ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

བོད་ཀྱི་བུད་མེད་དུས་ཆེན།

[རྩོམ་པ་པོ:མི་གསལ།  ཡོང་ཁུངས:དྲ་བ་ལས་བཏུས།  དུས་ཚོད:2009/12/2 10:48:31  བཀླགས་ཐེངས:1340][ཡིག་གཟུགས:ཡིག་གཟུགས་མདོག]

བོད་ཀྱི་བུད་མེད་དུས་ཆེན།

བོད་ཀྱི་བུད་མེད་ཚོ་ནི་གནམ་འོག་ན་བློས་གཏོང་ཆེ་ཞིང་རང་ཉིད་ཕལ་པར་འཇོག་པའི་བསམ་བློ་ཤུགས་ཆེར་ཡོད་མཁན་དག་ཡིན་ལ། ད་བར་དུ་བོད་ཀྱི་བུད་མེད་ཚོར་བཀའ་དྲིན་ཞུ་བའི་དུས་ཆེན་ཞིག་ཀྱང་མེད་པ་ནི་ཡ་ང་བ་ཞིག་རེད་ཅེས་བོད་ནང་གི་བུད་མེད་དགེ་རྒན་ཞིག་གིས་གསུངས་བྱུང༌།

མིང་འདོན་འདོད་མེད་པའི་བུད་མེད་དགེ་རྒན་དེ་དང་ངེད་གཉིས་དྲ་ཐོག་ནས་ངོ་ཤེས་སུ་གྱུར་ཏེ་ལོ་གཅིག་ལྷག་ཕྱིན་ལ། ནམ་རྒྱུན་ཕན་ཚུན་འཚོ་བའི་ཁྲོད་ཀྱི་གནད་དོན་མང་པོ་ཞིག་ལ་གོ་བསྡུར་དང་བསམ་ཚུལ་བརྗེ་རེས་བྱེད་ཀྱིན་ཡོད། ཁོ་མོར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ལྡན་པ་ནི་བྱིས་པའི་སེམས་ཁམས་ལ་རྒྱུས་ལོན་ཆེ་བ་དང༌། བྱིས་པའི་སློབ་གསོ་དང་འཕྲོད་བསྟེན། འཚར་ལོངས་ཁྲོད་ཀྱི་གནད་དོན་གང་མང་ཞིག་བྱིས་པ་དེ་སྐྱེད་སྲིང་བྱེད་མཁན་གྱི་ཨ་མ་དང་འབྲེལ་བ་ཡོད་པར་རྒྱུ་མཚན་མང་པོ་བགྲང་མཁན་ཞིག་ཀྱང་ཡིན། ཁོ་མོས་དུས་རྟག་ཏུ་བོད་ཀྱི་ཞིང་འབྲོག་ཁུལ་གྱི་བུད་མེད་ཚོ་ནི་གནམ་འོག་གི་ཆེས་རླབས་ཆེ་བའི་རང་ཉིད་བློས་གཏོང་མཁན་དག་ཡིན་པ་དང༌། དུས་རྒྱུན་དུ་རང་ཉིད་ཕལ་པར་བཟུང་ནས་རང་གི་བཟའ་ཟླ་དང་བྱིས་པ་ཚོའི་ཆེད་དུ་རང་ཉིད་ལ་རྨི་ལམ་དང་འཕྲུལ་སྣང་ཙམ་བསྐྲུན་པའི་གོ་སྐབས་ཀྱང་མི་སྟེར་ལ། ཁོང་ཚོས་ཟས་ངན་ངོན་དང་གོས་ཧྲལ་ཧྲུལ་དེ་རང་གིས་སྤྱོད་ཅིང་ཟས་གང་ཞིམ་དང་གོས་གང་མཛེས་དེ་རང་གི་བཟའ་ཟླ་དང་བུ་ཕྲུག་ལ་སྟེར་བ་མ་ཟད། དབྱར་དགུན་སྟོན་དཔྱིད་མེད་པར་ཁོང་ཚོར་དཀའ་ལས་ཀྱི་ཚོར་སྣང་མེད་ལ། གདོང་གི་འཛུམས་མདངས་ཡང་ཟད་མཐའ་མེད་ཅེས་དགེ་རྒན་བུད་མེད་འདིས་ང་ལ་ཡང་ཡང་དུ་བཤད་མྱོང༌།

ཉིན་ཤས་སྔོན་ངས་ཁོ་མོར་བོད་ཀྱི་བུད་མེད་ལ་བཀའ་དྲིན་ཞུ་བའི་དམིགས་བསལ་དུས་ཆེན་ཡོད་མེད་དྲིས་སྐབས། ཁོ་མོས། བོད་ཀྱི་བུད་མེད་ཚོ་ནི་གནམ་འོག་གི་བློས་གཏོང་བའི་བསམ་བློ་དང་རང་ཉིད་ཕལ་པར་འཇོག་པའི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་ཨ་མ་རྣམས་ཡིན་ཡང༌། ད་བར་དུ་བོད་ཀྱི་བུད་མེད་ཚོར་བཀའ་དྲིན་ཞུ་བའི་དུས་ཆེན་ཞིག་ཀྱང་མེད་པ་ནི་ཡ་ང་བ་ཞིག་རེད་ཅེས་བརྗོད་སོང། དེ་དང་མཉམ་དུ་ཁོ་མོས་ང་ལ་དྲ་ཐོག་ནས་གླེང་སློང་བྱུང་བའི་བོད་ཀྱི་བུད་མེད་དུས་ཆེན་གྱི་སྐོར་ངོ་སྤྲོད་བྱས་བྱུང༌། དྲ་ཐོག་ནས་གསལ་བསྒྲགས་བྱས་པའི་བོད་ཀྱི་བུད་མེད་དུས་ཆེན་ནི་བོད་ཟླ་ ༡༠ ཚེས་ ༡༥ ཉིན་རེད་ལ། དེ་ནི་བོད་ཁམས་སྐྱོང་བའི་མ་ཅིག་དཔལ་ལྷ་མོ་སྟེ་བོད་ཀྱི་སྲུང་མ་ཞིག་གི་དུས་ཆེན་ཡིན་པ་དང༌། ད་ལྟ་ལྷ་ས་ཁུལ་ན་ཉིན་མོ་འདི་བོད་ཀྱི་བུད་མེད་དུས་ཆེན་དུ་གྱུར་ཡོད་འདུག ཉིན་འདིར་ལྷ་ས་ནས་རང་གི་མ་དང་ཆུང་མ། མཛའ་མོ་དང་སྲིང་མོ་ཚོར་བཀྲ་ཤིས་བདེ་ལེགས་དང་འཚམས་འདྲིའི་ལེགས་སྐྱེས་འབུལ་སྲོལ་འདུག་པས། མི་རིགས་གཅིག་ལས་གྲུབ་པའི་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་ཉིན་མོ་འདི་བོད་ཀྱི་བུད་མེད་དུས་ཆེན་ལ་ངོས་འཛིན་བྱ་དགོས་པའི་གསལ་བསྒྲགས་གནང་ཡོད་པ་རེད། བོད་ཀྱི་ཨ་མ་ཚོར་བརྩི་བཀུར་དང་བཀའ་དྲིན་མཚོན་ཆེད་ཉིན་མོ་འདི་བོད་ཡུལ་གྱི་དགེ་རྒན་དང་ཤེས་ཡོན་པ་རྒན་པ་འགའ་ཡིས་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱས་རྗེས་གསལ་བསྒྲགས་གནང་བ་ཞིག་རེད་འདུག གསལ་བསྒྲགས་དེའི་ནང་དུ། ཆོལ་ཁ་གསུམ་ནི་བྲག་སྲིན་མོའི་གདུང་རྒྱུད་ཡིན་པས་ལྷ་ས་བའི་དུས་ཆེན་འདི་ཆོལ་ཁ་གསུམ་པོ་ནས་ཡོངས་སུ་གཅིག་མཐུན་སྒོས་སྤྱོད་འོས་པར་མཐོང༌། འདི་ལ་རིག་གནས་དང་མཛའ་བརྩེ། སེམས་ཁམས་སོགས་ཕྱོགས་གང་ཐད་ནས་རིན་ཐང་ཆེ་ལ་དགེ་མཚན་ཡང་ཤིན་ཏུ་མང༌། དེ་བས་ང་ཚོས་དུས་ཆེན་འདིར་རོལ་བ་ལ་མི་རིགས་ཀྱི་ཁྱད་ཆོས་དམིགས་སུ་འཛིན་པ་ལས་གཞན་པའི་ལུགས་དང་གཞན་པའི་སྲོལ་དང་འདྲེས་མི་རུང༌། ཉིན་མོ་འདིར་ང་ཚོས་བོད་ཀྱི་བུད་མེད་ཀྱི་བདེ་སྡུག་སྐྱོང་བའི་བརྟན་མ་བཅུ་གཉིས་དང༌། ཚེ་རིང་མཆེད་ལྔ་ལ་གསོལ་མཆོད་འབུལ་བ་དང༌། རང་གི་མ་དང་ཆུང་མ། གྲོགས་མོ་དང་མཛའ་མོ།  བུ་མོ་དང་ལས་གྲོགས་མ་སོགས་ལ་བཀྲ་ཤིས་བདེ་ལེགས་དང་འཚམས་འདྲི་ལེགས་སྐྱེས་འབུལ་བ། བོད་ཀྱི་བུད་མེད་རྣམས་ཀྱིས་ཀྱང་རང་གི་མི་རིགས་ཀྱི་ཆས་གོས་གྱོན་ཞིང༌། བོད་ཀྱི་བུད་མེད་དང་འབྲེལ་ནས་མི་རིགས་དང་རིག་གནས་གླེང་བ། བོད་རིགས་བུད་མེད་ཀྱི་ཐོབ་ཐང་གླེང་ཞིང་ཉམ་ཆུང་བདག་མེད་ཀྱི་བུད་མེད་དང༌། གཞན་གྱི་གཉའ་གནོན་འོག་མནར་གཅོད་མྱོང་བཞིན་པའི་བུད་མེད་དག་ལ་རོགས་སྐྱོར་བྱེད་པ། དུས་རབས་དང་མཐུན་པའི་བོད་ཀྱི་བུད་མེད་དག་གི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་བཀོད་འདུག ངེད་གཉིས་ཀྱིས་བོད་ཀྱི་བུད་མེད་དུས་ཆེན་སྐོར་ལ་ཁ་བརྡ་བྱུང་ཞིང་ཁོ་མོས་བཤད་ན། ཉིན་མོ་འདི་སྔ་ས་ནས་ཡོད་དགོས་པ་ཞིག་རེད་ཟེར། ཡིན་ན་ཡང་ཉིན་མོ་འདི་ཤེས་ཡོན་པ་འགའ་ཡིས་བསམ་བློ་རྒྱ་ཆེན་པོའི་སྒོ་ནས་གསལ་བསྒྲགས་གནང་ཚར་ཡང༌། ང་ཚོས་ཇི་ལྟར་དུས་ཆེན་འདི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་གོམས་གཤིས་དང་ལུགས་སྲོལ་ཞིག་ཏུ་ཆགས་པར་བྱ་དགོས་པ་འདི་ནི་ངེད་གཉིས་ཀྱིས་བརྗོད་ཐབས་བྲལ་བའི་གབ་ཚིག་ཅིག་ཏུ་གྱུར།

·གསར་འགྱུར་གོང་མ:བུད་མེད་ཀྱི་ན་ཟུག
·གསར་འགྱུར་འོག་མ:《འདོད་པའི་བསྟན་བཅོས》དང་བུད་མེད་ཀྱི་མཛེས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ། 2010/11/20 21:04:31
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 4:39:24 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 6:44:29 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 10:09:23 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS