ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> རིག་ཐིཊ
གསར་འགྱུར་ཀློག་པ།

བོད་ཀྱི་ལྷ་མོའི་དང་པོ། སྤུན་བདུན་འབག་དཀར་པོ།

[རྩོམ་པ་པོ:མཁས་གྲུབ།  ཡོང་ཁུངས:ཚངས་དབྱངས་དྲ་བ།  དུས་ཚོད:2010/1/27 18:28:24  བཀླགས་ཐེངས:1421][ཡིག་གཟུགས:ཡིག་གཟུགས་མདོག]
བོད་ཀྱི་ལྷ་མོའི་དང་པོ། སྤུན་བདུན་འབག་དཀར་པོ།
མཁས་གྲུབ།
ལྷ་མོ་ནི་འཛམ་བུའི་གླིང་ལ་གཅིག་ཁོ་ན་ལས་མེད་པའི་བོད་ས་མཐོའི་ཁྱད་ཆོས་འབུར་དུ་ཐོན་ཞིང་།  ངོ་མཚར་ཡིད་དབང་འཕྲོག་པའི་འཁྲབ་སྟོན་སྒྱུ་རྩལ་ཞིག་ཡིན།  དེ་ནི་ཐོག་མར་བོད་ཀྱི་གནའ་བོའི་འགྲིམ་འགྲུལ་བྱ་བཞག་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྤྱི་ལོའི་དུས་རབས་བཅོ་བརྒྱད་པར་བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་གཞས་མ་གཏམ་འབྲས་དཀར་གྱི་རྨང་གཞིའི་ཐོག་གསར་གཏོད་མཛད་པ་ཞིག་རེད།  སྐབས་དེ་དུས་ཐང་སྟོང་རྒྱལ་པོས་ལྕགས་ཟམ་བསྐྲུན་ཕྱིར་གང་སར་སློང་མོར་བྱོན་ནས་འཕྱོངས་རྒྱས་ཁུལ་དུ་ཕེབས་སྐབས་ཁོང་གི་ཐུགས་ལ་ད་ལྟའི་སློང་མོ་བྱ་ཐབས་འདིས་ལྕགས་ཟམ་བསྐྲུན་ཐབས་བྲལ་བས་ད་ཀོ་དམངས་ཁྲོད་ཟློས་གར་ཚོགས་ཆུང་ཞིག་སྒྲིག་འཛུགས་ཀྱིས་འཁྲབ་སྟོན་བྱས་ཏེ་ཞལ་འདེབས་སློང་ན་ལེགས་སྙམ་པའི་དགོངས་གཞི་ཁྱད་པར་ཅན་ཞིག་འཁྲུངས་པས་ཐོག་མར་འཕྱོངས་རྒྱས་ཡུལ་ནས་སྐྱེ་འབྲས་མཚར་ཞིང་གཟུགས་དཔྱད་ལེགས་པའི་བྱ་མོ་བདུན་འདེམས་རྗེས་དེ་དག་ལ་ཁོང་རང་ཉིད་ཀྱིས་དམངས་སྒྲུང་རྨང་གཞིར་བྱས་པའི་འཁྲབ་གཞུང་དང་།  འབྲས་དཀར་རྨང་གཞིར་བྱས་པའི་འབག་དང་ཁ་བཤད།  མདའ་འཕེན་པ་དང་།  སྤུན་འཁེལ་བ།  མ་ཎི་བསྐོར་བ་བཅས་རྨང་གཞིར་བྱས་པའི་སྟངས་སྟབས་གསར་རྩོམ་གནང་བ་དང་དུས་མཚུངས་ནང་སྦྱོང་གཟབ་ནན་གྱིས་འཁྲབ་སྟོན་ཐེངས་དང་པོ་གནང་དུས་མི་ཚང་མ་ཧང་སང་ནས་་་ ཨ་ཙི།  ནམ་མཁའི་ལྷ་མོ་ས་གཞིར་བྱོན་པ་མིན་ནམ་་་ཞེས་སྨྲས་པས་འཁྲབ་སྟོན་སྒྱུ་རྩལ་འདིའི་མིང་ལའང་ལྷ་མོ་ཞེས་ཕ་གཏམ་བུ་འཇགས་སུ་གྱུར།    དེ་རྗེས་འཁྲབ་སྟོན་གྱི་དགོས་མཁོར་གཞིགས་ནས་མི་སྣ་གསར་པ་རྔོན་པ་དང་རྒྱ་ལུ་ཁ་སྣོན་མཛད་པས་མི་སྣའི་ཐད་ཁྱིམ་ཚང་ཞིག་གི་པ་ཕ་དང་།  ཨ་མ།  བུ་བཅས་འཛོམས་པ་དང་།  སྒྱུ་རྩལ་ཐད་ཆེས་ཕུལ་དུ་བྱུང་ཞིང་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ལྷ་མོ་ཞིག་གྲུབ་ཅིང་།  དེ་ནས་རིམ་བཞིན་འབག་དཀར་པོའི་ལྷ་མོ་བོད་ཀྱི་ས་ཕྱོགས་གཞན་དུའང་དར་བ་དེ་དག་ལ་སྤྱི་མིང་་་བཀྲ་ཤིས་ཞོལ་པ་ལྷ་མོ་ཞེས་འབོད་པ་མ་ཟད་ལྷ་མོའི་གྲུབ་མཐའ་འདྲ་ཡང་འབག་གི་ཚོན་མདོག་བསྒྱུར་བའི་འབག་སེར་པོའི་ལྷ་མོ་ཞིག་ཀྱང་དར།    དུས་མཚུངས་ཤངས་པ་དང་།  རྒྱལ་མཁར་བ།  ཕྱིས་ཀྱི་སྐྱོར་མོ་ལུང་པ་སོགས་འབག་སྔོན་པོའི་ལྷ་མོ་དེ་བས་བོད་ལྗོངས་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་དར་བ་དེ་དག་གི་རྣམ་ཐར་སྙན་ཞིང་།   སྟངས་སྟབས་འགྱིང་ཞིང་འཁྲུག་ལ་སྣ་ཁ་མང་བ་ཞིག་ཡོད།    དེ་བཞིན་ལྷ་མོའི་འཁྲབ་གཞུང་ཐད་ལའང་དེ་སྔོན་དམངས་སྒྲུང་ནས་གོམ་གང་མདུན་སྤོས་ཀྱིས།  ཆོས་རྒྱལ་ནོར་བཟང་དང་པད་མ་འོད་འབར་  དྲི་མེད་ཀུན་ལྡན། འགྲོ་བ་བཟང་མོ།  གཅེན་གཅུང་དོན་ཡོད་དོན་གྲུབ།  གཟུགས་ཀྱི་ཉི་མ།  རྒྱ་བཟའ་བལ་བཟའ།  སྣང་ས་འོད་འབུམ། བཅས་ལྷ་མོའི་འཁྲབ་གཞུང་ཆེན་པོ་བརྒྱད་འཁྲབ་སྟོན་བྱེད་པ་མ་ཟད་རྒྱལ་པོ་སྤྲིན་གཞོན་གྱི་རྟོགས་བརྗོད་སོགས་འཁྲབ་སྟོན་བྱེད་མཁན་ལྷ་མོ་ཚོགས་པའང་རེ་གཉིས་ཡོད།  མདོར་ན་་་སྤུན་བདུན་འབག་དཀར་པོ་་་ནི་བོད་ཀྱི་ལྷ་མོའི་དང་པོ་ཡིན་པར་བསྙོན་དུ་མེད་ལ།  སྤུན་བདུན་ཞེས་པ་ནི་ཐོག་མར་བུ་མོ་སྤུན་བདུན་གྱིས་འཁྲབ་སྟོན་བྱས་པས་མིང་དེ་ལྟར་ཐོགས་པ་མ་ཟད་ཁོ་ཚོས་ལྷ་མོ་སྦྱངས་སའི་གྲོང་ཚོ་དེར་ཡང་སྔར་ནས་ད་བར་སྤུན་བདུན་གྲོང་ཞེས་འབོད་བཞིན་ལགས།   འོན་ཀྱང་འགའ་ཞིག་གིས་རྒྱལ་མཆོག་ལྔ་པའི་སྐབས་སུ་སྤུན་བདུན་འབག་དཀར་པོ་བྱུང་ཞེས་བརྗོད་ཀྱི་འདུག་པ་དེ་ནི་གོ་ནོར་ཤོར་བ་ཞིག་ཡིན་ཏེ།  དེའི་རྒྱུ་མཚན་ནི།  རྒྱལ་མཆོག་ལྔ་པས་ཁོང་རང་ཉིད་ཀྱི་ཕ་ཡུལ་གྱི་ལྷ་མོ་སྤུན་བདུན་ལ་རྒྱབ་སྐྱོར་དང་ལེགས་སྒྲིག་མཛད་པ་མ་ཟད་ལྷ་མོ་དེ་ནི་ཆེས་བཀྲ་ཤིས་པ་ཞིག་ལ་བརྩི་གནང་མཛད་དེ་ལྷ་སའི་ཞོ་སྟོན་ཚུགས་ཁར་རྩེ་པོ་ཏ་ལར་ལྷ་མོ་གཟིགས་ཕུད་འབུལ་སྐབས་སོགས་སྤུན་བདུན་ལྷ་མོ་ཐེངས་དང་པོ་འཁྲབ་བཅུག་གནང་མཛད་པས་དེ་དུས་སྤུན་བདུན་ལྷ་མོ་དར་རྒྱས་སུ་ཕྱིན་པ་ལས་ཐོག་མའི་འབྱུང་ཁུངས་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསར་གཏོད་མཛད་པ་དེ་རང་ཡིན།
ལྷོ་ཁའི་ཆོས་འབྱུང་སྐྱེས་མའི་ནུ་རིན་ལས་བཤུས།
·གསར་འགྱུར་གོང་མ:《མེ་ལྕེའི་དེབ་ཕྲེང་》ལོ་སར་སྐབས་སུ་པར་སྐྲུན་འགྲེམ་སྤེལ་བྱ་རྒྱུ་རེད།
·གསར་འགྱུར་འོག་མ:《སློབ་གསོ་གླེང་བ》ཡི་རྩོམ་བསྡུའི་བརྡ་ཐོ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་དོན་རགས་བསྡུས། 2011/8/30 9:58:56
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 10:28:43 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 13:52:05 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 20:44:53 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 51 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS