ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

འཚོ་གནས་ཐད་ཀྱི་སེམས་ཁྲལ།

[རྩོམ་པ་པོ:བཙན་ཞགད།  ཡོང་ཁུངས:དྲ་ཐོག  དུས་ཚོད:2015/6/16 18:11:26  བཀླགས་ཐེངས:1229][ཡིག་གཟུགས:ཡིག་གཟུགས་མདོག]
 

འཚོ་གནས་ཐད་ཀྱི་སེམས་ཁྲལ།

༼མ་རྩོམ་གྱི་ཁ་བྱང་ཇི་ཡིན་མ་ངེས་པས་སྐབས་འཕྲལ་འདི་ལྟར་བྲིས་ཡོད།༽

 

བཙན་ཞགས།


     མེས་པོ་ཚོ་དཔལ་འབྱོར་གྱི་རྗེས་ལུས་ཡིན་པ་བདེན་ཡང་། ཤེས་རབ་ཀྱིས་རང་ཁ་གསོས་པ་རེད། ང་ཚོས་ཤེས་རབ་དོར་ནས་དཔལ་འབྱོར་ཁོ་ནས་རང་ཁ་གསོ་དགོས་ཟེར་གྱིན་ཡོད། གོང་གི་སྐད་ཆ་འདི་གཉིས་ཅུང་རྒྱས་བཤད་བྱས་ན། མེས་པོ་ཚོའི་དུས་སུ་དཔར་འབྱོར་ཧ་ཅང་ཞན་པའི་སྟབས་ཀྱིས་འཛམ་གླིང་ཕར་ཞོག་རྒྱལ་ཕྲན་ཕན་ཚུན་ལས་ཀྱང་འཚོ་རྫས་ནང་འདྲེན་བྱེད་དཀའ་ལ་བྱེད་རྒྱུའང་མེད་པའི་ཚོད་ཅིག་རེད། སྐབས་དེའི་མི་ཚང་མ་ཡང་ད་ལྟའི་ང་ཚོ་དང་འདྲ་བར་ཟ་མ་མ་ཟོས་ན་ལྟོག་ལ་གྱོན་པ་མ་གྱོན་ན་གྲང་བ་རྒྱུན་ལྡན་ལྟར་རེད། སྐབས་དེའི་མི་ཚང་མ་ལྟོག་ནས་མ་ཤི་ལ་གྲང་ནས་ཀྱང་མ་ཤི། དེ་ནི་མེས་པོ་ཚོའི་བློ་གྲོས་ཀྱིས་བསྐྲུན་པའི་འཚོ་བ་ཞིག་གི་འབྲས་རྟགས་རེད། མགོ་ལ་ཕུབ་རྒྱུའི་སྦྲ་ནག ལུས་ལ་གྱོན་རྒྱུའི་རྩག་པགས། ཁ་ལ་ཟ་རྒྱུའི་རྩམ་པ་སོགས་གཞན་ལ་རྟེན་མི་དགོས་པར་རང་གིས་རང་ལ་སྟེར་ཐུབ་པའི་འཚོ་གནས་ཆ་ཚང་ཞིག་ཡོད། རང་གི་ཐོན་རྫས། རང་གི་ལག་རྩལ། རང་གི་འབད་པ་སོགས་ལ་བརྟེན་ནས་མཐོ་སྒང་གི་ཡུལ་གྲུ་འདིར་མི་རིགས་ཆུང་ཆུང་འདི་འདྲ་ཞིག་འཚོ་སྡོད་བྱེད་ཐུབ་པ་ནི་དམིགས་བསལ་ཅན་གྱི་མེས་པོ་ཚོའི་ཁྱད་ཆོས་སམ་འཇོན་ནུས་ཤིག་མ་ཡིན་ནམ། ད་བར་གྱི་ང་ཚོ། དཔལ་འབྱོར་དུས་རབས་ཀྱི་རླབས་རྩེར་འཕྱོ་བའི་གོ་གྲུ་ཞིག་དང་འདྲ་བར། འཚོ་གནས་དང་འཚོ་ཆས་སོགས་ལ་ངེས་གཏན་དང་གོ་རིམ་མེད་པར་སྣ་ཚོགས་པ་ཞིག་སྟེ་རྟ་མོག་མོག་གི་སྤུ་ལྟར་གྱུར་ནས་ཡོད་པ་དེ་རེད། ཁ་ལ་ཟ་རྒྱུའི་ཟས་དང་། རྒྱབ་ལ་གོན་རྒྱུའི་གོས། མགོ་ལ་ཕུབ་རྒྱུའི་སྦྲ་སོགས་འཚོ་བའི་མཁོ་ཆས་མཐའ་དག་གཞན་ཁོ་ན་ལས་ཉོས་ཏེ་ཡོང་བ་ཞིག་ལས་གཅིག་ཀྱང་ཡོད་པ་མ་རེད། དེ་ཡང་སུ་ཚང་གི་ཆ་ལུགས་ཡིན་པ་དང་གང་ཚང་གི་ཐོན་རྫས་ཡིན་པ་སོགས་ལྐོག་གྱུར་ཁོ་ན་ཡིན། ང་ཚོས། སྟབས་བདེ་ཚུལ་དང་རིན་སླ་བ། སྤྱོད་ཆེ་བ་སོགས་གནས་སྐབས་མིག་སྔོན་ཁོ་ནར་བལྟས་པའི་སྐད་ཆ་བསོར་མོ་ཞིག་གིས་རང་ཉིད་ནས་ཁྱིམ་ཚང་། ཁྱིམ་ཚང་ནས་མི་རིགས་བརྒྱུད་དེ་སྒྱུར་གྱིན་ཡོད་པ་རེད། བརླགས་ཀྱིན་ཡོད་པ་རེད། ཅི་ལྟར་བརླགས་ཀྱི་ཡོད་པ་ཡིན་ཟེར་ན། འདི་ལྟར་ཏེ། འཛམ་གླིང་གི་མཁས་པ་ཚོས་བཤད་པ་ལྟར། གོ་ལ་འདིའི་སྟེང་གི་འབྲུ་རིགས་དང་ཟས་རིགས་ནི་མར་མར་ཟད་ཀྱིན་ཡོད་ལ། ཟད་དེ། ༢༠༥༠ནས་མུ་གེ་འབྱུང་རྒྱུ་ཡིན་ཚུལ་ཡང་གསལ་བོར་བཤད་ཀྱིན་ཡོད་པ་དེ་རེད། སྐབས་དེ་ལ་ཐོན་ན་ང་ཚོར་མགོ་ལ་ཕུབ་རྒྱུའི་སྦྲ་དང་། ཟས་གོས་ཚང་མ་སུ་ཞིག་གིས་སྤྲད་ཡོང་རྒྱུ་རེད། དེ་མིན་ན་ཡང་རྒྱལ་ཁབ་གཞན་དང་མི་རིགས་གཞན་པའི་བར་གྱི་ཚོང་འབྲེལ་ལ་བཀག་སྡོམ་དང་དཀའ་ངལ་རན་ཙམ་སྤྲད་ཡོང་ན་ང་ཚོས་ཟས་མེད་གོས་མེད་དུ་འཚོ་བ་རོལ་རྒྱུ་ཡིན་ནམ། རྒྱལ་ཁབ་གཞན་དང་མི་རིགས་གཞན་པ་ཚོས་རང་རང་གི་ཐོན་ཁུངས་ཚང་མར་བདག་དམ་ཡག་མོ་བྱས་ཡོད་ལ། མ་འོངས་པར་རང་རང་གི་ཐོན་རྫས་ཀྱིས་རང་མི་རིགས་གསོ་བའི་གྲ་སྒྲིག་ཡོད་པ་རེད། ང་ཚོས་ནི། མེས་པོ་ཚོས་ཤེས་རབ་ཀྱིས་བསྐྲུན་པའི་ལག་རྩལ་ཚང་མ་དོར་ཚར་བ་རེད་ལ། རང་བྱུང་ཁོར་ཡུག་གི་ཐོན་རྫས་ཚང་མ་ཡང་གཞན་ལ་བཙོང་བ་དང་སྟེར་བ། འཕྲོག་པ་སོགས་བྱས་ནས་ཕྱི་སྣོད་དང་ནང་སེམས་ཅན་ཚང་མ་ནང་སྟོང་བྱས་ཚར་བ་རེད། ང་ཚོར་ཅི་ཞིག་ལྷག་ཡོད། ཞིབ་རྩིས་ཤིག་རྒྱོབས་དང་། འདི་ལྟ་བུའི་དུས་འགྱུར་གྱི་ཉེན་ཁའི་ཁྲོད་དུ་ང་ཚོ་མི་སྒེར་རེ་རེ་དང་། ཁྱིམ་ཚང་རེ་རེ། མི་རིགས་རེ་རེ། རྒྱལ་ཁབ་རེ་རེ་སྟེ་རང་རང་གི་ས་ནས་གྲ་སྒྲིག་རེ་ཡོད་དགོས་ལ་ཡོད་སའང་མང་ཤོས་རེད། ང་ཚོ་ཕྱི་རབས་བོད་མི་དག་གིས་ཀྱང་མེས་པོ་ཚོས་ཤུལ་བཞག་འཚོ་ཐབས་སྣ་ཚོགས་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་བྱས་ཏེ་རང་རང་གི་འཚོ་བའི་ཁྲོད་བེད་སྤྱོད་ཡོད་པར་མ་བྱས་ན། གོང་དུ་བཤད་པའི་དུས་ཚོད་འདི་འདྲ་ཡང་མི་ཡོང་བའི་ངེས་པ་ཁྱོན་ནས་མེད་ལ། ཡོང་ཡང་ཆོག་ཆོག་རེད།

·གསར་འགྱུར་གོང་མ:པོ་ཏཱ་ལར་འགྱུར་བ་ཇི་བྱུང་གཏམ་བཤད་ཟིན་བྲིས།
·གསར་འགྱུར་འོག་མ:ཤེས་རབ་འཕེལ་བའི་ཐབས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·2015ལོའི་ནོ་པེལ་རྩོམ་རིག་བྱ་དགའ་བལ་ཨུ་རུ་སུའི་རྩོམ་པ་པོར་ཐོབ་པ། 2015/10/18 10:52:58
·གངས་ལྗོངས་ཁྱེའུའི་དྲ་བ་དེ་དངོས་སུ་ཤར་གཏོང་བྱེད་ཐུབ་པ་བྱུང་བ། 2015/9/13 19:38:23
·གཡང་མོ་ལུག་གི་ལོ་སར་བཟང་། 2015/2/26 13:57:29
·ཨི་བྷོ་ལ་ནད་ཡམས་བཅོས་ཐབས་ཀྱི་སྨན་ཞིག་བཟོས་འདུག 2014/8/13 16:36:40
·རྟ་མཆོག་ལ་སྦྱར་བའི་ལོ་གསར་ཤིས་ཚིག 2014/3/4 12:47:19
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS