ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> རིག་ཐིཊ
གསར་འགྱུར་ཀློག་པ།

སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོབཞུགས།

[རྩོམ་པ་པོ:དབྱངས་ཅན་གྲུབ་པའི་རྡོ་རྗེ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2010/3/3 15:06:23  བཀླགས་ཐེངས:1551][ཡིག་གཟུགས:ཡིག་གཟུགས་མདོག]
ཐོན་མིའི་ལེགས་བཤད་སུམ་ཅུ་པའི་སྙིང་པོ་ལྗོན་པའི་དབང་པོ་བཞུགས་སོ།

ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། །
བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་པའི་དབྱངས་ལ་གུས་བཏུད་ནས།  །
ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ།  །
དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི།  །
གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ།  །
ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །
ད་ནི་ན་ར་ལ་གསུམ་དང་། །ས་ནི་ག་ང་བ་མར་འཐོབ། །
ག་ད་བ་མ་འ་སྔོན་འཇུག །གོ་ངོ་དོ་ནོ་བོ་མོ་འོ།  །
རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །
དྲག་ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །
སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ།  །
རྣམ་དབྱེ་གཉིས་བཞི་བདུན་པ་དང་། །དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །
ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །
འ་དང་མཐའ་མེད་ར་དང་རུ། །གི་ཀྱི་གྱི་འི་ཡི་ལྔ་པོ། །
རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །དེ་རྣམས་ས་མཐའ་ཅན་ལྔ་ནི། །
རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །
ད་བ་ས་ཀྱི་ག་ང་གི །འ་དང་མཐའ་མེད་འི་དང་ཡི། །
ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང་། །
ང་ན་མ་ར་ལ་མཐར་ཡང་། །འ་དང་མཐའ་མེད་འང་དང་ཡང་། །
ཏེ་དེ་སྟེ་གསུམ་ལྷག་བཅས་སྟེ། །ན་ར་ལ་ས་དྲག་མཐར་ཏེ། །
ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །
གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །
སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ར་རུ་འི་ཡི་འང་ཡང་རྣམས། །
རྐང་པ་མི་སྐོང་སྐོང་བའི་ཁྱད། །འོ་འུ་འམ་གྱི་གོང་དུ་ཚེག །
མེད་དང་ཡོད་པའང་དེ་བཞིན་ཡིན། །ནས་ལས་འབྱུང་ཁུངས་དགར་སྡུད་དེ། །
འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །རིགས་མཐུན་དགར་ནས་མི་མཐུན་ལས། །
སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཀྱེ་དང་ཀ་ཡེ་འབོད་སྒྲ་སྟེ། །
ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ནི་ནི་དགར་དང་བརྣན་པའི་སྒྲ། །
དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །
མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང་། །
རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །
ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །
སུ་ནི་གང་ཟག་གང་ཀུན་ལའོ། །ན་རོ་ཡོད་མེད་པ་བ་མ། །
བདག་པོའི་སྒྲ་དེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །
ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །
ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །
མ་ནི་ངེས་མེད་སྐབས་དང་སྦྱར། །མ་མི་མིན་མེད་དགག་སྒྲ་སྟེ། །
མ་མི་ཐོག་མ་མིན་མེད་འཇུག །མ་ནི་བར་གྱི་གསལ་བྱེད་ལའང་། །
ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །
ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ག་ད་བ་དང་ད་དྲག་མཐར། །
ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་བསལ་ཞེས་མ་གཏོགས། །
ཤིང་ཤིག་ཤེའོ་ཤེ་ན་འཐོབ། །འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །
མིང་གི་ཆ་དང་མ་ནོར་གཅེས། །རྐྱང་པ་འཕུལ་ལ་འ་མཐའ་དགོས། །
གུག་ཀྱེད་བརྩེགས་འདོཊ་ཅན་ལ་སྤང་། །ལྷུག་པའི་དོན་མང་མིང་མཚམས་དང་། །
དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །
རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །
དོན་ཚན་ཆེན་མོ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་དགོས། །
ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །
ཚིག་གི་ལོ་མས་མ་བསྒྲིབས་ཤིང་། །དོན་གྱི་འབྲས་བུ་གཡུར་ཟ་བའི། །
ལེགས་བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ། ། ། །

·གསར་འགྱུར་གོང་མ:གླུ་བ་བསོད་ནམས་བཀྲ་ཤིས་ཀྱི་གཞས་གསར་པར་དགའ་བསུ་ཐོབ་པ།
·གསར་འགྱུར་འོག་མ:བོད་ལྗོངས་ཀྱིས་གཟུགས་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱས་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆབ་སྤེལ་གྱི་དགག་ཡིག ༼བརྡ་སྤྲོད་སྐོར། 2015/10/25 11:01:07
·མཁས་དབང་དམུ་དགེ་བསམ་གཏན་གྱི་དཔེ་ཁྲིད་༼བརྡ་སྤྲོད་བློ་གསལ་འཇུག་ངོགས 2014/12/1 15:44:01
·རྟགས་འཇུག་གི་སྙིང་པོ་དཀའ་གནད་གསལ་བའི་མེ་ལོང་། ། 2010/3/12 19:47:04
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 17:27:59 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 22:17:56 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 9:26:00 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS