ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དམངས་སྲོལ
གསར་འགྱུར་ཀློག་པ།

གྲོ་སོ་ཕྱེ་མར་སྐོར།

[རྩོམ་པ་པོ:བིས་མདོ་རྡོ་རྗེ་རིན་ཆེན།  ཡོང་ཁུངས:ཀྲུང་གོའི་བོད་ལྙོངས་ཆ་འཕྲིན་ལྟེ་གནས།  དུས་ཚོད:2010/2/13 12:27:54  བཀླགས་ཐེངས:1204][ཡིག་གཟུགས:ཡིག་གཟུགས་མདོག]
གྲོ་སོ་ཕྱེ་མར་སྐོར།
བིས་མདོ་རྡོ་རྗེ་རིན་ཆེན།
གྲོ་སོ་ཕྱེ་མར་ཐོག་མར་ཇི་ལྟར་བྱུང་ཚུལ་ལོ་རྒྱུས་ཡིག་ཚང་དུ་བཀོད་པ་མ་མཐོང་ཡང་རྒན་རབས་པའི་ངག་རྒྱུན་ལྟར་ན། བོན་གྱི་ལྷ་གསོལ་དང་།ཕྱྭ་གཡང་འགུགས་པ་སོགས་ལ་སྤྱོད་པའི་ཆོ་གའི་མཐུན་རྐྱེན་ཞིག་ཡིན་པར་གསུངས་པས། གནའ་སྔ་མོ་ཞིག་ནས་བོད་དུ་དར་བར་མངོན།
གྲོ་སོ་ཕྱེ་མར་ལའང་རྒྱས་བསྡུས་མ་ངེས་པ་དུ་མ་ཞིག་ཡོད།དེ་ཡང་གནའ་དུས་ཀྱི་གྲོ་སོ་ཕྱེ་མར་ནི་གྲོ་ནས་ཀྱི་སྙེ་མ་ཆུན་པོ་བས་པ་ཙམ་ཡིན། དེ་རིམ་གྱིས་འཕེལ་རྒྱས་བྱུང་སྟེ། རྒྱ་མ་ཉི་ཤུ་རྩ་བརྒྱད་ཀྱི་ཁལ་རུ་འབོ་གཉིས་སོ་སོར་ཡ་གཅིག་གྲོ་དང་། ཡ་གཅིག་རྩམ་པས་བཀང་སྟེ་གྲོའི་སྟེང་ལ་ཚྭ་རྡོག་དང་།རྩམ་པའི་སྟེང་ལ་མར་ལེབ་ལྔའམ་གསུམ་འཇོག་ཅིང་། དེ་གཉིས་སོ་སོར་མི་རེས་བཏེགས་ནས་རྟེན་འབྲེལ་ཞུ་བའི་སྲོལ་དར།དེ་རིམ་གྱིས་འཕེལ་བ་ལས་འབོ་ཉིས་སྦྲེལ་བྱུང་བ་ལ་ཚོན་
རིས་བཀྲ་ཤིས་རྟགས་བརྒྱད་དམ།ནོར་རྗ་ཆ་བདུན།བཀྲ་ཤིས་རྫས་བརྒྱད་སོགས་གང་རྒྱས་འབྲི་བའམ་ནོར་རྗ་མེ་འབར་དང་། དགའ་འཁྱིལ།གཡུང་དྲུང་སོགས་རི་མོ་བསྡུས་པ་རེ་བྲིས་ཏེ་ཆོག་པར་བས་པའི་འབོ་གཞོང་དུ་གཡས་ངོས་གྲོ་ཡོས་བྱུར་ཁེངས་དང་། གཡོན་ངོས་ཕྱེ་མར་བྱུར་ཁེངས་སུ་བླུགས་པའི་སྟེང་།ཤིང་གི་བང་རྗར་མར་ཚོན་གྱི་མཐུན་པ་སྤུན་བཞིའམ།མི་མཐུན་གཡུལ་རྒྱལ། ཚེ་རིང་རྣམ་དྲུག བཀྲ་ཤིས་རྗམ་གཟུགས་སོགས་དང་། བསྡུས་པར་མེ་ཏོག་དང་།ཉི་ཟླ་མེ་རིས་སོགས་ཀྱིས་བརྒྱན་པའི་དརྗས་སུ་བཙུགས་པའི་མཐའ་སྐོར་དུ་གྲོ་ཡོས་དང་། ཕྱེ་མར་གྱི་ཐོག་ཏུ་གྲོ་སྙེ་ཚོན་སྣ་དང་ལོ་གསར་མེ་ཏོག་བཙུགས་ཏེ་མཛེས་པར་བརྒྱན་པ་ད་བར་དུ་མ་ཉམས་པར་དར་ཡོད།
གྲོ་སོ་ཕྱེ་མར་ནི་བོད་ཁམས་སུ་ལོ་གསར་དང་རྟེན་འབྲེལ་གྱི་བཀྲ་ཤིས་དགའ་སྟོན་ནམ་ཡིན་ལ་མཁོ་ཞིང་།བོད་ཁམས་ཡོངས་སུ་རྒྱུན་འབམས་སུ་ཡོད་པ་ཞིག་ཡིན།ཕྱེ་མར་བཏེགས་འརྗལ་བྱེད་སྟངས་ནི།ལོ་གསར་ཡིན་ན་ཕུན་སུམ་ཚོགས། །ཨ་མ་བག་དྲོ་སྐུ་ཁམས་བཟང་།།གཏན་དུ་བདེ་བ་ཐོབ་པར་ཤོག།གོང་ནས་གོང་དུ་འཕེལ་བར་ཤོག་ཅེས་དང་། ལོ་གསར་མིན་པའི་རྟེན་འབྲེལ་མཛད་སྒོའི་སྐབས་འརྗལ་མི་དང་ལེན་མི་གཉིས་ཀས་བཀྲ་ཤིས་བདེ་ལེགས་ཟེར་བ་ལས་གཞན་ཟེར་
སྲོལ་མི་འདུག  གྲོ་སོ་ཕྱེ་མར་སྒྲིག་གཤོམ་བྱེད་སྐབས་འབོ་ཡ་གཅིག་ཏུ་འབྲུ་རིགས་ཀྱི་ནང་ནས་གཏན་འཁེལ་གྱིས་གྲོ་ཡོས་ཁོ་ནས་གང་བར་བ་དགོས།
གྲོ་སོ་ཕྱེ་མར་གྱི་མཚོན་དོན་ནི། བོད་རིགས་ཀྱི་ཞིང་པའི་ཐོན་འབབ་གཙོ་བོ་འབྲུ་རིགས་ཡིན་པ་དང་། བོད་མིའི་ཟས་རིགས་ཀྱི་གཙོ་བོ་རྩམ་པར་བརྟེན་ཞིང་།འབྲོག་པའི་ཐོན་སྐྱེད་ཀྱི་ཡོང་འབབ་གཙོ་བོ་དཀར་ཆུ་ཡིན་ཞིང་དེའི་སྙིང་པོ་མར་ཡིན་པས་རྩམ་པ་དང་མར་ནི་བོད་རིགས་སུ་ལའང་མེད་དུ་མི་རུང་བའི་ཟས་
རིགས་ཨང་དང་པོར་གནས་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས།གྲོ་ཡོས་དང་།སྙེ་མ།རྩམ་པ།མར་རྒྱན་བཅས་ཀྱིས་བོད་མིའི་ཟས་ཕུད་ཀྱི་ཚབ་བྱེད་ཐུབ་པ་
དང་།དེ་ལ་བརྟེན་ནས་བོད་མིའི་ལྷག་བསམ་དང་རྟེན་འབྲེལ་དད་གུས་ཀྱི་བསམ་བློ་བཅས་མཚོན་པ་ཡིན་ནོ། །
·གསར་འགྱུར་གོང་མ:ལོ་གསར་ཤིས་བརྗོད་སྟག་ཤར་ངར་སྒྲ།
·གསར་འགྱུར་འོག་མ:ལོ་སར་གྱི"དགུ་ཐུག"སྐོར་གླེང་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 8:31:50 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:30:27 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 17:05:52 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS