ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
གསར་འགྱུར་ཀློག་པ།

འཚོ་བ་རོལ་སྟངས་དང་བདེ་ཐང་།

[རྩོམ་པ་པོ:བསེ་ཚང་མི་ཕམ་འགྲོ་ཕན།  ཡོང་ཁུངས:བསེ་ཚང་གི་སེམས་འཕྲིན་ལས།  དུས་ཚོད:2009/12/4 19:16:40  བཀླགས་ཐེངས:1732][ཡིག་གཟུགས:ཡིག་གཟུགས་མདོག]

འཚོ་བ་རོལ་སྟངས་དང་བདེ་ཐང་།

བསེ་ཚང་མི་ཕམ་འགྲོ་ཕན།

གཅིག   འཚོ་བ་རོལ་སྟངས།

འཚོ་བ་རོལ་སྟངས་ནི་མི་སྒེར་རམ་མི་ཚོགས་ཀྱིས་དུས་ཡུན་རིང་བོའི་སྤྱི་ཚོགས་ཅན་འཕེལ་རིམ་ཁྲོད་དུ་ཆགས་པའི་བྱ་སྤྱོད་ཀྱི་གཏད་ཕྱོགས་དང་མཚོན་རྟགས་ཤིག་ཡིན་ལ།  བདེ་ཐང་དང་འབྲེལ་བ་ཡོད་པའི་འཚོ་བ་རོལ་སྟངས་ནི་དེའི་ཁྲོད་ཀྱི་གྲུབ་ཆ་ཁག་ཅིག་ཁོ་ན་ཙམ་ཡིན་པས།  སྤྱིར་བཏང་དུ་བཤད་ན།  བཟའ་བཏུང་གོམས་སྲོལ་དང་འགུལ་སྐྱོད།  སེམས་ཁམས་ཀྱི་རྣམ་པ།  དུ་བ་འཐེན་པ།  ཆང་འཐུང་བ།   ངལ་རྩོལ་དང་ངལ་གསོ་སོགས་ཕྱོགས་ཀྱི་ནང་དོན་འདུས་ཡོད།   འཚོ་བ་རོལ་སྟངས་དེ་མི་སྒེར་དང་ཁྱིམ་ཚང་།  ཐ་ན་མི་རིགས་དང་རྒྱལ་ཁབ་བཅས་ཚང་མར་མཚོན་ན་ཧ་ཅང་གལ་ཆེ་བ་རེད།   ཁྱིམ་ཚང་ཞིག་ལ་མཚོན་ན་གལ་ཏེ་བདེ་ཐང་གི་འཚོ་བ་རོལ་སྟངས་ཤིག་མེད་ཚེ།  ཁྱིམ་མིའི་བདེ་ཐང་ལ་གནད་དོན་བྱུང་ནས་ནད་རིགས་མང་པོ་འབྱུང་ཞིང་།  ལུས་ཕུང་ཇེ་ཞན་དུ་འགྲོ་སྲིད།  རྒྱལ་ཁབ་ཞིག་གི་མི་དམངས་ལ་གལ་ཏེ་བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་མང་པོ་ཡོད་ཚེ།  རྒྱལ་དམངས་ཀྱི་སྤྱིའི་བདེ་ཐང་རྣམ་པ་དེ་ཇེ་ཞན་དུ་འགྲོ་སྲིད་པ་རེད།
གཉིས། འཚོ་བ་རོལ་སྟངས་དང་འགོ་ནད་མིན་པའི་དལ་གཤིས་རང་བཞིན་གྱི་ནད་རིགས།

འགོ་ནད་མིན་པའི་དལ་ལངས་རང་བཞིན་གྱི་ནད་རིགས་དེ་འཛམ་གླིང་ཡོངས་སུ་མི་རྣམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་བཟོ་བའི་སྤྱི་པའི་འཕྲོད་བསྟེན་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་༡༩༩༧ལོའི་ལོ་ཧྲིལ་བོའི་སྙན་ཞུའི་ནང་།  བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་ནི་མིའི་རིགས་ཀྱི་དེང་རབས་དཔལ་ཡོན་ནད་དང་དལ་བའི་རང་བཞིན་གྱི་ནད་རིགས་མང་པོ་འབྱུང་དུ་འཇུག་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་བསྟན་ཡོད།  ༢༠༠༠ལོའི་སྐབས་ང་གསུམ་པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་གྱིའགོ་བའི་རང་བཞིན་མིན་པའི་ནད་རིགས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འཛམ་གླིང་ཡོངས་ཀྱི་འཐབ་ཇུསཀྱི་སྙན་ཞུའི་ནང་བསྟན་དོན།  ༡༩༩༨ལོར་འཛམ་གླིང་ཡོངས་སུ་མི་བརྒྱ་ཆའི་དྲུག་ཅུ་ཙམ་ཤི་བ་དང་བརྒྱ་ཆའི་ཞེ་གསུམ་ཙམ་གྱི་ནད་རིགས་ནི་འགོ་ནད་མིན་པའི་དལ་ལངས་རང་བཞིན་གྱི་ནད་རིགས་ཀྱིས་བཟོས་བ་ཡིན་ཞིང་།   ༢༠༠༡ལོར་འཛམ་གླིང་ཡོངས་སུ་དེ་ལས་བྱུང་བའི་ནད་རིགས་ཀྱི་ཁག་ཁུར་དེ་བརྒྱ་ཆའི་ཞེ་ལྔ་ལྷག་ཏུ་འཕར་སྣོན་བྱུང་ཡོད།  དཔྱད་གཞིའི་ཡིག་རིགས་ལྟར་ན།  ཉེ་བའི་ལོ་འགའི་རིང་ལ་རང་རྒྱལ་དུ་ཉིན་རེར་ཆ་སྙོམས་ཀྱིས་མི་ཁྲི་གཅིག་དང་སྟོང་བཞི་དལ་ལངས་རང་བཞིན་གྱི་ནད་རིགས་ཀྱིས་ཤི་བཞིན་ཡོད་པ་དང་།  དེས་ཤི་བའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་བདུན་ཅུའི་ཡན་ཟིན་ཡོད།  དལ་ལངས་རང་བཞིན་གྱི་ནད་རིགས་འབྱུང་བ་དེ་གཙོ་བོ་བདེ་ཐང་མིན་པའི་འཚོ་བ་རོལ་སྟངས་དང་བྱ་སྤྱོད།  མི་ལེགས་པའི་ཁོར་ཡུག་བཅས་དང་འབྲེལ་བ་དམ་པོ་ཡོད་པ་རེད།
དེང་རབས་ཀྱི་མི་རྣམས་ལ་བྱུང་བའི་ནད་རིགས་ཁྲོད་ཀྱི་བརྒྱ་ཆའི་ཞེ་ལྔ་ཡན་ནི་འཚོ་བ་རོལ་སྟངས་དང་འབྲེལ་བ་ཡོད་པ་རེད།  སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས།  མི་རྣམས་རང་ཤུགས་ཀྱིས་ཟས་རིགས་ཞིབ་བུ་ཅན་འདམ་གསེས་དང་།  ལས་ཤུགས་ངལ་རྩོལ་ཉུང་བའི་ཕྱོགས་སུ་འགྲོ་བཞིན་ཡོད་ལ།  སེམས་ཁམས་ཀྱི་གནོན་ཤུགས་སྔར་ལས་ཆེ་བ་དང་།  སྨན་གང་བྱུང་དུ་བཀོལ་བ།  བཟའ་བཏུང་བསྟེན་ཚུལ་འོས་འཚམ་མིན་པ།  ཡུན་རིང་ལ་བཙོག་དགོས་པའི་བྱ་བ་དང་དེ་མིན་སེམས་ཁམས་ལ་འབྲེལ་བ་ཡོད་པའི་བྱ་སྤྱོད་ལས་བྱུང་བའི་ནད་རིགས་ཇེ་མང་ལ་འགྲོ་བཞིན་ཡོད།  དཔྱད་གཞིའི་ཡིག་རིགས་ལས་མཚོན་པ་ལྟར་ན།  ཁྲག་ཤེད་མཐོ་བ་དང་།  སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས།  སྐྲན་ནད།  གཅིན་སྙི་ཟ་ཁུའི་ནད།   གློ་ཡུ་འགག་པའི་ནད་རིགས་སོགས་དལ་ལངས་རང་བཞིན་གྱི་ནད་རིགས་འབྱུང་བ་དེ་རྒྱུ་རྐྱེན་མང་པོས་མཉམ་དུ་བསྐྱེད་པའི་མཇུག་འབྲས་ཡིན་ལ།  དེའི་ནང་དུ་བ་འཐེན་པ་དང་།  ཚིལ་ཞག་དང་ཀ་ར།  ཚྭ་ཁུ་བཅས་ཟ་བ་མང་དྲགས་པ་དང་།  སྔོ་ཚོད་དང་སིལ་ཏོག་ཟ་ཚད་མི་འདང་བ་སོགས་བདེ་ཐང་མིན་པའི་བཟའ་བཏུང་གོམས་སྲོལ་དང་།  དེ་མིན་ལུས་ཕུང་སྦྱོང་བརྡར་མི་བྱེད་པ་ནི་ནད་རིགས་དེ་དག་འབྱུང་དུ་འཇུག་པའི་ཐུན་མོང་གི་རྒྱུ་རྐྱེན་གཅིག་རེད།  བདེ་ཐང་མིན་པའི་བཟའ་བཏུང་དང་ལུས་ཕུང་འགུལ་སྐྱོད་མི་བྱེད་པ་དེ་ད་རུང་རུས་སོབ་ནད་དང་སོ་རུལ་གྱི་ནད།  དེ་མིན་ནད་རིགས་གཞན་དག་ཁ་ཤས་འབྱུང་དུ་འཇུག་པའི་རྒྱུ་རྐྱེན་གཙོ་བོ་ཡིན།  དེ་ལས་གཞན་བྲེལ་འཚུབ་ཆེ་ཞིང་ལས་ཆོད་མཐོ་བའི་དེང་རབས་ཀྱི་སྤྱི་ཚོགས་འདིར་མི་རྣམས་དུས་ཡུན་རིང་བོར་འགྲན་རྩོད་དྲག་པོ་དང་སེམས་ཁམས་ཀྱི་གནོན་ཤུགས་ཆེ་བ།  ཚད་ལས་བརྒལ་བའི་ལས་སྒྲུབ་ཀྱི་རྣམ་པའི་ཁྲོད་དུ་གནས་ཡོད་པས།  གནས་ཚུལ་དེ་རིགས་གལ་ཏེ་དུས་ཐོག་ཏུ་སེལ་མ་ཐུབ་ན།  སེམས་ཁམས་བདེ་ཐང་མིན་པའི་སྣང་ཚུལ་འབྱུང་སླ་བ་དང་དེར་བསྟུན་ནས་ནད་རིགས་མང་པོ་འབྱུང་སྲིད།
·གསར་འགྱུར་གོང་མ:《འདོད་པའི་བསྟན་བཅོས》དང་བུད་མེད་ཀྱི་མཛེས་པ།
·གསར་འགྱུར་འོག་མ:བོད་སྐད་རླུང་འཕྲིན་གསན་ན་འདིར་ཕེབས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཧ་ཧྥུ་སློབ་ཆེན་གྱི་མཚམས་སྦྱོར་ཉུང་བསྡུས་། 2010/10/6 15:55:00
·སྡོམ་བརྩོན་དམ་པ། 2010/7/6 14:42:30
·གསེར་རྟ་བླ་རུང་ཆོས་སྡེའི་བཅའ་ཡིག་འདི་དཔྱད་གཞི་རེ་གཟིགས་ན། 2010/6/22 19:21:03
·ས་ཡོམ་གནོད་འཚེ་ལས་ཐར་ཐབས་ཤིག 2010/4/16 19:39:25
·བཀྲ་ཤིས་རྟགས་བརྒྱད་ཀྱི་མཚོན་ཚུལ། 2009/11/25 14:24:48
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 23:38:46 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:54:25 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 1:50:46 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS