ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ཨི་བྷོ་ལ་ནད་ཡམས་བཅོས་ཐབས་ཀྱི་སྨན་ཞིག་བཟོས་འདུག

[རྩོམ་པ་པོ:རྩམ་ཟན།  ཡོང་ཁུངས:བོད་ཀྱི་དུས་བབ་ནས།།  དུས་ཚོད:2014/8/13 16:36:40  བཀླགས་ཐེངས:1144][ཡིག་གཟུགས:ཡིག་གཟུགས་མདོག]
ཨི་བྷོ་ལ་ནད་ཡམས་བཅོས་ཐབས་ཀྱི་སྨན་ཞིག་བཟོས་འདུག

༢༠༡༤/༠༨/༡༢ ཉིན་འདོན་སྤེལ་བྱས།   རྩམ་ཟན་གྱིས་མཁོ་འདོན་བྱས།

ཨ་རིའི་སྨན་རྫས་བཟོ་གྲྭ་ཞིག་གིས་ཨི་བྷོ་ལ་ནད་ཡམས་བཅོས་ཐབས་ཀྱི་སྨན་ཞིག་གསར་བཟོ་བྱས་ཏེ་ཚོད་ལྟ་བྱས་བར་གྲུབ་འབྲས་ཡག་པོ་བྱུང་ཡོད་སྟབས་ད་ལྟ་སྨན་རྫས་དེ་ཨ་ཧྥི་རི་ཁའི་ནང་བཏང་ཡོད་འདུག
ཉེ་ལམ་ཨི་བྷོ་ལ་ནད་ཡམས་ཁྱབ་བརྡལ་འགྲོ་ཡུལ་གྱི་ཨ་ཧྥི་རི་ཁའི་ནུབ་ཕྱོགས་རྒྱལ་ཁབ་ལེ་བྷི་རི་ཡ་དང་གྷི་ནི། སེ་ར་ལོན། ནེ་ཇི་རེ་ཡ་བཅས་ཀྱིས་རྒྱལ་སྤྱིའི་སྨན་རྫས་བཟོ་གྲྭ་ཁག་ལ་ནད་ཡམས་སྔོན་འགོག་བྱ་ཆེད་སྨན་བཟོ་དགོས་པའི་འབོད་སྐུལ་ཞུས་པ་ལྟར། ཨ་རིའི་སན་ཌའེ་གྷོ་གྲོང་ཁྱེར་ནང་ཡོད་པའི་མེབ་ (Mapp Biopharmaceutica)སྨན་རྫས་བཟོ་གྲྭས་ཚོད་ལྟའི་སྨན་ (ZMapp) ཞེས་པ་ཞིག་གསར་བཟོ་བྱས་ཏེ། ཨི་བྷོ་ལ་ནད་པ་འགར་ཚོད་ལྟ་བྱས་པར་ཕན་ནུས་ཐོན་ཡོད་སྟབས། ཁ་སང་སྨན་རྫས་དེ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ལ་བཏང་ཡོད་འདུག གལ་ཏེ་གསར་བཟོ་བྱས་པའི་སྨན་དེས་ཨ་ཧྥི་རི་ཁའི་ནད་པ་ཚོར་ཕན་ནུས་འཐོན་ཚེ། དེ་ནི་ཨི་བྷོ་ལ་ནད་ཡམས་བཅོས་ཐབས་ཀྱི་སྨན་རྫས་ཐོག་མ་དེ་ཆགས་ཡོད་འདུག
ཨ་རིའི་སྲིད་འཛིན་ཨོ་བྷ་མས། "€ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨ་ཧྥི་རི་ཁའི་ཡུལ་གྲུ་ཁག་ལ་སྨན་བཅོས་ལྟ་སྐྱོང་རོགས་རམ་བྱས་ཏེ། ནད་ཡམས་བཅོས་ཐབས་བྱེད་བཞིན་ཡོད་ཀྱང་། ད་ལྟ་ཨ་རིས་བཟོས་པའི་ཚོད་ལྟའི་སྨན་རྫས་དེས་ནད་པ་ཚོར་ཕན་ནུས་འཐོན་མིན་ཚོད་ལྟ་བྱེད་དགོས" ཞེས་བརྗོད་འདུག
ལི་བྷེ་རི་ཡའི་འཕྲོད་བསྟེན་བློན་ཆེན་གཞོན་པ་ཌོལ་བྷར་ཌི་ (Tolbert Nyenswah) ལགས་ཀྱིས་ཨ་རིའི་ (Wall St Journal) ཐོག་བརྗོད་དོན། "ད་ལྟ་སྨན་དཔྱད་མཁས་པ་ཚོས་སྨན་རྫས་དེ་ནད་པར་བཀོལ་སྤྱོད་བྱས་ན་ཉེན་ཁ་ཡོད་མེད་ཀྱི་གསལ་བསྒྲགས་གང་ཡང་བྱས་མེད་ཀྱང་། ཨི་བྷོ་ལ་ནད་གཞི་ཡོད་པའི་ནད་པ་དང་ནད་པའི་ནང་མི་ཚོས་སྨན་དེ་སྤྲོད་དགོས་པའི་རེ་སྐུལ་ཞུ་བཞིན་འདུག" €ཅེས་བརྗོད་འདུག
