ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས།

[རྩོམ་པ་པོ:ཡོན་ཏན་རྒྱ་མཚོ། ཅོ་ནེ།  ཡོང་ཁུངས:ཙོང་ཁའི་གཟི་འོད།  དུས་ཚོད:2015/4/24 9:00:16  བཀླགས་ཐེངས:2373][ཡིག་གཟུགས:ཡིག་གཟུགས་མདོག]

 

ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས།

 དུང་དཀར་ཡོན་ཏན་རྒྱ་མཚོ། ཅོ་ནེ།

 

ང་ཚོའི་བོད་མི་རིགས་སྟེ་འཛམ་གླིང་སུམ་ཉིས་དཀྱིལ་འཁོར་དབང་དུ་བྱས་པའི་རྒྱལ་ཁབ་ཆེན་པོ་ཞིག་གློ་བུར་དུ་མར་ངོའི་ཟླ་བ་ཇི་བཞིན་ཉམས་ནས་ཉམས་སུ་ཕྱིན་པའི་རྒྱུ་རྐྱེན་ཏེ། ཕྱི་རྐྱེན་དང་ནང་རྐྱེན། དེ་གང་རུང་མ་ཡིན་པའི་རྐྱེན་སོགས་གཞིར་བྱས་ནས་ད་ནི་སྣུམ་ཟད་ཀྱི་མར་མེའི་ཚུལ་ལྟར་གནས་ཡོད་པ་འདིར་བསམ་ན་ང་ཚོ་ནི་སྐད་ཡིག་ལ་རྨོངས་པ་དང་དེ་མིན་དད་པར་བྱེད་སའི་ཡུལ་དང་ཇི་ལྟར་དད་པར་བྱེད་པ་སོགས་ལ་རྨོངས་ནས་ལམ་ནོར་ཆེན་པོ་བྱུང་བས་ཡིན་པར་སྙམ། དེ་བས་དེ་དག་ཇི་ལྟར་སེལ་བའི་སྐོར་ནས་ཉུང་ཙམ་གླེང་བ་ལ།

དང་པོ། ཡིག་རྨོངས་སེལ་ཐབས།



ཡི་གེ་ལ་རྨོངས་པ་ནི་རིག་གནས་དང་གནས་ལུགས་ལ་རྨོངས་པ་དང་། རིག་གནས་དང་གནས་ལུགས་ལ་རྨོངས་པ་ནི་རང་ཉིད་ཀྱི་ཡང་དག་པའི་མདུན་ལམ་ལ་རྨོངས་པ་ཡིན་པས་ན། བོད་མི་རིགས་ལ་མཚོན་ན་བརྒྱ་ཆའི་བདུན་ཅུ་ལྷག་ཙམ་ཡིག་རྨོངས་པ་ཡིན་པས་གནས་ལུགས་ལ་རྨོངས་པ་རང་རེད། རྒྱུ་མཚན་ནི། གནས་ལུགས་དང་མི་རིགས་ལ་ཤ་ཞེན་ནི་ཡབ་མེས་ཀྱི་གསུངས་རབ་དག་གི་ཁྲོད་ན་ཡོད་པས་རེད། ཡབ་མེས་དམ་པ་ཚོའི་རྣམ་ཐར་དང་ལོ་རྒྱུས། སྙིང་སྟོབས་དང་ཕུགས་བསམ་རླབས་ཆེན་དེ་དག་མ་རྟོགས་ན། དམ་པ་གོང་མ་ཚོར་དད་གུས་མི་སྐྱེས་ལ་མི་རིགས་ཀྱི་ནང་སྙིང་ཡང་མི་རིག་པ་རེད། དེ་བས་ང་ཚོས་ཡིག་རྨོངས་སེལ་རྒྱུ་ནི་མི་རིགས་ལ་མཚོན་ན་བླ་དང་སྲོག་ཏུ་གྲུབ་འདུག་པས། ད་ནི་ང་ཚོས་ཡིག་རྨོངས་སེལ་ཐབས་ལ་འབད་དགོས་པ་ལགས་སོ། དེ་ན་ང་ཚོས་ཡིག་རྨོངས་ཇི་ལྟར་སེལ་ལམ་ཞེས་ན། དང་པོ། ང་ཚོས་བཅའ་ཁྲིམས་དང་རང་སྐྱོང་སྲོལ་ཡིག་གཞིར་བྱས་པའི་ངང་ནས་ཡིག་རྨོངས་ཚོགས་པ་འཛུགས་རྒྱུ། གཉིས་པ། བོད་རང་གི་བྱིས་པ་དག་ལ་ངེས་པར་དུ་ཆུང་དུས་ནས་བོད་རང་གི་སྐད་ཡིག་སྦྱོང་སའི་ཁོར་ཡུག་སྐྲུན་རྒྱུ། གསུམ་པ། སློབ་ཆེན་ནས་སློབ་མཐར་ཕྱིན་པའི་སློབ་མ་རུས་ཞེན་ཅན་ཚོས་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལ་ཞུགས་རྒྱུ། ང་རང་ཡོད་སའི་ཅོ་ནེ་རྫོང་ལྟ་བུ་མཚོན་ན་ད་ལོ་སློབ་མཐར་ཕྱིན་ནས་གཞུང་ཞབས་པའི་སྟེང་གི་རྒྱུགས་ལ་ཞུགས་མཁན་གྱི་མི་གྲངས་སྟོང་ལྷག་ཡོད་མོད། དེའི་ཁྲོད་བོད་ཡིག་གི་དགེ་རྒན་གྱི་ཆེད་དུ་རྒྱུགས་ལ་ཞུགས་མཁན་གཅིག་ལས་མེད་པ་རེད། གཅིག་པོ་དེ་བོད་ཡིག་གཙོ་བའི་སློབ་གྲྭ་མང་པོ་ཞིག་གིས་རེ་བ་བྱེད་བཞིན་པ་ལྟ་བུ་རེད། བཞི་བ། དབྱར་གནང་དང་དགུན་གནང་སྐབས། རྨོངས་སེལ་ཚོགས་པ་དང་རྨོངས་སེལ་འཛིན་གྲྭ་བསྡུས་ནས་ཁྲིམས་ལུགས་དང་མཐུན་པར་མང་ཚོགས་ཁྲོད་ཀྱི་ཡིག་རྨོངས་པར་སྐད་ཡིག་གི་སློབ་སྦྱོང་སྤྲོད་རྒྱུ། ལྔ་བ། མང་ཚོགས་དང་སློབ་མ་གཙོ་བའི་འབྲེལ་ཡོད་མི་སྣ་ཚོས་བཅའ་ཁྲིམས་དང་མཐུན་པར་གོང་རིམ་ལ་ཡར་ཞུ་བྱས་ནས་སྐད་ཡིག་གི་ངོ་བོ་སྲུང་སྐྱོབ་སྣ་ཚོགས་བྱ་རྒྱུ། དྲུག་པ། ང་ཚོ་ལ་ནང་ཆོས་མཁོབ་བདེན་མོད། སྐད་དང་ཡི་གེ་ནི་དེའི་གཞི་རྩ་ཡིན་པ་མ་བརྗེད་རོགས་ཞུ། དེ་བས་ང་ཚོའི་རྨོངས་ཡོད་པ་མང་ཕྱོགས་དེ་དམངས་ཚོགས་ཡིན་པས་ན་དམངས་ཚོགས་ཀྱི་ཡིག་རྨོངས་དང་རྨོངས་དད་སོགས་སེལ་ཐུབ་ན་དེ་ནི་རྒྱལ་ཁ་ངོ་མ་ཞིག་རེད་དོ།།

གཉིས་པ། རྨོངས་དད་ཇི་ལྟར་སེལ་ཐབས།



འདི་ནི་མི་རིགས་ཤིག་ལ་མཚོན་ན་ཆེས་འཇིགས་སུ་རུང་པའི་གནས་ཤིག་སྟེ། རྨོངས་དད་ཀྱིས་ཆགས་སྡང་དང་ནང་འཁྲུག་བསྐྱེད་སྲིད་ལ། རྨོངས་དད་ཀྱིས་མདུན་ལམ་དང་རེ་བ་འགོག་སྲིད། རྨོངས་དད་ཀྱིས་མཐུན་སྒྲིལ་དང་སྙིང་སྟོབས་གཏོར་སྲིད། དེ་བས་རྨོངས་དད་ནི་མི་རང་ཉིད་ཀྱི་མི་ཚེའི་གཤེད་མ་དང་མི་རིགས་འཕེལ་རྒྱས་ཀྱི་རྩ་བའི་བཀག་རྡོ་དེ་རེད། དེའི་ཕྱིར་ང་ཚོས་ཡུལ་དང་དུས་ལ་མི་རྨོངས་ཤིང་། མཆོག་དང་ང་རྒྱལ་ལ་མི་རྨོངས་པ། མདོར་ན་ཀུན་ལ་མི་རྨོངས་པའི་ལམ་ལ་ངེས་པར་དུ་བསྐྱོད་དགོས། དེ་བས་རང་རེའི་མི་རིགས་ལྟ་བུར་མཚོན་ན་གནས་ལུགས་དང་རྒྱུ་མཚན་ལ་རྨོངས་པ་སྟེ། དཔེར་ན། སྲེག་གཅད་བརྡར་གསུམ་གང་ཡང་མ་བྱས་པར་བླ་མིང་དང་སྤྲུལ་མིང་ཐོགས་ཚད་ལ་དད་པར་བྱེད་པ། དེའི་འབྲས་བུ་རང་གཞན་ཀུན་ལ་ཕན་ཅི་ཡང་མི་ཐོགས་པར་མ་ཟད་ད་དུང་དཔལ་འབྱོར་དང་ཁེ་ཕན་ལ་གནོད་པ་རེད། དེ་བས་དད་ཡུལ་ལམ་ཡང་ན་མི་རིགས་ཀྱི་འདུ་ཤེས་ཀྱི་ཆ་ནས་གནས་ལུགས་དང་རྒྱུ་མཚན་ཤེས་ནས་དད་པ་དང་བྱ་བ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་བས་རྨོངས་དད་དེ་ཇི་ལྟར་སེལ་ལམ་ཞེས་ན། དང་པོ། དགེ་འདུན་པ་ཚོས་བསེ་རུ་ལྟ་བུའི་རང་གཤིས་དང་ཁེངས་སྐྱུང་མ་མཛད་པར། ཆོས་ལུགས་ཀྱི་ཡང་སྙིང་གི་བསམ་བློ་ཇི་ལྟ་བུ་ཞིག་གིས་དད་པའི་ཡུལ་གྱི་ཕྱོགས་ནས་བླང་དོར་གསལ་བཤད་གནང་རྒྱུ། གཉིས་པ། གནས་ལུགས་དང་རྒྱུ་མཚན་རྟོགས་པ་གལ་ཆེ་ཚུལ་གྱི་སྐོར་གསལ་བཤད་གནང་རྒྱུ། གསུམ་པ། ནང་བསྟན་གྱི་རྒྱུན་ཤེས་ལས་མཆོག་གསུམ་གྱི་ཡོན་ཏན་དང་ནུས་པ་འཕྲིན་ལས་སོགས་ལེགས་པར་གསུང་རྒྱུ་དང་། དེ་མིན་ནང་བསྟན་གྱི་གཙོ་བོ་ཉམས་ལེན་ཡིན་པ་ལས་དཔལ་འབྱོར་དང་ཕྱོགས་ཞེན་ལ་རྒྱའི་ངང་ནས་ཆོས་བྱས་པ་ནི་ཐ་མ་ཡིན་ཚུལ་སོགས་ཀྱི་ངེས་དོན་དེ་དག་མང་ཚོགས་ལ་བརྡ་སྤྲོད་ཐབས་བྱེད་རྒྱུ། བཞི་བ། དུས་ངེས་ཅན་ལ་བླ་མ་མཁས་པ་ཚད་དང་ལྡན་པ་དང་དགེ་བཤེས་ཀུན་སློང་གཙང་མ་རེ་གདན་འདྲེན་གྱིས་དབང་ལུང་གི་མཛད་པ་མ་གནང་བར་ནང་ཆོས་ངོ་སྤྲོད་གང་ཡག་རེ་གནང་བའི་ལས་ལ་འབད་རྒྱུ་བཅས་ལགས་སོ།།

དེ་མིན་སེར་མོ་བ་དང་སྐྱ་བོ་ཤེས་མེད་འགའ་རེ་ཆོས་ཆོས་མ་ཤེས་སྲིད་སྲིད་མ་ཤེས་པར་ཕན་ཚུན་ལ་དགག་སྒྲུབ་དང་ལྟ་བ་སྣ་འདྲ་མིན་གྱིས་ཞེ་འཁོན་སྣ་ཚོགས་ཀྱི་དབང་དུ་སོང་ནས་རྩོམ་ཉོག་དང་གཏམ་ཉོག་གིས་ཉི་མ་གཏོང་གིན་འདུག་པས་ངོ་མ་ཡིད་སྐྱོ་བའི་གནས་ལས་མ་འདས། དེ་བས་ཕྱོགས་གཉིས་ཀའི་ང་རྒྱལ་དང་ཆགས་སྡང་སེལ་བ་ལ་རྨོངས་དད་སེལ་དགོས་པ་རེད། རྨོངས་དད་སེལ་ཐུབ་སོང་ན་ང་ཚོའི་རིག་གནས་ནང་འཁྲུག་གི་འཁོར་ལོ་དེ་ཞི་ཞིང་འཇགས་རང་བཞིན་གྱིས་མི་རིགས་སྤྱིའིབདེ་སྡུག་ལ་འཁོར་ངེས་རེད་དོ།།

·གསར་འགྱུར་གོང་མ:མི་མང་ཆེ་བ་ནི་རྒས་ཏེ་ཤི་བ་མ་ཡིན་པར་རླུང་ལངས་ནས་ཤི་བ་རེད།
·གསར་འགྱུར་འོག་མ:གེགས་འཚུབ་ཀྱི་རྗེས་ལ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན། 2016/1/4 14:33:07
·འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས། 2015/10/28 12:45:21
·མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ། 2015/5/17 21:03:50
·བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག 2015/4/18 11:08:08
·ཨ་མའི་སློབ་གསོའི་ཐད་ཀྱི་བསམ་གཞིགས། 2015/3/31 23:40:47
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:rxnefswfedi
YXx9yc  <a href="http://axpzhfzbogxn.com/">axpzhfzbogxn</a>, [url=http://nnpinrecosmm.com/]nnpinrecosmm[/url], [link=http://nxwydrcwxivl.com/]nxwydrcwxivl[/link], http://fosparmnmzmp.com/
发表时间:2016/2/23 12:30:01 [来自: 146.185.234.48]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS