ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
  གསར་འགྱུར་ཀློག་པ།

མི་མང་ཆེ་བ་ནི་རྒས་ཏེ་ཤི་བ་མ་ཡིན་པར་རླུང་ལངས་ནས་ཤི་བ་རེད།

[རྩོམ་པ་པོ:པོ་ཏ་ལས  ཡོང་ཁུངས:གླིང་དྲ།  དུས་ཚོད:2015/4/24 8:54:12  བཀླགས་ཐེངས:2244][ཡིག་གཟུགས:ཡིག་གཟུགས་མདོག]
 

  མི་མང་ཆེ་བ་ནི་རྒས་ཏེ་ཤི་བ་མ་ཡིན་པར་རླུང་ལངས་ནས་ཤི་བ་རེད།

 

ཡིག་སྒྱུར། པོ་ཏ་ལས

མི་ནི་བརྩེ་དུང་ལྡན་པའི་སྲོག་ཆགས་ཤིག་ཡིན་པས་ཁོང་ཁྲོ་གཏན་ནས་ཟ་རྒྱུ་མེད་མཁན་ཞིག་དཀོན་པ་རེད། དགའ་བ་དང་ཁྲོ་བ། སེམས་ཁྲལ་དང་བསམ་གཞིགས། སྐྱོ་བ་དང་དངངས་སྐྲག ཧ་ལས་པ་བཅས་ཀྱི་རང་བཞིན་ཡིན་སྟབས།དགའ་ན་དགོད་ལ་འདོད་ཐོག་ཏུ་མ་ཁེལ་ན་ངུ་། སྤྲོ་ལངས་དུས་ཁ་ངན་གཏམ་ངན་རེ་སྒྲོག་པར་བྱེད། འདིའི་སྐོར་རྒྱ་ལུགས་གསོ་རིག་ནང་དུ་གསལ་བོར་བཀོད་ཡོད་པ་སྟེ། ཁྲོས་ན་མཆིན་པར་གནོད་ཅིང་དགའ་ཆེ་ན་སེམས་ལ་གནོད།སེམས་ཁྲལ་གྱིས་གློ་བར་གནོད་ཅིང་བསམ་གཞིག་གིས་མཚེར་པར་གནོད། དངངས་སྐྲག་གིས་མཁལ་མར་གནོད་ཅེས་བརྗོད། ནད་རིགས་ཚང་མ་རླུང་གིས་སློང་བ་རེད། རང་རེ་བོད་ཀྱི་གསོ་རིག་རྒྱུད་བཞིའི་ནང་དུ་རླུང་ནི་ནད་རྣམས་ཀུན་གྱི་སྣ་འདྲེན་ཏེ་ཞེས་གསུངས་པ་ལྟར་དོན་ལའང་གནས། དྲང་པོར་བཤད་ན་མི་མང་པོ་ཞིག་རྒས་ཏེ་ཤི་བ་མིན་ལ་ན་ནས་ཤི་བའང་མིན། དེ་ནི་རླུང་ལངས་ཏེ་ཤི་བ་རེད། དཔོན་གནས་མི་ཟིན་དུས་རླུང་ལངས་ཤིང་ཁེ་བཟང་མི་རག་དུས་རླུང་ལངས་པ་རེད། རྒན་པ་ཕལ་མོ་ཆེ་ཞིག་དོན་དག་ཆུང་ངུ་ལའང་རླུང་ལངས་འདུག དེར་བརྟེན་མི་དག་ལ་ཁོང་ཁྲོ་གཏན་ནས་ཡོད་མི་སྲིད་ཅེས་བརྗོད་མི་སྤོབས། ཡིན་ནའང་ངེས་པར་དུ་བསམ་ཚུལ་ཉི་ཚེ་བའི་དབང་འོག་ཏུ་ཚུད་མི་ཐུབ་པ་བྱས་ཏེ། དེའི་བདག་པོ་ཞིག་ཏུ་ཅིས་ཀྱང་འགྱུར་ཐུབ་དགོས། སོ་སོའི་བློ་ཁའི་འགྱུར་ལྡོག་དེ་ངེས་པར་དུ་སོ་སོས་ཁ་ལོ་བསྒྱུར་ཐུབ་དགོས་པ་མ་ཟད་ཕར་དེའི་དབང་འོག་ཏུ་ཚུད་མི་རུང་བ་ནི་ངེས་ཅན་རེད། བསམ་ཚུལ་ཉི་ཚེ་བ་ནི་མི་རྣམས་རླུང་ལངས་བྱེད་ཀྱི་བརྡ་ཐུར་ཞིག་ཡིན་པས་གལ་འགངས་ཆེན་པོ་ཡིན་སྟབས་ནམ་ཡང་སེམས་ལ་ཟུངས། མི་ཡི་ན་ཚ་བརྒྱ་ཆ་བདུན་ཅུ་དེ་ཁྱིམ་ཚང་ལས་བྱུང་ཞིང་བྱུང་ཟིན་ལ་འབྱུང་བར་འགྱུར་བའི་ངན་སྐྲན་གྱི་འབྱུང་རྐྱེན་ཡང་བརྒྱ་ཆའི་ལྔ་བཅུ་དེ་ཁྱིམ་ཚང་ལས་བྱུང་བར་བཤད། ཁྱོད་ཀྱིས་ཤོད་དང་ཁྱིམ་ཚང་དེ་གལ་ཆེན་ཞིག་རེད་དམ་མ་རེད། འདིས་ཁྱིམ་ཚང་གི་འཆམ་མཐུན་དེ་ཧ་ཅང་གལ་ཆེན་ཞིག་ཡིན་པའི་གསལ་བཤད་བྱས་ཡོད། ཁྱིམ་ནང་ནས་ཡིན་གཅིག་མིན་གཉིས་ཁ་རྩོད་ཆུང་ངུ་རེ་རྟག་པར་བྱེད་མ་འདུག ཁ་འཛིང་ཆེ་བ་ཉིན་ཤས་རེའི་མཚམས་ནས་བྱེད་དགོས་ཐུག་རུང་འཁྱིལ་ཆུ་ལྟ་བུའི་ཁྱིམ་ཚང་ཞིག་ཏུ་མ་བསྒྱུར། ཁ་འཛིང་མེད་ལ་ཁ་བརྡ་ཡང་མེད་པ། ཐ་ན་ཟླ་ཕྱེད་རེ་ལའང་ཁ་བརྡ་མ་བྱས་ན་མི་རིང་བར་སྡུག་བཟོད་མི་ཚུགས་པ་ཞིག་ཏུ་འགྱུར་རྒྱུ་མིན་ནམ། སྔོན་སྒྲོག་སྤེལ་བྱས་པ་ཞིག་གི་ནང་དུ་བཟའ་ཟླ་ཤི་བའི་མི་ཡི་ཚེ་ཐག་ཐུང་ཚུལ་བཤད་འདུག་པས་ཁེར་རྐྱང་ཡུལ་པོ་ནི་དབུལ་ཕོངས་ལས་ཀྱང་འཇིགས་སུ་རུང་བ་ཞིག་རེད། ཁྱོ་ཤུག་བརྩེ་དགས་ཚེ་ཐག་བསྲིང་ལ་ཁྱོ་ཤུག་བདེ་བར་འཚོ་ན་ཚེ་ཡང་རིང་། ཁེར་རྐྱང་ཡུལ་པོར་གྱུར་དུས་གནད་དོན་འབྱུང་སླ་ལ་ཚེ་ཐག་ཀྱང་ཐུང་སླ། འདི་ནི་ཡོངས་ཁྱབ་ཀྱི་ཆོས་ཉིད་རེད། ཡིན་ནའང་གང་འདྲ་བྱས་ཏེ་ཁྱིམ་ཚང་འཆམ་མཐུན་ཡོང་ཐབས་བྱེད་རྒྱུ་ནི་ཤེས་བྱ་ཞིག་ཡིན་པས།གནད་དོན་བཞི་ངེས་པར་དུ་ཐག་གཅོད་ཐུབ་དགོས་པ་སྟེ། གཅིག་ནི་རྒན་པར་བརྩི་བཀུར་བྱ་དགོས་པ། གཉིས་པ་ནི་བུ་ཕྲུག་ལ་སློབ་གསོ་ཡག་པོ་གཏོང་རྒྱུ། གསུམ་པ་ནི་སྒྱུག་མོ་དང་ཆུང་མའི་འབྲེལ་བར་ཐག་གཅོད་ཡག་པོ་བྱ་རྒྱུ། བཞི་བ་ནི་སྲོག་ཤིང་ལྟ་བུའི་ཁྱོ་ཤུག་གི་བརྩེ་དགའ་དེ་རེད། ཁྱོ་ཤུག་བརྩེ་ཞིང་དགའ་ནའང་ཕན་ཚུན་བར་བསྒྲུབ་དགོས་པའི་རྩ་དོན་བརྒྱད་ཡོད་དེ།ཕན་ཚུན་བརྩི་འཇོག་དང་བྱམས་པ།ཕན་ཚུན་ཡིད་ཆེས་དང་རོགས་རེས། ཕན་ཚུན་སེམས་གསོ་དང་སྐུལ་འདེད། ཕན་ཚུན་བཟོད་སྒོམ་དང་བསམ་ཤེས་བཅས་ཐུབ་དགོས་པ་རེད། མི་ཚང་མར་རང་གཤིས་རེ་ཡོད་ལ་མི་སྐྱོན་མེད་འཛམ་བུ་གླིང་ལ་མེད་ཟེར་བ་ལྟར་ཡིན་པས། དབྱུགས་ཞོག ཁོ་བོར་དགོས་པ་ནི་བཟོད་སྒོམ་རེད། མོ་རང་སྐྱིད་སོང་ན་དེས་ཆོག་གོ་ཞེས་ནམ་རྒྱུན་རང་གིས་རང་ལ་དྲན་སྐུལ་དགོས་ངེས་རེད། དེར་བརྟེན་ཅིས་ཀྱང་སེམས་སུ་ངེས་དགོས་པ་ཞིག་ནི་རང་གི་བཟའ་ཟླར་གཞོན་དུས་སུ་དགའ་དགོས་པ་མ་ཟད་རྒས་དུས་སུའང་དེ་ལས་ལྷག་པར་གཅེས་དགོས་ངེས་རེད། བདེ་ཐང་གི་སྐབས་སུ་དགའ་དགོས་པ་མ་ཟད་ན་བའི་སྐབས་དེ་ལས་ལྷག་པར་བྱམས་དགོས་ངེས་རེད། ཁོ་བོའི་བཟང་ཆར་དགའ་དགོས་པ་མ་ཟད་སྐྱོན་ཆ་ལའང་དགའ་དགོས་ངེས་རེད། ཕོ་མོ་ཚང་མ་འདྲ་འདྲ་ཡིན་པས་ཕན་ཚུན་བསམ་ཤེས་བྱེད་རྒྱུ་དེ་ཆེས་འགངས་ཆེན་ཞིག་གོ།།

·གསར་འགྱུར་གོང་མ:བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག
·གསར་འགྱུར་འོག་མ:ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·སེམས་ཁམས་སྐྱིད་པའི་ཐབས་མཆོག 2011/10/9 9:14:26
·སེམས་ཁམས་སྐྱིད་པའི་ཐབས་མཆོག༥ 2011/9/30 8:15:31
·སེམས་ཁམས་སྐྱིད་པའི་ཐབས་མཆོག༦ 2011/9/25 9:59:51
·སེམས་ཁམས་སྐྱིད་པའི་ཐབས་མཆོག༤ 2011/9/22 19:02:50
·སེམས་ཁམས་སྐྱིད་པའི་ཐབས་མཆོག༣ 2011/9/21 9:51:42
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:kxgeyqkvv
CykAhs  <a href="http://ysoenbaplzfc.com/">ysoenbaplzfc</a>, [url=http://grxwuxqonpab.com/]grxwuxqonpab[/url], [link=http://zfambbwhcfuj.com/]zfambbwhcfuj[/link], http://utkuewinfnat.com/
发表时间:2016/5/7 7:29:47 [来自: 46.161.9.32]

 评论者:ckjggmbgh
uAfQ9h  <a href="http://ugalxjranssa.com/">ugalxjranssa</a>, [url=http://njmasyjwqfmu.com/]njmasyjwqfmu[/url], [link=http://gawafbjsxpzt.com/]gawafbjsxpzt[/link], http://ivnudvlxfjvz.com/
发表时间:2015/8/18 13:04:26 [来自: 46.161.41.199]

འབྲེལ་ཡོད་དཔྱད་བརྗོད 2 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS