ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> སྒྲ་སྒྱུར
  གསར་འགྱུར་ཀློག་པ།

རྒྱ་བོད་ཡིག་སྒྱུར་ཁྲོད་ཚིག་གི་སྒྱུར་ཐབས་སྐོར་གླེང་བ།

[རྩོམ་པ་པོ:ཚེ་བརྟན་རྡོ་རྗེ།  ཡོང་ཁུངས:བོད་ལྗོངས་སློབ་ཆེན་རིག་དེབ།  དུས་ཚོད:2010/1/6 22:24:23  བཀླགས་ཐེངས:1909][ཡིག་གཟུགས:ཡིག་གཟུགས་མདོག]
               རྒྱ་བོད་ཡིག་སྒྱུར་ཁྲོད་ཚིག་གི་སྒྱུར་ཐབས་སྐོར་གླེང་བ།
                         ཚེ་བརྟན་རྡོ་རྗེ།
གནད་བསྡུས་: རྩོམ་ཡིག་འདིའི་ནང་རྒྱ་བོད་སྒྱུར་བྱེད་སྐབས་མི་རིགས་སོ་སོའི་སྐད་གཤིས་དང་ཚིག་སྔ་ཕྱིའི་གོ་དོན་དང་བསྟུན་ནས་བསྒྱུར་དགོས་པའི་སྐོར་དཔྱད་གླེང་བྱས་ཡོད།
འགག་གནད་ཀྱི་ཚིག: རྒྱ་བོད་ཡིག་སྒྱུར། ཚིག སྒྱུར་ཐབས།
 ཡིག་སྒྱུར་བྱ་བ་ནི་སྐད་ཡིག་ཅིག་སྐད་ཡིག་གཞན་ཞིག་ལ་ཕབ་སྒྱུར་བྱ་རྒྱུ་དེ་ཡིན་ཞིང་། དེ་གྲུབ་པར་བརྗོད་དོན་གསལ་རྟོགས་དང་ཇི་བཞིན་ཕབ་སྒྱུར་གྱི་གོ་རིམ་གཉིས་བརྒྱུད་དགོས། གོ་རིམ་དེ་གཉིས་ནི་ཡིག་སྒྱུར་གྱི་ཆེས་རྩ་བའམ་རྨང་གཞིར་གྱུར་པའི་ཤེས་བྱ་ཞིག་ཡིན། རྒྱ་བོད་ཡིག་སྒྱུར་ལའང་ཚིག་དོན་དང་། ཚིག་དུམ།  བརྗོད་པ་སོགས་ཀྱི་སྒྱུར་ཚུལ་མང་དག་མཆིས་ཀྱང་འདིར་བརྗོད་པར་བྱ་བ་ནི་ཚིག་གི་སྒྱུར་ཚུལ་སྐོར་ཡིན་ལ་(འདིར་ཚིག་ཅེས་པ་ནི་རྒྱ་ཡིག་ནང་གི་词དང་དོན་གཅིག་ཡིན། )ཚིག་དོན་ཇི་བཞིན་སྒྱུར་བར་ཐབས་མང་ཡང་རྒྱུན་སྤྱོད་ཆེ་བའི་སྒྱུར་ཐབས་འགའ་བརྗོད་པར་བྱ།
 དང་པོ། ཚིག་གཅིག་དོན་མང་ལ་འཇུག་པའི་སྒྱུར་ཐབས།
 རྒྱ་བོད་ཡིག་སྒྱུར་ཁྲོད་ཚིག་གི་རིགས་སུ་གཏོགས་པའི་ཡིག་སྒྱུར་གྱི་གནད་དོན་མང་དག་ཕྲད་ཀྱི་ཡོད། ཚིག་ལའང་མིང་ཚིག་དང་། བྱ་ཚིག རྒྱན་ཚིག་སོགས་ཀྱི་དབྱེ་བ་ཡོད། འོན་ཀྱང་ཡིག་སྒྱུར་སྐབས་ཚིག་དེ་བརྗོད་དོན་ཞིག་གི་ནང་མིང་ཚིག་ཡིན་ཀྱང་བརྗོད་དོན་གཞན་ཞིག་གི་ནང་དུ་མིང་ཚིག་ཡིན་པའི་ངེས་པ་མེད་པར་བྱ་ཚིག་གམ་ཡང་ན་རྒྱན་ཚིག་སོགས་ཀྱི་དོན་སྟོན་པའང་ཡོད། དེར་བརྟེན་རྒྱ་བོད་ཡིག་རིགས་གཉིས་ཀྱི་ནང་མིང་གཅིག་དོན་གཅིག་གི་ཚིག་ཉུང་ཞིང་མིང་གཅིག་ལ་དོན་དུ་མ་འཇུག་པའི་ཚིག་ཧ་ཅང་མང་བས་ཡིག་སྒྱུར་སྐབས་སུ་ཐོག་མར་དོན་དུ་མ་ལས་གནས་སྐབས་ཀྱི་དགོས་པ་ལྟར་དོན་གཅིག་གཏན་འཁེལ་བྱ་རྒྱུ་དང་། དོན་གཅིག་གཏན་འཁེལ་བྱེད་པར་ཚིག་གི་ནང་དོན་དེ་སྐད་ཆའི་འགོ་འཇུག་དང་ཚིག་དེ་གནས་སའི་མིང་ཚིག་གོང་འོག་གི་དོན་དང་བསྟུན་དགོས། མ་ཡིག་གི་བརྗོད་དོན་རྟོགས་དགོས་པ་དང་ཕྱོགས་ཡོངས་ནས་ཆ་ཚང་བའི་མིང་ཚིག་གི་ནང་དོན་སོ་སོ་རྒྱུས་ལོན་དང་མ་ཡིག་གི་དོན་དང་མི་འགལ་ཞིང་འོས་ཤིང་འཚམ་པའི་ཚིག་དོན་གཅིག་པ་དང་ནུས་མཚུངས་ཀྱི་ཚིག་དག་བཙལ་འཚོལ་གྱིས་མ་ཡིག་ཇི་བཞིན་བརྗོད་པ་བདེ་པོ་ཞིག་བསྒྱུར་དགོས།
 1. དཔེར་ན། (1)མ་ཡིག་东西走向山脉。ཤར་ནས་ནུབ་ཏུ་འགྱིང་བའི་རི་བརྒྱུད། (2)搞点东西吃འགྱུར་ཡིག ཟ་ཆ་བཙལ་ནས་ཟ་གི་ཡིན།
(3)མ་ཡིག་中国现在缺乏资金,有很多东西开发不出来。ད་ལྟ་ཀྲུང་གོ་མ་དངུལ་མི་འདང་བས་གཏེར་རྫས་ལེགས་པ་མང་དག་སྔོག་འདོན་བྱེད་མི་ཐུབ་ཅེས་པ་ལྟ་བུའོ།
 གོང་གི་དཔེ་མཚོན་གསུམ་ལ་མཚོན་ན། མ་ཡིག་གསུམ་གའི་ནང་དུ་“东西鉋ཞེས་པའི་ཚིག་ཡོད་ཅིང་། ཚིག་རྐྱང་ལ་གོ་བ་བླང་སྟེ་སྒྱུར་ན་“ཅ་ལག་”ཞེས་སྒྱུར་དགོས་ཀྱང་ཚིག་དེ་འཇུག་ཡུལ་གྱི་དོན་གོང་འོག་ལ་བརྟེན་ནས་བསྒྱུར་གསུམ་གའི་ནང་སྒྱུར་མི་གཅིག་པ་བྱུང་ཡོད།
 དཔེ་མཚོན་དང་པོའི་ནང་“东西鉋ཁ་ཕྱོགས་སྟོན་པའི་དོན་སྟོན་པས་ཤར་ནུབ་ཞེས་བསྒྱུར་བ་དང་དཔེ་མཚོན་གཉིས་པའི་ནང་“东西”ཟས་རིགས་ཀྱི་དོན་སྟོན་པས་ཟ་ཆ་ཞེས་སྒྱུར་དགོས་པ་ཡིན། དཔེ་མཚོན་གསུམ་པའི་ནང་“东西”གཏེར་རྫས་རིགས་ཀྱི་དོན་སྟོན་པས་ཤར་ནུབ་དང་ཟ་མ་ཞེས་མི་བསྒྱུར་བར་གཏེར་རྫས་ཞེས་བསྒྱུར་དགོས་པ་ཡིན། གང་ཡིན་ཟེར་ན་དཔེ་མཚོན་གསུམ་གའི་ནང་“东西”ཞེས་པའི་ཚིག་སྤྱད་ཡོད་ཀྱང་དེ་འཇུག་ཡུལ་གྱི་གནས་མི་འདྲ་བར་བརྟེན་འགྱུར་ཡང་མི་འདྲ་བ་ཡོང་གི་ཡོད།
 2. མ་ཡིག 人民代表要代表人民利益。 མི་དམངས་ཀྱི་འཐུས་མིས་མི་དམངས་ཀྱི་ཁེ་ཕན་མཚོན་དགོས། ཞེས་པའི་དཔེར་བརྗོད་འདིར་མཚོན་ན་“代表”ཚིག་རྐྱང་ངོས་ནས་འཐུས་མིའམ་སྐུ་ཚབ་ཅེས་བསྒྱུར་དགོས་ཀྱང་“代表”སྔ་མ་ནི་མིང་ཚིག་ཡིན་པས་“འཐུས་མི་”ཞེས་བསྒྱུར་བ་དང་ཕྱི་མ་ནི་བྱ་ཚིག་ཡིན་པས་འཐུས་མི་ཞེས་མི་བསྒྱུར་བར་“མཚོན་པ་”ཞེས་བསྒྱུར་བའི་གནད་འགག་རྟོགས་དགོས།
 གཉིས་པ། ཚིག་གི་སྣོན་སྒྱུར་བྱ་ཐབས།
 ཚིག་སྒྱུར་སྐབས་མ་ཡིག་གི་བརྗོད་དོན་དེ་དག་སྒྱུར་ཡིག་ནང་ཇི་བཞིན་མཚོན་པའམ་བརྗོད་པ་བདེ་བའི་ཕྱིར་སྐབས་འགར་སྒྱུར་ཡིག་ཁྲོད་ཚིག་རེ་སྣོན་དགོས་པའི་དུས་ཀྱང་ཡོད་པས་མ་ཡིག་ནང་མེད་རུང་སྒྱུར་ཡིག་ལ་ཚིག་རེ་བསྣན་ནས་བསྒྱུར་དགོས་པ་ཡིན། དཔེར་ན། །མ་ཡིག 缩短同世界发达国家在科学技术方面的差距ཚན་རིག་ལག་རྩལ་ཐད་རང་རྒྱལ་དང་འཛམ་གླིང་ཐོག་དར་རྒྱས་ཆེ་བའི་རྒྱལ་ཁབ་དབར་ཧེ་བག་ཆུང་དུ་གཏོང་དགོས།
 2.མ་ཡིག负责同志应多作讲演,来提高我们的干部。 འགན་ཁུར་བློ་མཐུན་ཚོས་གཏམ་བཤད་མང་ཙམ་བྱས་ནས་ང་ཚོའི་ལས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས།
 གོང་གི་དཔེར་བརྗོད་གཉིས་སྒྱུར་སྐབས་མ་ཡིག་ནང་ཤུགས་ལ་བསྟན་པའི་ཚིག་དེ་བསྣན་ནས་བསྒྱུར་དགོས་པས་དཔེར་བརྗོད་དང་པོར་མཚོན་ན་གལ་སྲིད་འགྱུར་ཡིག་ལ་ཚིག་སྣོན་མ་བྱས་ན་ཚན་རིག་ལག་རྩལ་ཐད་ཀྱི་ཧེ་བག་དེ་འཛམ་གླིང་ཐོག་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་ཆུང་དུ་གཏོང་དགོས་པ་ལྟ་བུའི་མ་ཡིག་གི་དོན་དང་འགལ་བའི་དོན་གཞན་ཞིག་སྟོན་པས་ངེས་པར་དུ“我国”རང་རྒྱལ་ཞེས་པའི་ཚིག་བསྣན་ཏེ་ཚན་རིག་ལག་རྩལ་ཐད་རང་རྒྱལ་དང་འཛམ་གླིང་ཐོག་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་ཧེ་བག་ཆུང་དུ་གཏོང་དགོས་ཞེས་མ་ཡིག་གི་བརྗོད་དོན་དང་འཚམ་པ་ཞིག་བསྒྱུར་དགོས་པ་ཡིན།
  དཔེར་བརྗོད་གཉིས་པར་མཚོན་ན། མཐོ་རུ་གཏང་རྒྱུ་གསལ་པོ་མེད་ཅིང་མ་ཡིག་ནང་ཤུགས་ལ་བསྟན་པས་ཡིག་སྒྱུར་སྐབས་ངེས་པར་དུ་“水平”ཞེས་པའི་ཚིག་བསྣན་ཏེ་འགན་ཁུར་བློ་མཐུན་ཚོས་གཏམ་བཤད་མང་ཙམ་བྱས་ནས་ང་ཚོའི་ལས་བྱེད་པའི་ཆུ་ཚུད་མཐོ་རུ་གཏོང་དགོས་ཞེས་བསྒྱུར་དགོས།
གོང་གི་དཔེར་བརྗོད་གཉིས་ཀྱི་མ་ཡིག་ནང་ཤུགས་ལ་བསྟན་པའི་ཚིག་དེ་མ་བསྣན་ན་སྒྱུར་ཡིག་དོན་སྔ་ཕྱི་འབྲེལ་མི་ཆགས་པ། མ་ཡིག་གི་བརྗོད་དོན་ཇི་བཞིན་མཚོན་མི་ཐུབ་པའི་སྒྱུར་སྐྱོན་ཡོང་བས་བསྣན་དགོས་པའི་ཚིག་དེ་ངེས་པར་དུ་བསྣན་ནས་བསྒྱུར་དགོས།
 གསུམ་པ། ཚིག་གི་འཕྲི་སྒྱུར་བ་ཐབས།
 ཡིག་སྒྱུར་སྐབས་མ་ཡིག་གི་བརྗོད་དོན་གསལ་སྟོན་ཐུབ་པའི་ཆ་རྐྱེན་འོག སྒྱུར་ཡིག་གི་ཚིག་གི་སྦྱོར་ཚུལ་དེ་བོད་ཀྱི་བརྡ་སྤྲོད་དང་མཐུན་ཞིང་ཟློས་སྐྱོན་མི་ཡོང་བའི་ཆེད། སྐབས་འགར་མ་ཡིག་ཁྲོད་ཀྱི་ཚིག་འགའ་དོར་ཏེ་བསྒྱུར་དགོས་པའི་དུས་ཀྱང་ཡོད་པས་མ་ཡིག་ཁྲོད་ཀྱི་ཚིག་འགའ་དོར་ཏེ་སྒྱུར་དགོས་པའི་དུས་ཀྱང་ཡོད་པ་མ་ཡིག་ན་ཡོད་ཅིང་སྒྱུར་ཡིག་ལ་མི་མཁོ་བའི་ཚིག་འཕྲི་སྟེ་སྒྱུར་དགོས། དཔེར་ན། 1.མ་ཡིག 中共中央关于加强党的执政能建设的决定。 ཏང་གི་སྲིད་འཛིན་བྱེད་ནུས་ཆེ་རུ་གཏང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན།
 2. མ་ཡིག 同时也要注意精简人员 དུས་མཚུངས་སུ་མི་སྣ་ཁུ་བསྡུ་བྱེད་པར་ཡིད་འཇོག་བྱེད་དགོས།
 གོང་གི་དཔེར་བརྗོད་གཉིས་ལས་དང་པོར་མཚོན་ན་“ཏང་གི་སྲིད་འཛིན་ནུས་པ་སྐྲུན་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབང་གི་ཆོད་དོན། ” ཞེས་ཪྙོག་འཛིང་ཆེ་བའི་སྒྱུར་ཡིག་ཞིག་མི་དགོས་པར་མ་ཡིག་གི་དོན་དང་མི་འགལ་ཞིང་བོད་སྐད་ཀྱི་འགྲོས་དང་མཐུན་པ་ཞིག་དགོས་པས་མ་ཡིག་ནང་གི་“建设”ཞེས་པའི་ཚིག་འདི་འཕྲི་སྟེ་“ཏང་གི་སྲིད་འཛིན་བྱེད་ནུས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབང་གི་ཆོད་དོན། ”ཞེས་བསྒྱུར་ན་དོན་འདུས་ཤིང་ཁ་གསལ་ལ་བརྗོད་དོན་ཚང་བའི་དགེ་མཚན་ལྡན་ཡོད།
 དཔེར་བརྗོད་གཉིས་པར་མཚོན་ན་མ་ཡིག་ནང་གི་“注意”ཞེས་པའི་ཚིག་འདི་ཚིག་ལྷག་ཏུ་གྱུར་བའི་“དུས་མཚུངས་སུ་མི་སྣ་ཁུ་བསྡུ་བྱེད་པར་ཡིད་འཇོག་བྱེད་དགོས། ”ཞེས་མི་བསྒྱུར་བ་“注意”ཚིག་འདི་འཕྲི་སྟེ་“དུས་མཚུངས་སུ་མི་སྣ་ཁུ་བསྡུ་ཡང་བྱེད་དགོས། ”ཞེས་བརྗོད་དོན་དང་མཚུངས་པ་ཞིག་བསྒྱུར་དགོས།
 བཞི་པ། ཚིག་གི་སྣོར་སྒྱུར་བྱ་ཐབས།
 རྒྱ་བོད་ཡིག་རིགས་གཉིས་ཀྱི་ཚིག་སྦྱོར་བྱེད་ལུགས་མི་འདྲ་བས་ཡིག་སྒྱུར་སྐབས་སྒྱུར་ཡིག་གི་ཚིག་སྦྱོར་བྱེད་སྟངས་བོད་ཀྱི་སྐད་ཀྱི་རྗོད་སྲོལ་དང་བསྟུན་ནས་མ་ཡིག་གི་བརྗོད་དོན་དེ་ཇི་བཞིན་མཚོན་ཆེད་མ་ཡིག་གི་ཚིག་འགའ་གོ་རིམ་བསྣོར་ནས་བསྒྱུར་དགོས་པའི་དུས་ཀྱང་ཡོད། དཔེར་ན། 1.མ་ཡིག 这个技
术,在བྷ我国,掌握的人逐渐多起来了。རང་རྒྱལ་དུ་ལག་རྩལ་དེ་ཤེས་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་རེད།
 2. མ་ཡིག 中央关于加强党的执政能力建设的决定。 ཏང་གི་སྲིད་འཛིན་བྱེད་ནུས་ཆེ་རུ་གཏང་རྒྱུའི་སྐོར་གྱི་ཀྲུང་དབང་གི་ཆོད་དོན།
གོང་གི་དཔེར་བརྗོད་གཉིས་ལས་དཔེར་བརྗོད་དང་པོར་མཚོན་ན་མ་ཡིག་གི་གོ་རིམ་ཇི་བཞིན་མ་བསྒྱུར་བར་མ་ཡིག་ནང་གི་“我国”ཞེས་པའི་ཚིག་དེ་གོ་རིམ་སྣོར་ཏེ་“རང་རྒྱལ་དུ་ལག་རྩལ་དེ་ཤེས་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་རེད། ”ཅེས་བསྒྱུར་བ་དང་། དཔེར་བརྗོད་གཉིས་པར་མཚོན་ན་མ་ཡིག་ནང་གི་ཚིག་“中央”མ་ཡིག་གི་གོ་རིམ་ཇི་བཞིན་མ་བསྒྱུར་བར་ཚིག་གི་གོ་རིམ་སྣོར་ཏེ་“ཏང་གི་སྲིད་འཛིན་བྱེད་ནུས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཆོད་དོན། ”ཞེས་བསྒྱུར་དགོས་པ་ནི་སྒྱུར་ཡིག་གི་བརྗོད་དོན་བོད་སྐད་ཀྱི་འགྲོ་ལུགས་དང་བསྟུན་ཏེ་ཁ་གསལ་ཞིང་གོ་བདེ་བ་ཞིག་བསྒྱུར་དགོས་པའི་རྒྱུ་མཚན་གྱིས་ཡིན།
 ལྔ་པ། ཚིག་གི་སྒྲ་སྒྱུར་བྱ་ཐབས།
 རྒྱ་བོད་ཡིག་སྒྱུར་སྐབས་སྐབས་འགར་མ་ཡིག་གི་ཚིག་དེ་དག་སྒྲ་སོར་བཞག་བྱེད་པའམ་ཡང་ན་ཕྱེད་སྒྲ་སྒྱུར་དང་ཕྱེད་དོན་སྒྱུར་བྱེད་དགོས་པའི་དུས་ཀྱང་ཡོད། ཚིག་སྒྲ་དཔྱད་གཞིའི་ཡིག་ཆ། སྒྱུར་བྱ་རྒྱུ་དེའང་རིག་ཚན་མཐའ་དག་ནང་ཁྱབ་ཡོད་ཅིང་དེ་དག་ནི་དམིགས་བསལ་ཅན་གྱི་དངོས་པོའི་མིང་ངམ་
ཚན་རྩལ་གྱི་ཚིག་གསར་པ་དང་ཡང་ན་དངོས་པོ་ཞིག་གི་གཟུགས་བཪྙན། བཟོ་དབྱིབས། ཚོང་རྟགས། རྩིས། དངོས་རྫས་ཀྱི་སྤྱི་འགྲོས་སོགས་མཚོན་པའི་དབྱིན་ཡིག་གི་དབྱངས་གསལ་སོགས་འདུས་ཡོད། དཔེར་ན། །མ་ཡིག牛顿万有引力定律。 ཉིའུ་ཏུན་ཀུན་ལྡན་འགུལ་ཤུགས་གཏན་སྲོལ། 2. མ་ཡིག
爱因斯坦质能关系 ཨིན་སི་ཐེན་སྤུས་ནུས་འབྲེལ་བ།
 གོང་གི་དཔེར་བརྗོད་གཉིས་མཚོན་ན་མ་ཡིག་ནང་གི་“牛顿”དང་“爱因斯坦”ཚིག་བསྒྱུར་སྐབས་སྒྲ་སོར་བཞག་གིས་“ཉིའུ་ཏུན་”“ཨིན་སི་ཐེན་”ཞེས་སྒྱུར་བ་ནི་མ་ཡིག་གི་དོན་རྟོགས་སླ་ཞིང་ཚིག་གསལ་བར་ཡོང་ཕྱིར་ཡིན། དཔེར་ན་མ་ཡིག 能散 X射线分析ནུས་ཐོར་Xའཕྲོ་ཐིག་དབྱེ་ཞིབ།
 གོང་གི་དཔེར་བརྗོད་འདིར་མཚོན་ན་མ་ཡིག་ནང་གི་“x”ཚིག་འདི་སྒྱུར་སྐབས་xདང་ཆ་འདྲ་བའི་ཡི་གེ་ཞིག་མེད་པས་xརང་སོར་བཞག་པ་དང་射线དོན་སྒྱུར་གྱིས་འཕྲོ་ཐིག་ཅེས་བསྒྱུར་དགོས།
 མདོར་ན་རྒྱ་བོད་ཡིག་སྒྱུར་སྐབས་ཚིག་གི་བསྒྱུར་ཚུལ་ནི་ཡིག་སྒྱུར་གྱི་རྨང་གཞི་གྱུར་པའི་ཤེས་བྱ་ཞིག་ཡིན་པས་དེར་སྣང་ཆུང་མེད་པར་མ་ཡིག་གི་བརྗོད་དོན་རྟོགས་ཤིང་ཚིག་ཇི་བཞིན་ཕབ་སྒྱུར་བྱེད་དགོས་པ་དང་། དེ་ལས་ལྡོག་ན་སྒྱུར་ཚད་ལྡན་ཅན་དུ་ཡོང་མི་སྲིད་ལ་ཐ་ན་ཚིག་མི་གསལ་ཞིང་གོ་མི་བདེ་བ། དོན་དང་འགལ་བའི་སྐྱོན་དུ་འགྱུར་བས་ཡིད་གཟབ་གནང་དགོས་པ་ཞིག་ཡིན།
                         ༢༠༠༥ལོའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་དེབ་དང་པོ་ལས
 
·གསར་འགྱུར་གོང་མ:གནའ་བོའི་བོད་ཀྱི་ལྡེབས་རིས་རྙེད་སོན་བྱུང་བ།
·གསར་འགྱུར་འོག་མ:རླུང་རྟའི་ངོས་ཀྱི་སྲོག་ཆགས་ཀྱི་གཟུགས་རིས་ལྔ་པོའི་སྐོར།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·སྒྲ་སྦྱོར་བམ་པོ་གཉིས་པ་བཞུགས་སོ།། 2015/7/29 14:04:40
·བྱ་ལེན་མའི་ཟློས་གར༽བོད་འགྱུར་མའི་སྐོར་གྱི་སྐད་ཆ་འགའ། 2011/7/14 8:28:23
·བྱ་གཞུང་དབྱངས་བྷའི་རྩོམ་རིག་ཡིག་སྒྱུར་སྐོར་གྱི་ལྟ་ཚུལ་ཕྲན་བུ། 2011/4/21 20:26:31
·ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་ཡིག་བསྒྱུར་དགོངས་པའི་སྐོར། 2009/12/28 22:20:03
·སྒྲ་སྦྱོར་བམ་གཉིས། 2009/12/20 15:35:43
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 8:48:17 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:50:01 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 17:34:51 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.00MS