ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

རྩོམ་རིག་གི་བདག་དབང་འཚོལ་བ་ཞེས་པའི་བགྲོ་གླེང་ཟིན་ཐོ།

[རྩོམ་པ་པོ:སྨིན་དབུས་པོ།  ཡོང་ཁུངས:སེང་རྡོར་དྲ་བ།  དུས་ཚོད:2010/1/24 20:44:05  བཀླགས་ཐེངས:1030][ཡིག་གཟུགས:ཡིག་གཟུགས་མདོག]

དེ་རིང་སྟེ་ཕྱི་ལོ༢༠༡༠ལོའི་ཟླ་དང་པོའི་ཚེས༢༤ཉིན་གྱི་སྔ་མོ་ཆུ་ཚོད་དགུའི་སྟེང་གྲོང་ཁྱེར་པདྨ་ཅན་ནམ་ཁྲིན་ཏུ་བོད་མིའི་ཁྲོམ་གྱི་ཁམས་པ་བོད་མིའི་གསོལ་སྟོན་ཁང་གི་སྟེང་དུ《 རྩོམ་རིག་གི་བདག་དབང་འཚོལ་བ་ཞེས་པའི་རྒྱས་སྤྲོ་མ་ཡིན་པར་སྟབས་བདེའི་རང་བཞིན་ཅན་དང་གྲོགས་པོའི་རང་བཞིན་ཅན་གྱི་འདུ་འཛོམས་ཤིག་བསྡུས་སོང་། འདུ་འཛོམས་གླེང་མོལ་འདི་བསྡུ་མཁན་གྱི་འགན་འཛིན་པ་ནི། ཁམས་དཀར་མཛེས་ཁུལ་མདོ་ཁམས་གསེར་རྟ་ནས་ཡིན་པའི་རྩོམ་པ་པོ་རག་བཀྲམ་སྨོན་ལམ་རྒྱ་མཚོ་དང་། བོད་ལྫོངས་ཆབ་མདོ་ས་ཁུལ་ནས་ཡིན་པའི་གྲོགས་གངས་དགའ་འཁྱམས་པོ་གཉིས་ཡིན་ལ། འདུ་འཛོམས་ཀྱི་མདོ་འཛིན་པ་ནི་བོད་ཀྱི་གྲྭ་གཞོན་རྩོམ་པ་པོ་སྒོ་ཡོན་ཏན་ལགས་རེད། འདུ་འཛོམས་ལབ་གླེང་འདིའི་ཁོངས་མི་ནི་བོད་ཀྱི་ཟིན་བྲིས་པ་ཆོས་དཔལ་བཟང་པོ་ལགས་དང་། ཁམས་པའི་གསར་འགྱུར་ཁང་གི་གསར་འགོད་པ་གཡུ་མཚོ། བོད་ཀྱི་གླུ་བ་རིག་དགའ། གཞན་ཁམས་ཀྱི་ན་གཞོན་རྩོམ་པ་པོ་ཡུག་སོགས་བོད་མདོ་དབུས་ཁམས་གསུམ་ནས་མ་བོས་ལན་གཅིག་ཏུ་འདུས་པའི་གྲྭ་གྲོང་གཉིས་གྲུབ་ཀྱི་རྩོམ་སྒྲིག་པ་དང་། རྩོམ་པ་པོའི་མིང་ཅན་མི་མགོ་ཉི་ཤུ་ཡོད་འདུག

གླེང་མོལ་གྱི་བསྒྲིགས་འཛུགས་ནི་བསམ་བློ་དཀྱེལ་ཡངས་ཡིན་པའི་ཁྱབ་ཁོངས་ནས་གླེང་བརྗོད་པ་རེར་གསེར་ལས་དཀོན་པའི་ཆུ་ཚོད་སྐར་མ་བཅུ་རེར་སྤྲད་ཡོད་ཅིང་། བརྗོད་བྱའི་ནང་དོན་འབྲེལ་མེད་ལ་ལུང་གི་གཏམ་མ་ཡིན་པར་གླེང་མོལ་གྱི་ཁ་བྱང་མཐུན་པའི་ཅུང་འཐུས་ཚང་རང་བཞིན་ཅན།
ལབ་གླེང་གི་ནང་དོན་ནི་རྩོམ་རིགས་སྤྱིའི་འགྲོས་ནས་བོད་ཀྱི་རྩོམ་རིག་གི་བདག་དབང་འཚོལ་བ་གླེང་ཡོད་ལ། བོད་རྩོམ་ཡིག་ཁག་གི་རྒྱུ་སྤུས་དང་། བོད་རོང་འབྲོག་མང་ཚོགས་ཀྱིས་བོད་ཀྱི་རྩོམ་རིག་ལ་བཟུང་བའི་རིན་ཐང་གི་འདུ་ཤེས། བོད་ཀྱི་གླུ་ཚིག་གི་བླ་སྲོག་དང་རྒྱུ་སྤུས་སོགས་སྔོན་མེད་ཀྱི་གྲོས་གཞི་གསར་བ་མི་ཉུང་བ་ཞིག་གི་ཐོག་ནས་བསམ་བློ་བརྗེ་རེས་ཀྱི་གོ་སྐབས་ཕྱེས་ཤིང་། གྲོགས་པོ་ནང་ཕན་ཚུན་བསམ་བློ་བརྗེ་རེས་འདིའི་ནང་ནས་བོད་རང་གིས་རིག་གནས་ལ་བདག་པོ་རང་གིས་དགོས་པ་ན་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་ཀློག་པ་པོ་དང་ཁ་ཐང་ཇེ་ཉེར་གཏོང་དགོས་པ་དང་། བོད་ཀྱི་རྩོམ་རིག་གི་བདག་དབང་ཡང་རྩོམ་པ་པོ་རང་ངོས་ནས་ཐག་གཅོད་དགོས་ཚུལ། དེ་བཞིན་དུ་རྩོམ་རིག་གི་རིན་ཐང་ཡང་བོད་སྤྱི་དམངས་ཡོངས་ཀྱི་སེམས་ནང་ལ་ཆགས་ཐབས་དགོས་པའི་གནས་ཚུལ་རབ་དང་རིམ་པ་ཞིག་གླེང་སོང་། མཇུག་མཐའི་གྲོས་ཆོད་ནི་འདུ་ཚོགས་དེར་འདུས་པའི་གྲོགས་པོ་ལྷན་རྒྱས་ཀྱིས་མིག་སྔར་གྱི་གནས་ཚུལ་མང་པོ་ཞིག་ལ་གཞིགས་ཏེ། དེང་ནས་བཟུང་བོད་ཀྱི་རྩོམ་རིག་གི་རིན་ཐང་ལྟ་ཚུལ་མཐོར་འདེགས་འོང་བའི་ཆེད་དུ་རྩོམ་གྱི་རྒྱུ་སྤུས་དང་ཡང་ན་ཀློག་མཁན་གྱི་དགོས་མཁོ་དང་མཐུན་པའི་རྩོམ་ཡོན་འོས་མཚམས་རེ་སྤྲད་ལེན་བྱེད་རྒྱུའི་སྲོལ་ཆགས་རྒྱུ་དང་། དེ་ལས་ཀྱང་བོད་ཀྱི་གླུ་གཞས་ཁག་གི་རྒྱུ་སྤུས་ཀྱི་གོམ་ཁ་ཅུང་ཇེ་ལེགས་སུ་འགྲོ་བའི་ཆེད་དུ་གླུ་ཚིག་འབྲི་བ་པོ་དག་གིས་སྤྱི་ཚོགས་ཀྱི་འགན་ཁྲི་དང་གནས་བབ་ལ་རྒྱང་མ་བཀྱེད་པར་འཚོ་བ་དངོས་དང་ཉེ་བའི་བསམ་བློའི་ཉིང་བཅུད་འདུས་ཇི་ཐུབ་གནང་རྒྱུ་ལས་དོན་སྙིང་དང་ཚིག་གི་འགྲོ་སྟངས་སོགས་ཕྱོགས་གང་ཆ་ནས་ཆེས་སྟོངས་པའི་འབྲེལ་མེད་སྟོང་བསྟོད་དང་། འུད་སྒྲོག་གི་ལམ་ལས་གཡོལ་གང་ཐུབ་ཀྱི་བརྗོད་སྙིང་ཆགས་གང་ཐུབ་བྱ་རྒྱུ། གླུ་ཚིག་ལ་ཡང་འོས་བབ་ཀྱི་རྩོམ་ཡོན་སྤྲོད་ལེན་གྱི་ལམ་དུ་ཁ་གསར་དུ་ཕྱོགས་རྒྱུའི་སྣེ་འདོན་དང་རང་འགན་ལེན་པའི་ཁ་ཚོད་བཅད་དེ་ཚང་མས་མཉམ་གཅིག་ཏུ་ལག་བཀྱགས་སོང་། གནས་ཚུལ་དེ་ནི་བོད་མི་རིགས་ཆེན་པོ་སྤྱིའི་ཆ་ལ་མི་ཉུང་ཤོས་ཤིག་གིས་བསམ་བློ་སྒེར་གཅོད་ཀྱིས་ཐག་བཅད་བྱས་པ་ཤིག་མིན་ལ། དེར་འདུས་རྩོམ་པ་པོ་རང་རང་ལ་དངུལ་ལོ་ཐོབ་འདོད་རྐྱང་བའི་ཐབས་ཇུས་དེ་བས་ཀྱང་མིན་པར། འདི་ནི་དེང་ནས་བོད་རང་གི་རྩོམ་རིགས་ཀྱི་རིན་ཐང་དང་བོད་ཀྱི་གླུ་ཚིག་གི་རྒྱུ་སྤུས་རིན་ཐང་གི་གོམ་ཁ་ཇེ་ལེགས་སུ་གཏོང་ཐབས་ཀྱི་སྣེ་འདོན་གསར་བའི་རུ་སྣ་བསླངས་པ་ཡིན་པའི་བསམ་པ་དང་གཏམ་བརྗོད་ཡང་མང་ཙམ་བྱས་སོང་། །
·གསར་འགྱུར་གོང་མ:ཁྲིན་ཏུར་རྩོམ་རིག་གི་བདག་དབང་འཚོལ་བའི་བགྲོ་གླེང་ཚོགས་་པ།
·གསར་འགྱུར་འོག་མ:《མེ་ལྕེའི་དེབ་ཕྲེང་》ལོ་སར་སྐབས་སུ་པར་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆོས་དབྱངས་སྐྱིད་ཀྱིས་རྒྱལ་ཁ་འཛུམ་གྱིས་བསུས། 2012/8/12 10:38:16
·༼གནའ་བོའི་བོན་གྱི་རིག་མཛོད་པར་སྐྲུན་བྱས་པ 2012/3/19 21:09:14
·ཐའེ་ཝན་དུ་ནང་བསྟན་བགྲོ་གླེང་ཚོགས་འདུ་ལེགས་གྲུབ་བྱུང་བ། 2012/3/19 11:14:03
·གསར་འགྱུར 1+1གྲངས་ཉུང་མི་རིཊ་ཀྱི་སྐད་ཡིག་རྒྱུད་འཛིན་སྐོར། 2011/10/20 10:52:46
·གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་ 2011/7/20 15:09:55
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 15:20:51 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 19:39:06 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 5:38:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.16MS