུང་ཁྱེད་ལ་དོགས་འདྲི་ཁ་ཤས་བྱེད། ཁྱེད་ཀྱིས་རང་གི་སྙིང་ཉེ་གང་ཞིག་གི་ཆེད་དུ་ཡོད་ཚད་བློས་གཏོང་དུས་ཨ་མ་གཏན་ནས་ཡིད་ལ་མི་དྲན་དོན་ཅི་ཡིན། ཁྱེད་ཀྱིས་རང་གི་སྙིང་ཉེ་གང་ཞིག་གི་མདུན་དུ་པུས་མོ་སར་བཙུགས་ཏེ་ཞུ་བ་བྱེད་དུས་ཨ་མ་གཏན་ནས་ཡིད་ལ་མི་དྲན་དོན་ཅི་ཡིན། ཁྱེད་ཀྱིས་རང་གི་སྙིང་ཉེ་གང་ཞིག་ལ་གཉེན་སྟོན་གཟབ་རྒྱས་བཤམས་དུས་ཨ་མ་ཡིད་ལ་མི་དྲན་དོན་ཅི་ཡིན། ཁྱེད་ཀྱིས་རང་གི་སྙིང་ཉེ་གང་ཞིག་དང་ལྷན་དུ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་སྐབས་ཨ་མ་ཡིད་ལ་མི་དྲན་དོན་ཅི། ཁྱེད་ཀྱིས་རང་གི་སྙིང་ཉེ་གང་ཞིག་ལ་བདེ་སྐྱིད་ཀྱི་འཚོ་བ་བཀོད་སྒྲིག་བྱེད་དུས་ཨ་མ་ཡིད་ལ་མི་དྲན་དོན་ཅི་ཡིན། ཁྱེད་ཀྱིས་རང་གི་སྙིང་ཉེ་གང་ཞིག་ལ་ལེགས་སྐྱེས་རྩ་ཆེན་འབུལ་དུས་ཨ་མ་ཡིད་ལ་མི་དྲན་དོན་ཅི་ཡིན། ཁྱེད་ཀྱིས་རང་གི་སྙིང་ཉེ་གང་ཞིག་ལ་དྲན་པའི་གླུ་དབྱངས་ལེན་དུས་ཨ་མ་ཡིད་ལ་མི་དྲན་དོན་ཅི་ཡིན། ཁྱེད་ཀྱིས་རང་གི་སྙིང་ཉེ་གང་ཞིག་ལ་ཁ་ཡག་ངོ་དགའ་བཤད་དུས་ཨ་མ་ཡིད་ལ་མི་དྲན་དོན་ཅི་ཡིན། ཁྱེད་ཀྱིས་རང་གི་སྙིང་ཉེ་གང་ཞིག་ལ་སྙིང་ཉེ་ལགས།   ང་རང་དུས་གཏན་དུ་ཁྱོད་གཅིག་པུར་དགའ། ཞེས་བཤད་སྐབས་ཨ་མ་ཡིད་ལ་མི་དྲན་དོན་ཅི་ཡིན། ངས་ཁྱེད་ལ་ཤེས་སུ་འཇུག་འདོད་པ་ནི་ཁྱེད་རང་མི་ཁྲེལ་མེད་ཅིག་ཡིན་པ་དེ་མ་ཡིན་པར། ཁྱེད་ཀྱིས་དུས་རྒྱུན་དུ་རང་ཉིད་ལ་གསལ་འདེབས་རེ་བྱ་རྒྱུ་དེ་ཡིན།
དོན་དམ་པར། འཇིག་རྟེན་འདིར་ཨ་མའི་དྲིན་ལན་འཇལ་བ་ལས་ལྷག་པའི་རླབས་ཆེན་གྱི་བྱ་གཞག་ཅིག་མེད་དེ། དེ་ནི་མིའི་རིགས་ཀྱི་རྩ་བའི་རྩ་དོན་དང་འགན་འཁྲི་ཡིན་ཕྱིར། དེ་ནི་མི་རིགས་དང་རྒྱལ་ཁབ་ལས་ཀྱང་གལ་ཆེ་བའོ། །
༢༠༡༤//༡༩
·གསར་འགྱུར་གོང་མ:ཉི་མ་རེ་ལ་ཀུ་ཤུ་རེ།
·གསར་འགྱུར་འོག་མ:ན་གཞོན་གསར་བ་དེབ་སྔ་ཕྱི་གཉིས་ལྷན་འགྲེམ་བྱས་ཡོད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 3:00:18 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:47:26 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 7:23:20 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 57 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS