ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

བྱིས་པའི་དུས་ཆེན་དང་འབྲེལ་བའི་སྐད་ཆ་འགའ།

[རྩོམ་པ་པོ:འབྲོག་མི།  ཡོང་ཁུངས:ན་གཞོན་གསར་པ།  དུས་ཚོད:2010/5/31 9:52:47  བཀླགས་ཐེངས:1049][ཡིག་གཟུགས:ཡིག་གཟུགས་མདོག]

བྱིས་པའི་དུས་ཆེན་དང་འབྲེལ་བའི་སྐད་ཆ་འགའ།

འབྲོག་མི།

ཐོག་མར་བྱིས་པ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུ་བ་དང་ཆབས་གཅིག་ཁོ་ཚོའི་སློབ་སྦྱོང་དང་འཚོ་བ། ནར་སོན་པའི་ལོ་ཟླ་བཅས་དགའ་དགའ་སྤྲོ་ཡོང་བའི་སྨོན་འདུན་ཞུ།།

དེ་ཡང་སྤྱི་ལོ་༡༩༤༩ལོའི་ཟླ༡༡པར་རྒྱལ་སྤྱིའི་དམངས་གཙོ་བུད་མེད་མཉམ་འབྲེལ་ཚོགས་འདུ་ཞིག་མེག་སི་ཁོ་ནས་འཚོགས་པ་དང་།ཚོགས་ཐོག་ནས་ལོ་རེའི་ཟླ་༦པའི་ཚེས་༡དེ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ལ་གཏན་འཁེལ་བྱུང་།༡༩༩༠ལོར་མཉམ་འབྲེལ་རྒྱལ་ཚོགས་༼བྱིས་པའི་ཁེ་དབང་སྤྱི་ཆིངས༽ཞེས་པར་གྲོས་འཆམ་བྱུང་།ཀྲུང་གོ་རྒྱལ་ཁབ་ནས་ཀྱང་ གོང་དང་དུས་མཉམ་གྱིས་བྱིས་པའི་དུས་ཆེན་གཏན་འཁེལ་དང་།༼བྱིས་པའི་ཁེ་དབང་སྤྱི་ཆིངས༽ནང་ཞུགས་པ་མ་ཟད།༼ནར་མ་སོན་པའི་མི་སྲུང་སྐྱོབ་བཅའ་ཁྲིམས༽ཀྱང་གཏན་ལ་ཕབ་འདུག་གོ།
བྱིས་པ་ཚོར་རང་ལ་དབང་བའི་དུས་ཆེན་ཞིག་ཡོད་པར་གྱུར་བ་དང་།ཁོ་ཚོའི་ཁེ་དབང་ལ་ཁྲིམས་ལུགས་ཀྱི་ཐོག་ནས་སྲུང་སྐྱོབ་ཐོབ་པ་ནས་བཟུང་།འཛམ་པོའི་གླིང་འདིར་ བྱིས་པའི་དོན་དུ་ཚུལ་མཐུན་གྱིས་བྱ་བ་སྒྲུབ་པའི་སྣ་སྒོ་ཇེ་ཚང་དུ་སོང་ནས་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་གི་བྱིས་པ་ཚོར་ནར་སོན་པའི་ཁོར་ཡུག་ལེགས་པོ་ཞིག་ཆགས་དང་ ཆགས་བཞིན་ཡོད་པ་རེད།ཡིན་ན་ཡང་།ད་དུང་ཡང་བྱིས་པར་འཐོབ་འོས་པའི་ཁེ་དབང་མ་ཐོབ་པ་དང་།བྱིས་པའི་ཐད་འཁུར་འོས་པའི་འགན་དེ་མ་ཁུར་བར་བརྟེན།འཛམ་པོའི་གླིང་འདིར་བྱིས་པ་མང་པོ་ཞིག་མུ་གེས་འཆི་བ་དང་།  ནད་ཀྱིས་མནར་བ།བདག་མེད་དུ་འཁྱར་བ། རྨོངས་འཐོམས་སུ་གྱུར་བ་སོགས་ཡོད་པས་འདིར་དེ་དག་ལ་གདུང་སེམས་མཉམ་སྐྱེ་བྱེད་རྒྱུ་ལགས།
བྱིས་པ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་མ་འོངས་པ་ཡིན་ཚུལ་བཤད།དེས་ན་ བྱིས་པ་རྣམས་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་ཁོ་ཚོར་འཐོབ་འོས་པའི་ཁེ་དབང་ལ་སྲུང་སྐྱོབ་གང་ལེགས་ཡོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་རེད།སྤྱི་ ཚོགས་ཀྱི་ངོས་དང་།ཁྱིམ་ཚང་གི་ངོས།ཕ་མའི་ངོས་དང་མི་སྒེར་གྱི་ངོས་ནས་ཀྱང་འདི་ལ་ འགན་ཁུར་དགོས་པ་རེད།
རང་རེ་བོད་ཀྱི་བྱིས་པའི་ངོས་ནས་གླེང་ན་བྱིས་པར་འཐོབ་འོས་པའི་ཁེ་དབང་ ཞིག་སྟེ་སློབ་གསོ་འཐོབ་པའི་ཁེ་དབང་ད་དུང་ཡང་བྱིས་པ་མང་པོ་ཞིག་ལ་ཐོབ་ཐུབ་མེད་ པ་དང་།བྱིས་པ་མང་པོ་ཞིག་ད་དུང་ཡང་ཕ་མ་དང་མཉམ་དུ་ཁྱིམ་ཚང་གི་ལས་ཀར་ཞུགས་ནས་ཁོ་ཚོའི་ལང་ཚོ་དང་རྣམ་རིག་རྩིས་མེད་དུ་བཏང་ཡོད་པ་རེད།འདི་ནི་ཆེས་ཡིད་སྐྱོ་ དགོས་པའི་གནས་ཚུལ་ཞིག་རེད།ལྷག་པར་དུ་འབྲོག་ཕྱོགས་ཀྱི་ཕ་མ་མང་པོ་ཞིག་གིས་བྱིས་པ་སློབ་གྲྭར་བསྐྱལ་བ་ལ་དགོས་མཁོ་མེད་པར་འདོད་པ་དང་།ནར་སོན་རྗེས་སྔར་བཞིན་ཁོ་ཚོ་ནང་བཞིན་ཕྱུགས་རིགས་འཚོ་སྐྱོང་བྱེད་པའི་ལས་ལ་ཞུགས་དགོས་པས།རིག་གནས་ཀྱི་ སྤྱོད་སྒོ་མེད་པར་འདོད་ཡོད།འདི་ནི་ནོར་འཁྲུལ་གྱི་བསམ་བློ་ཞིག་སྟེ།རིག་གནས་ཚན་རྩལ་བླ་ལྷག་ཏུ་དར་བའི་དེང་གི་དུས་འདིར་མི་སུ་ཡིན་རུང་རིག་གནས་ནི་མེད་དུ་མི་རུང་བའི་འཚོ་བའི་ལག་ཆ་ཞིག་སྟེ།འདི་ལ་ཕྱུགས་རྫི་དང་།རྨོ་འདེབས་པ།ལས་ཀ་བ་སོགས་ཀྱི་དམའ་འབེབས་མེད་པར་སྦྱོང་དགོས་ཡོད་ལ།རང་རང་གི་ལས་ཀའི་ཐོག་ནས་རིག་གནས་བེད་སྤྱོད་དགོས་པ་ཡིན།དཔེ་ཞིག་བཀོད་ན།རིག་གནས་མེད་པའི་ཕྱུགས་རྫི་དང་རིག་གནས་ཡོད་པའི་ཕྱུགས་རྫི་གཉིས་ཀྱི་བསམ་སྤྱོད་མི་འདྲ་ལ།བྱ་བ་བྱེད་སྟངས་ཀྱང་མི་འདྲ།ཐོབ་པའི་འབྲས་བུའང་མི་འདྲའོ།།རིག་གནས་མེད་པའི་མི་དེ་ད་བཟོད་དེང་གི་སྤྱི་ཚོགས་དང་རྦད་དེ་ཁ་གྱེས་པ་ཞིག་གོ།
དེ་བཞིན་དུ་སློབ་གསོ་འཐོབ་བཞིན་པའི་བྱིས་པ་མང་པོ་ཞིག་ལ་རང་མི་རིགས་ཀྱི་ སྐད་ཡིག་གི་སློབ་གསོ་ལེགས་པོ་ཞིག་འཐོབ་ཀྱིན་མེད་པ་འདིའང་འགན་བཟུར་ཞིག་ཡིན་ པ་དང་།གྲོང་དང་གྲོང་ཁྱེར་ན་ལས་བྱེད་པ་ཡིན་པའི་ཕ་མ་མང་པོ་ཞིག་གིས་བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་སྒོ་ནས་བྱིས་པ་ལ་རང་གི་སྐད་ཡིག་གི་སློབ་གསོ་འཐོབ་ཏུ་ བཅུག་མེད།དེས་བྱིས་པ་གང་དེ་ནར་སོན་རྗེས་རང་མི་རིགས་ཀྱི་བསམ་སྤྱོད་ཡལ་བར་དོར་བའི་མི་ཞིག་ཏུ་གྱུར་བའི་སྐྱོ་གར་བསྐྲུན་པ་རེད།
