ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

2012 ལོའི་རང་གྲོལ་ཞིབ་འཇུག་གི་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

[རྩོམ་པ་པོ:རྡོ་འབུམ།  ཡོང་ཁུངས:རྡོ་འབུམ་དྲ་བ།  དུས་ཚོད:2010/6/17 23:53:17  བཀླགས་ཐེངས:1150][ཡིག་གཟུགས:ཡིག་གཟུགས་མདོག]

2012 ལོའི་རང་གྲོལ་ཞིབ་འཇུག་གི་དཔྱད་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

ཟླ་འདིའི་ཚེས་16 ཉིན་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་རྒྱབ་སྐྱོར་འོག་དཔལ་དོན་གྲུབ་རྒྱལ་གྱི་ནུ་བོ་དགུ་རོང་སྤུན་གྲོལ་གྱིས་གཙོ་སྐྱོང་བྱས་པའི〝2012 ལོའི་རང་གྲོལ་ཞིབ་འཇུག་གི་དཔྱད་གླེང་ཚོགས་འདུ〞གནའ་མཁར་ཟི་ལིང་གི་སློབ་བསྡུ་མགྲོན་ཁང(招考宾馆 )དུ་བསྡུས་ཤིང་། ཆེད་ཞུས་དཔྱད་གླེང་བ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི༼སྦྲང་ཆར༽གཙོ་སྒྲིག་པ་གཉའ་བློ་གྲོས་རྒྱལ་མཚན་དང་།  མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སངས་རྒྱས། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་སྐུ་ཚབ་རྡོ་སྦིས་བཤད་སྒྲུབ་རྒྱ་མཚོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་རྨོག་རུ་དོན་གྲུབ་ཚེ་རིང་།  མཚོ་སྔོན་སྤྱི་ཚོགས་ཚན་རིག་གླིང་གི་ཚེ་མཁར་རྒྱལ། མཚོ་སྔོན་བོད་ཡིག་ཚགས་པར་ཁང་གི་ཁྲི་སེམས་དཔའ། གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་གཙོ་དོ་རྒྱ་བསོད་ནམས་ཚེ་རིང་།  བརྩམས་སྒྲུང་བ་གྲགས་ཅན་ཚེ་རིང་དོན་གྲུབ།  གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་མཐོ་རིམ་དགེ་རྒན་དོ་སྨྱོན་ཚེ་རིང་བཀྲ་ཤིས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་གུར་མགོན་སྐྱབས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་མེ་ལྕེ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་དོ་རྒྱ་བསོད་ནམས་རྡོ་རྗེ། ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་སྒྲེན་པོ།  དངོས་གཞིའི་སློབ་མ་ཞོགས་ལྗང་། འཇམ་དཔལ་རྡོ་རྗེ།  དཀོན་བཀྲ་བཅས་ཀྱིས་རང་གྲོལ་གྱི་མི་ཚེ་དང་། རང་གྲོལ་གྱི་བསམ་བློ།  རང་གྲོལ་གྱི་རྩོམ་རིག་བཅས་ཀྱི་ཐད་ལ་དཔྱད་གླེང་ལྷུག་པོར་གནང་སྟེ་ཚོགས་རའི་ནང་དུ་རྩོད་གླེང་གི་འཚུབ་ཆས་ཁེངས་ཤིང་།  ཟུར་ཞུགས་པ་བོད་ཀྱི་སློབ་ཆེན་ཁག་གི་སློབ་མ་སྐོར་ཞིག་ཀྱང་དེ་གར་འཛོམས་ཏེ་ད་རབས་ཀྱི་དཔྱད་གླེང་ཚོགས་འདུ་དེ་ནི་སྔོན་དང་མི་འདྲ་བར་དོན་དངོས་ཀྱི་དཔྱད་གླེང་ཚོགས་འདུ་ཞིག་གི་སྟེང་ཞུགས་ཡོད་པའི་ཚོར་བ་བྱུང་ཡོད།

བྱེ་བྲག་ཏུ་ཚོགས་འདུའི་སྟེང་དུ་གཉའ་བློ་གྲོས་རྒྱལ་མཚན་ལགས་ཀྱིས་རང་གྲོལ་ཞིབ་འཇུག་གི་དོན་སྙིང་སྐོར་གླེང་བ་དང་།    རྨོག་རུ་དོན་གྲུབ་ཚེ་རིང་གིས་དོན་གྲུབ་རྒྱལ་ནི་བོད་ཀྱི་ལོ་རྒྱུས་སྨྲ་བ་དང་། རྩོམ་རིག་པ། ལོ་ཙྭ་བའི་མཚན་སྙན་ཡོད་པའི་མཁས་པ་ཞིག་ཡིན་པ་དང་།  བྱེ་བྲག་ཏུ་རྩོམ་རིག་པ་ཞིག་ཡིན་པའི་ངོས་ཐད་ནས་གདེང་འཇོག་ཚད་མཐོན་པོ་གནང་། དོ་རྒྱ་བསོད་ནམས་ཚེ་རིང་གིས་རང་གྲོལ་ཞིབ་འཇུག་དེ་རང་གྲོལ་གྱི་མི་ཚེ་དང་གསར་གཏོད།  བརྩམས་ཆོས། རང་གྲོལ་སྣང་ཚུལ་བཅས་ཀྱི་ཕྱོགས་གསུམ་ནས་ཞིབ་འཇུག་གནང་དགོས་པའི་བསམ་ཚུལ་བཏོན།  མེ་ལྩེས་དོན་གྲུབ་རྒྱལ་དེ་ཕྱོགས་དང་གྲུ་མི་འདྲ་བའི་ངོས་ནས་བློ་འབྱེད་བསམ་བློ་བ་ཞིག་ཡིན་པར་བརྗོད།  དོ་སྨྱོན་ཚེ་རིང་བཀྲ་ཤིས་ཀྱིས་དོན་གྲུབ་རྒྱལ་གྱི་རིག་གནས་སྙིང་སྟོབས་དང་། སྐད་ཆའི་ཐབས་རྩལ་ཐད་ནས་སློབ་འབྲིང་སློབ་མར་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་།  ཁྲི་སེམས་དཔའ་ཡིས་བོད་ཀྱི་ཚགས་དེབ་སོགས་སུ་བཀོད་པའི་དོན་གྲུབ་རྒྱལ་དང་འབྲེལ་བའི་རྩོམ་རིག་བརྩམས་ཆོས་རྣམས་རང་གྲོལ་ཞིབ་འཇུག་གི་དེབ་ཕྲེང་གི་ནང་འགོད་པའི་རེ་བ་བཏོན།  གུར་མགོན་སྐྱབས་ཀྱིས་རང་གྲོལ་ཞིབ་འཇུག་དེ་བོད་ཡིག་ཏུ་བྲིས་པའི་བརྩམས་ཆོས་ཁོ་ནའི་སྟེང་མི་འདུག་པར་ཁོང་གིས་བྲིས་པའི་རྒྱ་ཡིག་གི་རྩོམ་དང་།  ཁོང་དང་འབྲེལ་བའི་གཏམ་གླེང་སོགས་ཀྱང་དེབ་ཕྲེང་ནང་འདུ་དགོས་པ་དང་།  སེམས་ཁམས་རིག་པ་དང་།  སློབ་གསོ་རིག་པའི་ངོས་ནས་ཁོང་ལ་ཞིབ་འཇུག་བྱ་ཐུབ་ན་སྙམ་པའི་ལྟ་ཚུལ་བཏོན།  གཞན་ཞོགས་ལྗང་གིས་རང་གི་མཐར་ཕྱིན་དཔྱད་རྩོམ་དུ་བྲིས་པའི་རང་གྲོལ་སྙིང་སྟོབས་སྐོར་ནས་ལྟ་ཚུལ་ལྷུག་པོར་བརྗོད་པ་དང་། སྒྲེན་པོ་དང་།  འཇམ་དཔལ་རྡོ་རྗེ་སོགས་ཀྱིས་ཀློག་པ་པོ་ཞིག་གི་ངོས་ཐད་ནས་རང་གྲོལ་ཞིབ་འཇུག་གི་སྐོར་ལ་རང་གི་ལྟ་ཚུལ་བརྗོད།
དཔྱད་གླེང་ཚོགས་འདུ་དུས་ཚོད་བཞིའི་ཡུན་ལ་འཚོགས་ཤིང་ཚོགས་མི་ལྔ་བཅུ་ལ་ཉེ་བས་འཁྲུག་ཆ་དོད་པའི་བགྲོ་གླེང་བྱས་པ་དང་།  མཇུག་མཐར་དོ་རྒྱ་བསོད་ནམས་རྡོ་རྗེས་ནང་སོག་མཁར་སྔོན་པོའི་གྲོང་ཁྱེར་དུ་ཡོད་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་གླིང་སྟེ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་ཞིབ་འཇུག་ཚོགས་པར་དཔལ་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་དང་སྐུ་འདྲ་ངོ་སྤྲོད་དང་བཅས་ཏེ་ཉར་ཚགས་བྱེད་ཆེད་དེ་གར་ཡར་འབུལ་བྱ་རྒྱུའི་ལས་འགན་འཁུར་ཏེ་དེ་དང་འབྲེལ་བའི་གཏམ་གླེང་བ་དང་དགུ་རོང་སྤུན་གྲོལ་གྱིས་དཔྱད་གླེང་ཚོགས་འདུ་མཇུག་བསྡུ་བའི་གཏམ་བཤད་དེ་ཚོགས་འདུ་བདེ་བླག་ངང་མཇུག་བསྒྲིལ་བར་བྱས།

·གསར་འགྱུར་གོང་མ:ཚང་མས་ངེས་པར་བལྟ་དགོས་པའི་དཔེ་དེབ་ཅིག
·གསར་འགྱུར་འོག་མ:སྦྲང་ཆར་དང་གངས་རྒྱན་མེ་ཏོག་གིས་ཡུལ་ཤུལ་ལ་ཕུལ་བའི་ལེཊ་སྐྱེས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆོས་དབྱངས་སྐྱིད་ཀྱིས་རྒྱལ་ཁ་འཛུམ་གྱིས་བསུས། 2012/8/12 10:38:16
·༼གནའ་བོའི་བོན་གྱི་རིག་མཛོད་པར་སྐྲུན་བྱས་པ 2012/3/19 21:09:14
·ཐའེ་ཝན་དུ་ནང་བསྟན་བགྲོ་གླེང་ཚོགས་འདུ་ལེགས་གྲུབ་བྱུང་བ། 2012/3/19 11:14:03
·གསར་འགྱུར 1+1གྲངས་ཉུང་མི་རིཊ་ཀྱི་སྐད་ཡིག་རྒྱུད་འཛིན་སྐོར། 2011/10/20 10:52:46
·གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་ 2011/7/20 15:09:55
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:30:30 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:30:07 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:03:47 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 51 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS