ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> རིག་ཐིཊ
གསར་འགྱུར་ཀློག་པ།

བོད་ཀྱི་རིག་གནས་དང་ཆོས་ལུགས་སྐོར།

[རྩོམ་པ་པོ:དུང་དཀར་བློ་བཟང་འཕྲིན་ལས།  ཡོང་ཁུངས:ཚངས་དབྱངས་དྲྭ་བ།  དུས་ཚོད:2010/1/2 23:04:52  བཀླགས་ཐེངས:1562][ཡིག་གཟུགས:ཡིག་གཟུགས་མདོག]
བོད་ཀྱི་རིག་གནས་དང་ཆོས་ལུགས་སྐོར།

དུང་དཀར་བློ་བཟང་འཕྲིན་ལས།

ཆོས་ལུགས་ཀྱི་མཚན་ཉིད་རིག་པ་ལ་མང་པོ་ཡོད་ཀྱང་གཙོ་ཆེ་བ་ཁ་ཤས་བཤད་ན།  འཇིག་རྟེན་ཆགས་ཚུལ་གྱི་མཚན་ཉིད་རིག་པ་དང་།  གཟུགས་ཁམས་དང་སེམས་ཁམས་ཆགས་ཚུལ་གྱི་མཚན་ཉིད་རིག་པ།  ཕྱི་རོལ་དང་ཡུལ་ཅན་སེམས་བར་གྱི་འབྲེལ་བའི་སྐོར།  སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་སྐོར།  ཀུན་སྤྱོད་བཟང་བ་དང་བསམ་བློ་ཡར་རྒྱས་ཀྱི་འབྲེལ་བའི་སྐོར།  འཕེལ་རྒྱས་དང་ཉམས་རྒུད་བར་གྱི་རྩོད་སྒྲུབ་འབྲེལ་བའི་སྐོར་སོགས་ཡོད།  དེ་ཚོར་ཞིབ་འཇུག་བྱས་པ་དང་ཆབས་ཅིག་དེང་སང་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་ཕན་ཚུན་ཞིབ་བསྡུར་བྱེད་ན་བློ་སྒོ་ཆེན་པོ་ཕྱེ་ཐུབ་རྒྱུ་རེད།  དེའི་རྒྱུ་མཚན་ནི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་དང་མཚན་ཉིད་རིག་པ་དེ་ཚོའི་ནང་དུ་ཡོད་ཚད་ཚང་མ་རྨོངས་དད་ཀྱི་ནང་དོན་ཤ་སྟག་མ་ཡིན་པར་དེང་སང་གི་ཚན་རིག་དང་ཡོངས་སུ་མཐུན་པའི་བཤད་ཚུལ་མང་པོ་ཡོད་པ་འདིར་དཔེ་མཚོན་འགའ་ཞིག་བཤད་ན།     རང་ཅག་འཚོ་གནས་བྱེད་པའི་འཇིག་རྟེན་གོ་ལ་འདི་ཐོག་མར་ཆགས་སྐབས་རླུང་ཁམས་ཆེན་པོའི་བར་སྣང་དུ་འབྱུང་བའི་ཆུ་དང་།  མེ་དང་ས་བཅས་ཀྱི་རང་བཞིན་རྡུལ་ཕྲན་ཤིན་ཏུ་ཕྲ་བ་མང་པོ་ཕན་ཚུན་འཕེལ་སྐྱོད་བྱས་ཏེ་མཐར་གཅིག་ལ་གཅིག་འདུས་ཏེ་གོང་བུ་གཅིག་ཏུ་གྱུར་པའི་ས་ཡི་གོ་ལ་ཆགས་པ་དང་།  སྐམ་ས་ཆེན་པོའི་མཐར་རྒྱ་མཚོ་ཆེན་པོ་དང་།  རླུང་ཁམས་ཆེན་པོའི་བང་རིམ་ལེ་དབར་ཁྲི་ཕྲག་མང་པོ་ཡོད་པ་བཅས་ཀྱི་བཤད་ཚུལ་དང་། ལུས་ཁམས་ནང་གནས་སྐྱེ་ལྡན་གྱི་འབུ་ཕྲ་བརྒྱད་ཁྲི་བཞི་སྟོང་ཡོད་པ་དང་།  འབུ་ཕྲ་རེ་རེའི་ངོ་བོ་དང་་ཕན་གནོད་ཀྱི་ནུས་པ་བཅས་ཞིབ་ཅིང་ཕྲ་བར་བཤད་པ་མ་ཟད། བཤད་ཚུལ་མང་པོ་ཞིག་དེང་སང་གི་ཚན་རིག་དང་ཧ་ཅང་མཐུན་པོ་ཡོད་པ་ལྟ་བུ་རེད།   གཞན་ཡང་ང་ཚོས་རྒྱུན་དུ་བཤད་སྲོལ་ལ་གནམ་ལ་འབྲུག་སྐད་རྒྱག་པ་དང་།  གློག་འཁྱུག་པ། ཐོག་རྒྱག་པ་སོགས་ནི་གནམ་ལ་འབྲུག་ཟེར་བའི་སྲོག་ཆགས་གཟུགས་རིང་ཞིང་ལུས་ཡོངས་ལ་ཉ་ཁྲབ་ཀྱི་པགས་པ་ལྟ་བུའི་རི་མོ་ཡོད་པ།  སྤྲིན་ལ་བརྟེན་ནས་ནམ་མཁར་འགྲོ་བ།  ངར་བའི་སྐད་སྒྲོག་པ། སྐབས་རེ་རྒྱ་མཚོའི་ནང་དུ་འཛུལ་ནས་སྡོད་པ། སྤྲིན་གསེབ་ཏུ་གློག་འཁྱུག་པ་དེ་ནི་འབྲུག་གི་ལྕེ་བརྐྱངས་པ་ཡིན་པ།    སྐད་ཆེན་པོ་སྒྲོག་པ་ནི་འབྲུག་གི་ངར་སྐད་ཡིན་པ།  ཐོག་རྒྱག་པ་ནི་ལྷ་སྲིན་སྡེ་བརྒྱད་ཁྲོས་པ་ཡིན་ཟེར་བ་སོགས་ཀྱི་བཤད་ཚུལ་རྣམས་སངས་རྒྱས་ཆོས་ལུགས་ཀྱི་རྨོངས་དད་བཤད་ཚུལ་ཞིག་རེད་ཟེར་གྱི་ཡོད་པ་མ་རེད་དམ།  སངས་རྒྱས་ཆོས་ལུགས་ཀྱི་གཞུང་ངོ་མ་གང་གི་ནང་དུ་དེ་འདྲའི་བཤད་ཚུལ་གཏན་ནས་མེད་པ་མ་ཟད།  དེ་སྔོན་དུས་རབས་དགུ་པའི་འགོར་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱི་དུས་སྐབས་བོད་ཀྱི་ལོ་ཙ་བ་ཞང་ཡེ་ཤེས་སྡེ་དང་། རྒྱ་གར་གྱི་པན་ཊི་ཏ་ཛི་ན་མི་ཏ་གཉིས་ཀྱིས་བོད་སྐད་དུ་བསྒྱུར་བའི་འཇིག་རྟེན་གདགས་པ་ཞེས་པའི་ནང་གསལ་བར།  ཅིའི་ཕྱིར་འབྲུག་ཅེས་བྱ་ཞེ་ན།  སྨྲས་པ།  ཕྱོགས་གཉིས་ནས་རླུང་ཆེན་པོ་དག་ལྡང་སྟེ་བརྡབ་པ་ལས་སྒྲ་འབྱུང་སྟེ།  རྒྱུ་དེས་ན་འབྲུག་ཟེར་རོ།  ཞེས་དང་།  ཅིའི་ཕྱིར་གློག་འབྱུང་ཞེ་ན།  སྨྲས་པ།  ཕྱོགས་གཉིས་ནས་རླུང་ཤིན་ཏུ་ཆེ་བ་དག་ལྡང་།  དེ་དག་ཕན་ཚུན་ཐུག་པ་ལས་གློག་འབྱུང་སྟེ་རྒྱུ་དེས་ན་གློག་འབྱུང་ངོ།  ཞེས་གསལ་ཞིང་།  དེ་དང་མཐུན་པར་གོང་གསལ་ཆོས་དཔེ་དེ་བོད་དུ་མ་བསྒྱུར་གོང་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བརྩམས་པའི་རྒྱལ་པོ་བཀའ་ཐང་གི་ནང་དུ་ཡང་འདི་ལྟར་འཁོད་ཡོད་དེ།  མཚོ་ཡི་རླངས་པས་མཁའ་ལ་སྤྲིན་དུ་ཆགས།  འབྱུང་བ་ཚ་གྲང་འཕྲད་པས་གློག་ཏུ་འཁྱུག  དེ་ཉིད་འཐབ་པས་མཁའ་ལ་འབྲུག་སྒྲ་སྒྲོགས།  དྲག་ཅིང་ངར་ན་གནམ་ལྕགས་ཐོག་ཏུ་བབས།  དཔེར་ན་མེ་ལྕགས་རྡོ་ལ་བརྡབ་པ་བཞིན།  བར་ནས་མེ་དང་རིན་ཆེན་འོད་ཟེར་འཕྲོ།  ཞེས་དབྱར་དུས་སུ་ས་ངོས་ཀྱི་དྲོད་ཚད་ཧ་ཅང་མཐོ་བའི་རྐྱེན་གྱིས་མཚོ་རླངས་པར་འགྱུར་སླ་བས་མཚོ་ཆུའི་རླངས་པ་ནམ་མཁར་ཆགས་པ་རྣམས་ལ་བརྟེན་ནས་སྤྲིན་བྱུང་ཞིང་།  སྤྲིན་གྱི་ནང་དུ་ཡོད་པའི་མཁའ་རླུང་ཚ་གྲང་གཉིས་ཕན་ཚུན་འཐབ་པ་ལ་བརྟེན་ནས་འོད་འཕྲོ་བ་དེ་ལ་གློག་ཟེར་བ་དང་།  དེའི་རྐྱེན་གྱིས་སྐད་སྒྲོགས་པ་དེ་ལ་མི་རྣམས་ཀྱིས་འབྲུག་ཅེས་བརྗོད་པ་ཡིན་ཚུལ་གསལ་པོར་བཤད་ཡོད་པས་དེ་དང་དེང་སང་གི་ཚན་རིག་ཐོག་ནས་བཤད་ཚུལ་གཉིས་ཁྱད་པར་གཏན་ནས་མེད་པ་རེད།  དེ་དང་འདྲ་བའི་དཔེ་མཚོན་ཧ་ཅང་མང་པོ་བཤད་རྒྱུ་ཡོད་པས་འདིར་རེ་རེ་བཞིན་འབྲི་བར་མི་ནུས་ཤིང་།  ང་ཚོས་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་ཁག་ལ་ཞིབ་འཇུག་ནན་ཏན་གནང་ན་དེའི་ནང་དུ་མིའི་རིགས་ཀྱི་རིག་གནས་དང་ཚན་རིག་གི་སྙིང་བཅུད་ཕུན་སུམ་ཚོགས་པ་མང་པོ་ཞིག་འདུས་ཡོད་པས་ཞིབ་འཇུག་བྱ་རིན་ཡོད་པ་དང་། བྱས་ན་དོན་སྙིང་ཡོད་པ།   ཞིབ་འཇུག་བྱས་པའི་གོ་རིམ་ནང་ནས་མི་མང་པོ་ཞིག་མཐོང་ཐོས་ཀྱི་ཤེས་ཡོན་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སོང་སྟེ་དངོས་གཙོ་སྨྲ་བའི་འཇིག་རྟེན་ལྟ་ཚུལ་གོང་འཕེལ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད།   དེར་བརྟེན་ང་ཚོས་གནའ་བཟང་དེང་སྤྱོད་དང་སྙིགས་དོར་བཅུད་ལེན་གྱི་བྱ་ཐབས་བཟུང་ནས་གནའ་རབས་ཀྱི་རིག་གནས་ཁག་རྒྱུན་འཛིན་སྲུང་སྐྱོབ་བྱེད་དགོས་པའི་གནད་འགག་དེར་ཐུག་ཡོད་པ་དང་།  དེ་སྔོན་བོད་ལ་སངས་རྒྱས་ཆོས་ལུགས་ཐོག་མར་དར་རྗེས་བོན་པོའི་ཆོས་ལ་དད་པ་ཡོད་པ་ཚོས་རང་ཉིད་ཀྱི་ལག་ཏུ་ཡོད་པའི་སྲིད་དབང་ལ་བརྟེན་ནས་སངས་རྒྱས་ཆོས་ལུགགས་མེད་པར་བཟོ་བ་དང་། སངས་རྒྱས་ཆོས་ལུགས་པས་ཀྱང་སྲིད་དབང་བཟུང་བའི་གོ་སྐབས་བེད་སྤྱད་ནས་བོན་པོའི་ཆོས་ལུགས་བསྣུབས་པ་སོགས་བྱས་པའི་ཞོར་ལ་ཆོས་དཔེ་དེ་དག་གི་ནང་དུ་འདྲེས་ནས་ཡོད་པའི་གནའ་རབས་རིག་གནས་ཀྱི་ཉིང་བཅུད་ཕུན་སུམ་ཚོགས་པ་རྣམས་རྩ་བརླག་ཏུ་སོང་བའི་རང་གཞན་གཉིས་ཕུང་གི་བྱ་བ་ནོར་འཁྲུལ་ཅན་མང་པོ་བྱུང་ཡོད་པ་དེ་དག་གི་ཐོག་ནས་བསླབ་བྱ་ལེན་རྒྱུ་གལ་ཆེན་པོ་རེད།
དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བོད་ཀྱི་རིག་གནས་དང་།  ཆོས་ལུགས།  མི་རིགས་བཅས་ཀྱི་འབྱུང་ཁུངས་སྐོར་ཞེས་པའི་རྩོམ་ཡོིག་ནང་ནས་བཏུས་པ་ཡིན།    །

·གསར་འགྱུར་གོང་མ:གནའ་བོའི་ཞང་བོད་ཚིག་མཛོད།
·གསར་འགྱུར་འོག་མ:སེང་རྡོར་དྲ་བར་བཀའ་དྲིན་ཆེ་ཞུ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་སློབ་ཆེན་པ་འགས་དྲ་བའི་རིག་གནས་ལ་མིག་བཤེར་བྱས་པ། 2011/6/20 19:15:53
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 17:23:24 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 22:12:12 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 9:18:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 63 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.97MS