མི་རབས་འདི་མི་རབས་སྔོན་མ་ལྟ་བུ་མིན་པ་དང་།མི་རབས་གཞུག་མ་མི་རབས་འདི་ལྟ་བུ་མིན་པ་ཡོང་ཆེད།ང་ཚོས་ད་རག་བར་རང་རེའི་སློབ་གསོའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གཅེས་སྤྲས་གང་ལེགས་བྱེད་པ་དང་།ཉམས་མྱོང་ལ་སྤྱི་བསྡོམས་བྱེད་པ།གནད་ དོན་ལ་དབྱེ་ཞིབ་དང་ཐག་གཅོད་ཡོང་ཐབས་བྱེད་དགོས།ལྷག་པར་དུ་སློབ་གསོའི་ལས་ལ་མཁྱེན་རྒྱ་ཡངས་བའི་མཁས་པ་རྣམས་དང་སློབ་གསོའི་ལས་གནས་དང་པོ་ན་ཡོད་པའི་དགེ་རྒན་རྣམས་ནས་སློབ་གསོ་སློབ་ཁྲིད་ཀྱི་བྱ་བའི་ཆོས་ཉིད་ལ་ཞིབ་འཇུག་གང་ལེགས་བྱས་ ནས།མི་རིགས་རང་གི་བྱིས་པའི་སེམས་ཁམས་དང་ནར་སོན་པའི་ཆོས་ཉིད་ལ་འཚམས་པའི་སློབ་གསོ་བྱེད་ཐབས་ཤིག་འཚོལ་སྔོག་བྱས་ནས་མཐར་མི་རིགས་སློབ་གསོའི་ལས་དོན་འདི་ལེགས་ལམ་དུ་བཀྲི་བའི་རེ་སྐུལ་ཡང་ཡང་ཞུའོ།།
རྒྱ་ཆེའི་ཆོས་དད་མང་ཚོགས་ཁྲོད་དུ་ཤུགས་རྐྱེན་ཟབ་པའི་བླ་གྲྭ་རྣམས་དང་། མི་ཆེན་དཔོན་པོ།རིག་གནས་ཀྱི་ལས་བྱེད་མཁན་དང་།སློབ་མ་བཅས་ནས་ཀྱང་ཅི་ཐུབ་ཀྱིས་རང་གི་ཉེ་འཁོར་གྱི་མི་ལ་གོ་བསྐོན་སློབ་གསོ་བྱས་ཏེ། བྱིས་པའི་ཁེ་དབང་ལ་སྲུང་སྐྱོབ་དང་། བྱིས་པའི་སློབ་གསོར་མཐོང་ཆེན་བྱེད་རྒྱུའི་རེ་བ་སྙིང་ནས་ཞུའོ།།
མཐར་བོད་ཀྱི་བྱིས་པ་ཡོངས་ནས་རང་ལ་དབང་བའི་བྱིས་པའི་དུས་ཆེན་རོལ་ཐུབ་པ་དང་།ཁྱིམ་ཚང་དང་སློབ་གྲྭ།སྤྱི་ཚོགས་བཅས་ཀྱི་སློབ་གསོ་ལེགས་པར་ཐོབ་ནས་ཤེས་ འཇོན་གཉིས་ལྡན་གྱི་མི་ཞིག་ཆགས་ཐུབ་པའི་སྨོན་འདུན་ཞུའོ།།

·གསར་འགྱུར་གོང་མ:བོད་ཀྱི་ཆེད་ལས་དྲ་བླུག་སྤོ་ལོའི་ལུས་རྩལ་བ་ཨོ་རྒྱན་ཚེ་རིང་།
·གསར་འགྱུར་འོག་མ:སྤུན་ཟླ་འདས་པོ་ཚོར་ཞེ་དགུ་བསྲུང་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ། 2010/11/20 21:04:31
·ཕ་མར་དྲིན་ལན་འཇལ་བའི་དུས་ཆེན། 2010/10/28 22:12:09
·བོད་ཀྱི་དུས་ཆེན་ཕྱོགས་བསྒྲིགས། 2010/1/13 18:52:47
·བོད་ཀྱི་བུད་མེད་དུས་ཆེན། 2009/12/2 10:48:31
·བོད་ཟླ་༩་ཚེས་ཉེར་གཉིས་ཉིན་ནི་དྲིན་ཆེན་ཕ་མར་དྲིན་ལན་འཇལ་བའི་དུས་ཆེན་ཡིན། 2009/10/27 11:10:15
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 1:30:11 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:00:22 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:48:57 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 61 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS