ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
གསར་འགྱུར་ཀློག་པ།

ཁོར་ཡུག་སྲུང་སྐྱོབ་བྱིས་པའི་རྩེད་མོ་མིན།

[རྩོམ་པ་པོ:ཁྱུང་དཀར།  ཡོང་ཁུངས:དྲ་རྒྱ  དུས་ཚོད:2015/1/27 12:14:29  བཀླགས་ཐེངས:1144][ཡིག་གཟུགས:ཡིག་གཟུགས་མདོག]
ཁོར་ཡུག་སྲུང་སྐྱོབ་བྱིས་པའི་རྩེད་མོ་མིན།

ཁྱུང་དཀར།

འདི་ནས་ཡར་ལ་རྩིས་པའི་ལོ་བརྒྱ་ཉིས་བརྒྱའི་གོང་རོལ་ན། བོད་ཡུལ་ཙམ་མ་ཟད་ཀྲུང་གོའི་རྒྱལ་ཁབ་སྤྱི་ལའང་བཟོ་ལས་ཀྱི་ལག་རྩལ་དེ་ཙམ་དར་རྒྱས་ཆེན་པོ་མིན་པས། ཁོར་ཡུག་ཀྱང་ད་ལྟ་ལྟར་གྱི་འབག་གཙོག་ཆེན་པོ་ཐེབས་མེད། འོན་ཀྱང་། ད་ལྟ་རྒྱ་ནག་གི་ས་ཆ་ཤས་ཆེ་བར་ནི་དུག་གིས་བསླད་འདྲ་བའི། མུན་པས་སྒྲིབ་འདྲ་བའི་ཁ་རླུང་རྙོག་མ་ཞིག་གིས་ཀུན་ནས་ཁྱབ་ཏེ་ཡོད་ལ། ནམ་མཁའ་ཡང་སྤྱིར་ན་འབག་གཙོག་གིས་རྐྱེན་པས་སྔོ་ཤིང་བསངས་པ་ནི་སྲིད་མཐའ་ཙམ་དུ་ཟད། དེ་འདྲའི་ཁོར་ཡུག་ན་འཚོ་ཤིང་གནས་མཁན་ཚོར་དཔལ་འབྱོར་དང་དངོས་པོའི་ལོངས་སྤྱོད་ཀྱི་ཆ་ནས་ཤིན་ཏུ་འབེལ་པོ་ཕྱུག་པོ་ཡིན་ཀྱང་། མིའི་བདེ་ཐང་གི་ཐད་ནས་ནི་འཇིག་ཉེན་ཆེན་པོ་ཞིག་ལ་ཕྲད་ངེས་པས། དོན་དམ་པའི་བདེ་སྐྱིད་ཀྱི་ཚོར་བ་ནི་ཡོང་དཀའ་ཙམ་ཡིན་ངེས། དེས་ན། འདིར་བརྗོད་འདོད་པ་ནི་རྒྱ་ནག་གི་ཁོར་ཡུག་གཏོར་སྐྱོན་བྱུང་འདུག མཁའ་རླུང་འབག་ཙོག་བྱུང་འདུག་ཟེར་རྒྱུ་མིན་ཏེ། འདིར་བརྗོད་འདོད་པ་ནི་ཁ་ནང་དུ་འཁོར་ནས་རང་རེ་བོད་ཁ་བ་ཅན་གྱི་ཞིང་ཁམས། གངས་རི་ར་བས་སྐོར་བའི་ལྗོངས་འདིའི་ཁོར་ཡུག་གི་གནད་དོན་ཡིན། སྤྱིར་ན་བོད་ནི་ཕྱི་མི་དག་གི་སྣང་ངོར་ཆེས་མཐའ་མཇུག་གི་དག་ཞིང་དང་ངོ་མཚར་གྱི་གནས་ཞིག་ཡིན་སྣང་འཆར་གྱི་ཡོད་མོད། ད་ནི་ཆེས་མཐའ་མཇུག་གི་དག་ཞིང་དེ་ཡང་དག་ཞིང་གྱི་ཚད་ལས་འདའ་རན་སྙམ་པའི་སྣང་དོགས་ནི་ཁོ་བོར་ཅི་བས་ཆེ། ཁྱེད་ཀྱིས་ཁོ་བོར་༼ཁྱོད་རི་བོང་གནབ་རྡིབ་ཀྱི་སྡུག་བསྔལ་མ་བྱེད། བོད་ཀྱི་ཁོར་ཡུག་ཁྱོད་ཀྱིས་སྨྲས་པ་ལྟར་གྱི་ཚབས་ཆེན་དེ་འདྲར་སླེབས་མེད་༽ཟེར་ཡང་སྲིད་མོད། ངས་བརྗོད་འདོད་པ་ནི་བོད་ཀྱི་ཁོར་ཡུག་འབག་གཙོག་ཚབས་ཆེན་གྱི་གནས་སུ་སླེབས་མེད་ཀྱང་ཐང་མོད། ད་ནི་ཚབས་ཆེན་དང་བར་ཐག་མི་རིང་ཟེར་འདོད་པ་དེ་ཡིན་ནོ།།
དེ་ཡང་མངོན་སུམ་གྱི་ཡུལ་དུ་སྣང་བའི་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་ཚོས་དངོས་ར་སྤྲོད་ངེས་ཡིན་ཏེ། ༢༠༡༣ལོའི་ལོ་མཇུག་གི་ཉིན་འགའི་རིང་ལྷ་སར་བྱུང་བའི་འབག་གཙོག་གི་གནད་དོན་དེ་ལས་ཀྱང་མང་པོ་ཞིག་ལ་ལན་སྤྲད་ཡོད་དེ། ལྷ་སའི་གྲོང་མི་སྤྱིས་དོ་སྣང་བྱུང་ཡོད་ཤས་ཆེ། ཉིན་དེ་དག་གི་རིང་། རྣམ་ཀུན་མཐོང་ལམ་ཡངས་པའི་མདུན་ངོས་ཀྱི་རི་བྲག་ཀུན་ཀྱང་མཐོང་ཆོས་སུ་མ་འགྱུར་བར་སྨུག་པས་འཐིབས་པ་ལྟར་གྱི་དུས་ཤིག་བྱུང་། གཞན་ཡང་། ལྷ་སར་སླེབས་རིམ་བཞིན་ཁོ་བོའི་སྣང་ངོར་ལྷ་སའི་ཁོར་ཡུག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བའི་ཚོར་སྣང་ཆེན་པོ་སྟེར་དང་སྟེར་བཞིན་འདུག  ཞོགས་པ་མཐའ་འཁོར་གྱི་རི་འདབས་སུ་རྒྱང་ལྟ་ཞིག་བྱས་ཚེ་གསལ་ལ་མི་གསལ་བའི་རབ་རིབ་ཀྱི་ཆ་ཞིག་སྔོན་ཆད་མེད་པ་ཞིག་ཀྱང་ད་ལྟ་གསར་དུ་ཐོན་ཡོད་པ་དེ་ལས་ཀྱང་ཤེས་ཡོང་རྒྱུ་མང་པོ་ཡོད་ཨ། རླངས་འཁོར་གྱི་དུག་རླངས་དང་གྲོང་ཁྱེར་གྱི་གད་སྙིགས། ཆུ་སྙིགས་དང་བཅས་པས་གྲོང་ཁྱེར་འདིའི་དྭངས་གཙང་ལ་ཕོག་ཐུག་མང་པོ་མང་པོ་ཞིག་བཏང་ཡོད་པ་ནི་ད་ལྟ་ང་ཚོའི་སྣང་ཡུལ་དུ་འགྱུར་ཡོད་ཨང་། དྲན་སྣང་ལ་ཆུང་དུས་རྒྱུ་སྐར་གྱི་ཚོགས་རྣམས་ང་ཚོའི་མགོ་ཐོག་ན་རང་འདོད་དུ་དཔྱངས་ཡོད་པའི་ཚོར་སྣང་ཞིག་ཡོད་དེ། ངའི་སྣང་ངོར་སྐར་མ་དེ་ཚོ་ང་ཚོ་དང་ཅི་འདྲའི་བར་ཐག་ཉེ་ཨང་སྙམ་ཏེ། ངོ་མཚར་གྱི་སྣང་བ་དང་བཅས་རྒྱུ་སྐར་ལ་གྲངས་ཀ་རྒྱག་བཞིན་པ་གསལ་པོར་དྲན། འོན་ཏེ། ད་ལྟ་ནི་སྐར་མ་མཛུབ་རྩེར་སྐོར་ནས་གྲངས་ལ་འདྲེན་རྒྱུ་ལྟ་ཅི། ཡང་སྙིང་སྟོང་ཁམས་ཆེན་པོ་འདིའི་དབྱིངས་ན་རྒྱུ་སྐར་གྲངས་མེད་ཅིག་ཁྲ་ཆིལ་ལེར་བཤམས་ཡོད་ཨང་སྙམ་པའི་དང་བ་ཙམ་ཡང་ཁོ་བོར་ནི་འདྲེན་རྒྱུ་མི་འདུག་གོ ། དེ་ལྟ་དེ་ལྟར། ཁོར་ཡུག་གི་གཙོག་སྐྱོན་ཇེ་ཆེར་འགྲོ་བཞིན་པའི་ད་ལྟ། ལོ་ངོ་སྟོང་ཕྲག་ལྷག་གི་ལོ་ཡི་ཕྲེང་བ་བརྒྱུས་ནས་ཡོང་བའི་བོད་ཁམས་ཀྱི་ཁོར་ཡུག་ལེགས་པར་སྐྱོང་རྒྱུ་ཡང་ངེད་ཅག་ཁ་བ་གངས་ཅན་གྱི་བུ་རྒྱུད་ཚོའི་ཕྲག་སྟེང་ན་ལྗིད་ཏིག་གེར་ཡོད་ཨང་།
ཁོར་ཡུག་ཟེར་བའི་ཐ་སྙད་འདི་སྤྱིར་ན་སྐྱེ་བོ་དག་གི་སྣང་ངོར་དེ་འདྲའི་མངོན་གསལ་ཅན་ཞིག་མིན་ལ། ལྷག་པར་དུ་བོད་པ་དག་གི་ངོས་ནས་ནི་དེ་བས་ཀྱང་གལ་ཆེན་ཞིག་ཏུ་མཐོང་གི་མེད་ཚོད་དུ་སྣང་། དེས་ན། ཡང་སྙིང་ཁོར་ཡུག་སྲུང་སྐྱོབ་ཟེར་བ་ཅི་རེད་ཞེས་པའི་དྲི་བ་འདི་ཡང་གལ་པོ་ཆེ་ཞིག་གི་ཚོད་དུ་བཞག་ནས་གླེང་བར་འདོད་དེ། ཁོར་ཡུག་སྲུང་སྐྱོབ་ཟེར་བ་ནི་ཉེ་ཁོར་གྱི་གད་སྙིགས་དག་ཕྱགས་པ་ཙམ་དང་ཁང་ཁྱིམ་སྡོད་ཁང་གི་གཙང་སྦྲ་ལེགས་པར་བྱས་པ་ཙམ་ཞིག་མིན་ཏེ། དེ་ནི་ང་ཚོའི་རྐང་འོག་ཀྱི་ས་གཞི་འདིར་གཏོར་སྐྱོན་མི་བཏོང་བར་བྱམས་པས་སྲུང་རྒྱུ་ཞིག་དང་ས་གཞིའི་ཟུངས་ཁྲག་གི་ཚུལ་དུ་འབབ་ཀྱིན་པའི་ཆུ་རྒྱུན་ལ་བརྩེ་བས་སྐྱོང་རྒྱུ་ཞིག  དེ་བཞིན་ང་ཚོར་སྐད་ཅིག་གཅིག་ཀྱང་མེད་ན་མི་འགྲིག་པའི་ཁ་དབུགས་ཀྱི་དྭངས་གཙང་འདི་ཉིད་གཟབ་ནན་གྱིས་གཏོར་སྐྱོན་མེད་པར་བྱེད་རྒྱུ་དེ་ཡང་རེད་འདོད། གལ་ཏེ་ཁོར་ཡུག་ནི་ཡོད་ཀྱང་ཆོག་ལ་མེད་ཀྱང་འགྲིག་པར་འདོད་ན་ང་ཚོས་ཆག་སྒོ་མང་པོ་རིན་གྱིས་ཉོས་མྱོང་ལ་ད་དུང་ཡང་ཉོ་ངེས་པ་ཞིག་མ་ཡིན་ནམ། དེ་ཡང་། ཡུལ་ཤུལ་ས་ཡོམ་གྱི་གས་སྲུབ་བར་ན་རང་རེའི་སྤུན་ཟླ་མང་པོའི་ནུས་མེད་ཀྱི་དབུགས་རིང་ལུས་ཡོད། འབྲུག་ཆུའི་འདམ་ཉིལ་གྱི་འདམ་རྫབ་དབུས་ན་ང་ཚོའི་སྤུན་ཟླ་མང་པོའི་ཤུགས་མེད་པའི་འཁུན་སྒྲ་ལུས་ཡོད་ཨང་། རེད་དེ། དེ་ཚོ་ཡང་ང་ཚོས་ཁོར་ཡུག་སྣང་ཆུང་དུ་བཏང་བའི་ཉེར་འབྲས་རེད། དེས་ན། ཁོར་ཡུག་ནི་ངོ་མ་བྱིས་པའི་རྩེད་མོ་ཙམ་དང་གལ་ཆུང་དུ་བཞག་ཆོག་པའི་ལས་ཞིག་གཞར་ཡང་མིན་པ་ངེས་པར་ཤེས་དགོས་པའི་དོན་ཞིག་ཡིན་ཡང་། ལུས་ཀྱི་ཚི་དྲེགས་བྱིན་རླབས་སུ་འདོད་ཅིང་། ལྗན་ལྗིན་ནག་དྲེག་རིན་ཐང་དུ་ལྟ་བའི་ང་ཚོར་མཚོན་ན། དོན་དམ་པའི་གཙང་སྦྲ་ཞིག་ང་ཚོས་ངོ་མ་མི་ཤེས་པར་འདུག  དེ་ཡང་ཡུལ་སྐོར་གྱི་ཁྲོམ་ར་རྒྱ་ཆེར་དར་བའི་དེ་རིང་། རྒྱ་ཡུལ་གྱི་རྒྱ་རྒྱ་མོ་མང་པོ་བོད་དུ་ཡོང་བའི་ཚོགས་དེར་རེ་ཞིག་ ལྟོས་དང་། ཁོ་ཚོའི་ཕྱི་གོས་ཀྱི་གཙང་སྦྲར་ལྟ་ཙམ་གྱིས་དང་། དེ་ནས་ང་ཚོ་རང་ངོས་ཀྱི་རྒྱབ་ན་བཀབ་པའི་ལོ་རྒྱུས་ཀྱི་དྲི་ངད་མ་ཡལ་བའི་ཕྱི་གོས་དེར་མིག་ཅེར་ཙམ་བྱོས་དང་། ད་གཟོད་ང་ཚོས་ང་ཚོའི་གཙང་སྦྲའི་ཚད་གཞིར་ངེས་ཤེས་རེ་འདྲོངས་ཡང་ངེས། ཨ་ཅང་ཅང་། ཁྱེད་ཀྱིས་ང་ཚོ་ཕྱི་གོས་གཙོག་ཀྱང་ནང་སེམས་གཙང་ཞེས་ཡིན་མདོག་སྟོན་ངེས་ལ་ཁོ་ཚོ་ཕྱི་གོས་གཙང་ཡང་ཁོར་ཡུག་ལ་སྲུང་སྐྱོབ་ཐུབ་མེད་པ་ཁྱོད་ཀྱིས་ཀྱང་བཤད་སོང་བ་མིན་ནམ་ཞེས་ཟེར་ངེས། ཡང་ན་སྒེར་གྱི་གཙང་སྦྲ་དང་ཁོར་ཡུག་སྲུང་སྐྱོབ་བར་འབྲེལ་བ་ཆེར་མི་འདུག་ཀྱང་གསུང་ཤས་ཆེ། འོན་ཀྱང་ང་ཚོ་ཕྱི་གོས་གཙོག་ཀྱང་ནང་སེམས་གཙང་མིན་ང་ཚོ་རང་མི་རང་ལ་རྒྱུས་ཡོད་ཡིན་པས་༼དགེ་ཆོས་ཀྱི་ཚིག༽རེ་ཞིག་བཤད་མཚམས་འཇོག  ཁོ་ཚོ་ཕྱི་གོས་གཙང་ཡང་ཁོར་ཡུག་སྲུང་སྐྱོབ་མ་ཐུབ་པ་བདེན་དུ་ཆུག་ཀྱང་ད་ལྟ་ཁོ་ཚོའི་དམངས་ཁྲོད་ནས་རང་མོས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་མི་ཇེ་མང་དུ་འགྲོ་བ་དེ་ལས་ཀྱང་ཁོ་ཚོར་སྲུང་སྐྱོབ་ཀྱི་འདུ་ཤེས་རྒྱུད་ལ་ཡོད་པ་དངོས་ར་སྤྲོད་ཐུབ། དེ་བས་སྒེར་གྱི་གཙང་སྦྲར་དོ་སྣང་བྱེད་མཁན་གྱི་མི་ཞིག་གིས་ཆེ་ཆུང་ལ་མ་ལྟོས་པར་ཁོར་ཡུག་ལ་སྣང་བ་འཇོག་ངེས་ཡིན་པར་ཁོ་བོས་འདོད་བཞིན་ཡོད་དོ། འོན་ཏེ། དེའི་ཁ་གཏད་དུ་འགྱུར་བའི་འུ་ཅག་ནི་ད་དུང་ཡང་རྟོགས་པ་སད་དཀའ་བའི་ཁྱུ་ཞིག་ཏུ་ལུས་ཡོད་དེ། ཕ་ཡུལ་གྱི་གཏེར་ཁ་སུ་ཡིས་འཁྱེར་ཡང་འཁྱེར། མ་ཡུལ་གྱི་རྩྭ་ཐང་སུ་ཡིས་བསྔོགས་ཀྱང་བསྔོགས་སྙམ་མཁན་ཉུང་ཤས་ཤིག་ལར་ནས་མིན་ཨང་། དེ་བས་ཁོ་བོ་ཚུད་པ་ཀུན་གྱིས་ངེས་པར་དུ་ཤེས་དགོས་པ་ནི་ལུང་པ་ཆུས་འཁྱེར་ན་རྡོ་ལེབ་སྐབ་པོར་ལུས་མི་སྲིད་པའི་གནས་ལུགས་དེ་ཡིན་ནོ། གལ་ཏེ་ནམ་ཞིག་ན། བོད་ཀྱི་སྔོ་བསངས་ནམ་མཁའ་ལྗན་ལྗིན་སེང་རས་ཤིག་གི་ཡོལ་བས་སྒྲིབས་ཏེ་སྔོན་པོར་མི་གནས་ཤིང་། དྭངས་གཙང་རྒྱུགས་ཆུ་ཟོག་སེམས་ཅན་གྱིས་བཏུང་བ་ཙམ་གྱིས་ལུས་ཁམས་འཁྲུགས་ན། རབ་གཙང་ཁ་དབུགས་རྔུབ་པ་ཙམ་གྱིས་ཀྱང་ཐ་མག་རྐང་ལྔ་དྲུག་ལྷན་གཅིག་འཐེན་པ་ལྟ་བུའི་དུས་ཤིག་བྱུང་ན། དེ་དུས་ང་ཚོས་ངོ་མ་ཆུགས་སོང་བ་རེད། མི་སྲིད་རྒུ་སྲིད་འཇིག་རྟེན་འདི་ན་སྲིད་པས་དེ་འདྲ་ཡང་མི་ཡོང་བའི་ཁག་ཐེག་སུ་ཡིས་བྱེད་ནུས་ཏེ། བྱེད་མི་ནུས་སོ། དེས་ན་ང་ཚོར་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྟོགས་པ་ངེས་པར་དུ་སད་དགོས་པར་འདུག་ཏེ། རང་སྒེར་གྱི་གཙང་སྦྲ་ནས་འགོ་བཙུགས་ཤིང་རང་ཡུལ་གྱི་ས་ཆུ་ནས་ལས་བརྩམས་ཏེ་བཟློག་ཏུ་མེད་པའི་ཉེན་ཚབ་ཤིག་གི་ཁ་གནོན་དུ་ང་ཚོ་ངེས་པར་དུ་སད་དགོས་ངེས་ཤིག་རེད་ཨང་།
·གསར་འགྱུར་གོང་མ:དེང་གི་ཡུལ་མི་རྣམས་ལ་གཏམ་དུ་བྱ་བ།
·གསར་འགྱུར་འོག་མ:གླུ་མ་རིག་འཛིན་སྒྲོལ་མའི་གླུ་གཞས་ཆེད་བསྒྲིགས་གསར་པ
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·རྒྱལ་ཁམས་བདེ་བའི་ཐུགས་བསྐྱེད་སྨོན་ལམ་ཞེས་བྱ་བ་བཞུགས།། 2015/6/16 17:55:12
·ནགས་ཚལ་སྐོར་གྱི་རྒྱུན་ཤེས། 2015/5/30 14:58:03
·བོད་ཀྱི་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ། 2015/3/25 11:52:21
·སྣོད་བཅུད་ཁོར་ཡུག་སྐོར་གྱི་གདམས་ངག། 2015/3/17 11:24:51
·ཁོར་ཡུག་སྲུང་སྐྱོབ་དང་འགན་འཁྲི། 2014/4/3 10:38:25
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 20:49:15 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 2:18:49 [来自: 112.5.248.152]

评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 12:29:45 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།29.30MS