༡༩༩༦ ལོར་ནེ་ཇི་རི་ཡའི་ནུབ་རྒྱུད་མངའ་སྡེ་ཁའ་ནོ་ (Kano) ནང་། མེ་ནིན་གྷེ་ཌེ་སེ་(meningitis) ཞེས་པའི་ནད་ཡམས་ཤིག་ཁྱབ་ཏེ། ཟླ་དྲུག་ནང་ཚུད་དུ་མི་ ༡༢༠༠༠ རྐྱེན་འདས་ཕྱིན་ཏེ། ནེ་ཇི་རི་ཡའི་གཞུང་དམངས་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་པར་བརྟེན། ཨ་རིའི་སྨན་རྫས་བཟོ་གྲྭ་ཧྥེ་ཛར་ (Pfizer) གྱིས་ཌོར་ཝན་ (Trovan) ཞེས་པའི་ཚོད་ལྟའི་སྨན་རྫས་ཤིག་བཟོས་ཏེ། ཕྲུ་གུ་ ༡༠༠ ཙམ་ལ་བརྟག་དཔྱད་བྱས་པ་བརྒྱུད་ཕྲུ་གུ་ ༡༡ ཤི་ཡོད་སྟབས། ནེ་ཇི་རི་ཡ་གཞུང་དང་ཕྲུ་གུའི་ཕ་མ་སྤུན་མཆེད་ཚོས་སྨན་རྫས་བཟོ་གྲྭར་ཁ་མཆུ་བཙུགས་པར་བརྟེན། སྨན་རྫས་བཟོ་གྲྭས་གནོད་འཚེ་ཕོག་མཁན་གཞུང་དམངས་གཉིས་ལ་ཨ་སྒོར་ས་ཡ་མང་པོས་ཁ་གསབ་སྤྲད་དགོས་ཐུག་ཡོད་འདུག
༢༠༡༤ ལོའི་ཟླ་ ༣ ནང་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ཅིག་ནང་ཨི་བྷ་ལ་ཞེས་པའི་ནད་ཡམས་འདི་ཁྱབ་བརྡལ་ ཕྱིན་ཏེ། ད་བར་མི་ ༡༠༡༣ འདས་གྲོངས་དང་མི་ ༡༧༧༩ ལྷག་ལ་ནད་གཞི་དེ་ཕོག་ཡོད་པ་མ་ཟད། ལི་བྷེ་རི་ཡའི་རྒྱལ་ས་མོན་རའོ་ཝེ་ (Monrovia) ནང་ནད་བཅོས་སྲོག་སྐྱོབ་བྱེད་བཞིན་པའི་ཨ་རིའི་སྨན་པ་ཁན་ཌེ་(Dr Kent Brantly) གཙོས་ཡེ་ཤུའི་ཆོས་སྤེལ་མཁན་ཨ་རིའི་མི་སེར་ནཱན་སི་ (Nancy Writebol) དང་སི་པན་གྱི་ཆོས་དཔོན་མེ་གྷུལ་ (Miguel Pajares) རྣམ་གཉིས་ལའང་ན་ཚ་དེ་ཕོག་ཡོད་སྟབས། ད་ལྟ་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་ཆེན་ནང་སྨན་པ་ཁན་ཌེ་དང་ནཱན་སི་གཉིས་ལ་ ཉེ་ལམ་ཨ་རིའི་མེབ་སྨན་རྫས་བཟོ་གྲྭས་གསར་བཟོ་བྱས་པའི་སྨན་དེས་སྤྱོད་བཞིན་ཡོད་འདུག
ཨི་བྷོ་ལ་ནད་ཡམས་འདི་སྔོན་འགོག་ཆེད་ནེ་ཇི་རི་ཡའི་སྲིད་འཛིན་ཇོ་ན་ཐན་ (Goodluck Jonathan)གྱིས་ཨ་སྒོར་ས་ཡ་ ༡༡།༧ གྱི་འགྲོ་གྲོན་གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་མ་ཟད། ཁ་སང་རྒྱལ་སྤྱིའི་དངུལ་ཁང་གིས་ཨ་སྒོར་ས་ཡ་ ༢༠༠ ཡི་ཛ་དྲག་རོགས་དངུལ་དང་། ཚེས་ ༨ ཉིན་ཡུ་རོབ་མཐུན་ཚོགས་ ནས་ཨ་སྒོར་ས་ཡ་ ༡༠།༧ དང་ཨ་རིས་ཨ་སྒོར་ས་ཡ་ ༡༢།༤༥། རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡ་ ༤།༩ བཅས་སྤྲད་ཡོད་འདུག
ད་ལྟ་ཨ་རིས་བཟོ་སྐྲུན་བྱས་པའི་ཚོད་ལྟའི་སྨན་རྫས་འདིའི་ཕན་ནུས་སྐོར་ལ་རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཁག་གིས་ཞིབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། གལ་ཏེ་སྨན་རྫས་འདིས་བཟང་ཕྱོགས་ཀྱི་གྲུབ་འབྲས་འཐོན་ཚེ། ནད་ཡམས་ཕོག་པའི་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ལ་བེད་སྤྱོད་གཏོང་རྒྱུ་ཡིན་འདུག
ཐེངས་འདིར་གསར་བཟོ་བྱས་པའི་(ZMapp) ཞེས་པའི་སྨན་རྫས་ནི་རྡོ་ཐལ་བཟོ་བྱེད་ཀྱི་རྩི་ཤིང་གི་ཉིང་ཁུ་ལས་བཟོས་པ་མ་ཟད། འདིའི་ནང་ (MB-003) དང་ཛི་མེབ་ (ZMAb) ཞེས་པའི་ལུས་ཟུང་གསོ་ཆེད་ཀྱི་རྫས་སྦྱོར་ཡང་སྦྱོར་བརྡབ་བྱས་ཡོད་འདུག ཟླ་ ༧ ཚེས་ ༣༡ ཉིན་སྨན་རྫས་འདི་ནད་ཡམས་ཕོག་པའི་ཨ་རིའི་མི་སེར་གཉིས་ལ་ཐོག་མར་ཚོད་ལྟ་བྱས་པར་བཟང་ཕྱོགས་ཀྱི་མཇུག་འབྲས་ཐོན་ཡོད་འདུག
·གསར་འགྱུར་གོང་མ:ནུབ་ལ་དྭགས་ཀྱི་ལོ་རྒྱུས་དང་མཐོང་ཐོས་ངོ་སྤྲོད་དཔྱོད་ལྡན་མགུ་བའི་གཏམ།
·གསར་འགྱུར་འོག་མ:བུ་ཡི་ལག་རྟགས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·2015ལོའི་ནོ་པེལ་རྩོམ་རིག་བྱ་དགའ་བལ་ཨུ་རུ་སུའི་རྩོམ་པ་པོར་ཐོབ་པ། 2015/10/18 10:52:58
·གངས་ལྗོངས་ཁྱེའུའི་དྲ་བ་དེ་དངོས་སུ་ཤར་གཏོང་བྱེད་ཐུབ་པ་བྱུང་བ། 2015/9/13 19:38:23
·འཚོ་གནས་ཐད་ཀྱི་སེམས་ཁྲལ། 2015/6/16 18:11:26
·གཡང་མོ་ལུག་གི་ལོ་སར་བཟང་། 2015/2/26 13:57:29
·རྟ་མཆོག་ལ་སྦྱར་བའི་ལོ་གསར་ཤིས་ཚིག 2014/3/4 12:47:19
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:26:12 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:00:43 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:35:42 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 47 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS