ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> སྒྲ་སྒྱུར
  གསར་འགྱུར་ཀློག་པ།

ཏུའུ་ཧྥུའི་སྙན་ངག དཔྱིད་ཀྱི་སྨོན་འདུན།

[རྩོམ་པ་པོ:གྱི་ལིང་གི་རི་ཁྲོད་ལས།  ཡོང་ཁུངས:ཧི་གཟུགས་ཟིན་བྲིན།  དུས་ཚོད:2010/1/5 19:43:44  བཀླགས་ཐེངས:1306][ཡིག་གཟུགས:ཡིག་གཟུགས་མདོག]
                                དཔྱིད་ཀྱི་སྨོན་འདུན།  
                                    ཏུའུ་ཧྥུ།
གཅེས་པའི་རྒྱལ་ཁབ་ཉམས་པར་གྱུར་ཀྱང་མཛེས་པའི་རི་ཆུ་སྔར་བཞིན་གནས།  །
ཁྲང་ཨན་མཁར་ལ་དཔྱིད་དཔལ་བསླེབས་པས་རྩི་ཤིང་ནགས་ཚལ་རྣམ་པར་རྒྱས།  །
ཞེ་སེམས་སྐྱོ་བའི་དོན་རྐྱེན་དྲན་ཚེ་མེ་ཏོག་དག་ཀྱང་མཆི་མ་འབྱིད།      །
ཤི་བྲལ་བྱུང་བའི་རྣམ་པ་མཐོང་བས་བྱེའུ་དག་ཀྱང་སྨྲེ་ངག་འདོན།      །
དཔྱིད་ཟླ་གསུམ་པ་མངོན་པར་ཚེས་ཀྱང་གཡུལ་འགྱེད་ལས་ལ་ཆད་པ་མེད།  །
མགོ་སྐྱེས་ཉག་མ་དཀར་པོར་གྱུར་ཅིང་དེ་ཡང་ཇེ་ཉུང་ཇེ་ཐུང་ཉིད།     །
རིན་ཆེན་མཛེས་པའི་སྐྲ་འཛེར་འདོད་ཀྱང་མགོ་སྐྱེས་གསེབ་ཏུ་ཐོགས་མི་འགྱུར།  །
ཀྱེ་མ་དུས་འདིར་གཉེན་གྱི་འཕྲིན་ནི་རིན་ཆེན་གསེར་སྲང་ཁྲི་ལས་ལྷག       །
མཆན།
 སྙན་རྩོམ་འདིར་ཐང་སུའུ་ཙུང་གི་དུས་ཏེ་སྤྱི་ལོ་༧༥༧ལོའི་དཔྱིད་དུས་རྒྱ་ནག་ཐང་གི་མངའ་ཞབས་ནས་ཨན་ལུའུ་ཧྲན་གྱིས་ངོ་ལོག་བྱས་པའི་མཇུག་འབྲས་དག་བརྗོད་གཞིར་བཟུང་ཞིང་། སྐབས་དེར་སྙན་ངག་པ་ཏུའུ་ཧྥུ་ཁོང་ཡང་རྒྱལ་སའི་ཛ་དྲག་གི་ཁྲོད་དུ་ལྷུང་ཡོད་པས་ཁྲག་གིས་བྲིས་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་ཕྱི་རབས་པའི་སྣང་ངོར་གསལ་ལེར་འགོད་ཕྱིར་ཞེ་སྐྱོ་བའི་དོན་རྐྱེན་རྣམས་ཇི་བཞིན་དུ་བྲིས་པ་ཞིག་གོ།   རྩོམ་སྟངས་ཐད་རབ་བཏགས་དང་རང་བཞིན་བརྗོད་པ་སོགས་གང་མཁོ་དེ་འཚམ་ཞིག་སྤྱད་ཡོད་ལ། གཙོ་བོ་བརྗོད་བྱའི་གནད་བཟུང་བ་ཁྱད་དུ་འཕགས་པས་ཚིག་ཉུང་དོན་འདུས་ཀྱི་ཁྱད་ཆོས་ཡར་ལྡན་དུ་ཚང་།
  ཤློོ་ཀ་སྔ་མས་ཁྲང་ཨན་མཁར་དུ་མི་ཤི་རྟ་འགྱེལ་བྱུང་རྗེས་ཀྱི་གནས་བབ་སྤྱི་དང་། ཕྱི་མས་རྩོམ་པ་བོ་རང་ཉིད་ཀྱི་གནས་བབས་དམིགས་ཀྱིས་བརྗོད་ཡོད་པས། སྤྱི་ལས་བྱེ་བྲག་བཀར་ཞིང་བྱེ་བྲག་གིས་སྤྱི་མཚོན་པ་ཞེས་པའི་བརྗོད་བྱ་འདེམས་སྟངས་ཁྱད་པར་བ་དེ་ཉིད་བཀོལ་ཡོད་དོ། ། 
                               ༢༠༠༨ལོའི་སྤྱི་ཟླ་༡༡པའི་ཚེས༦ཉིན་གུང་རང་སྤྱིལ་དུ།  
·གསར་འགྱུར་གོང་མ:བོད་རིག་པའི་དཔྱད་ཡིག་དཀར་ཆག
·གསར་འགྱུར་འོག་མ:གནའ་བོའི་བོད་ཀྱི་ལྡེབས་རིས་རྙེད་སོན་བྱུང་བ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·ལུའུ་ཞུན་གྱི་སྨན། 2011/2/9 22:36:55
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 3:37:49 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 14:33:50 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/12 16:48:35 [来自: 112.5.243.142]

འབྲེལ་ཡོད་དཔྱད་བརྗོད 35 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།22.46MS