ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

འཛམ་གླིང་རྐང་རྩེད་སྤོ་ལོའི་གནས་ཚུལ་འདི་ན་ཡོད།

[རྩོམ་པ་པོ:ཟླ་བ་མིག་མཛེས།  ཡོང་ཁུངས:གངས་ལྗོངས་གླེང་སྟེགས།  དུས་ཚོད:2010/6/30 17:19:44  བཀླགས་ཐེངས:933][ཡིག་གཟུགས:ཡིག་གཟུགས་མདོག]

འཛམ་གླིང་རྐང་རྩེད་སྤོ་ལོའི་རྩལ་འགྲན་གནས་ཚུལ།

ཟླ་བ་མིག་མཛེས།

ཟླ་འདིའི་ཚེས་༡༡ ཉིན་ནས་བཟུང་ད་བར་ཉིན་གྲངས་༢༨ རིང་ལྷོ་ཨ་ཕྷི་རི་ཁའི་རྒྱལ་ཁབ་ཀྱི་ནང་དུ། འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་སྡུར་བྱས་དང་བྱེད་བཞིན་པ་དང། འགྲན་སྡུར་དུ་ཞུགས་མཁན་རྒྱལ་ཁབ་༣༢ ཡོད་དེ་དག་གི་དབར་འགྲན་ཐེངས་༤༨ བྱས་ནས། ཚེས་༢༦ ནས་བཟུང་ཡག་ཤོས་རྒྱལ་ཁབ་༡༦ བར་དུ་འགྲན་སྡུར་བྱེད་པའི་འགོ་བཙུགས་པ་དང། ལྷག་མ་རྒྱལ་ཁབ་༡༦ རྣམས་འགྲན་སྡུར་གྱི་རྒྱལ་ཁ་མ་ཐོབ་པར་བརྟེན། ཡག་ཤོས་༡༦ ཀྱི་གྲས་སུ་ཚུད་མེད་པ་རེད།
ཚེས་༢༦ ཉིན་ཡག་ཤོས་རྒྱལ་ཁབ་༡༦ གི་ནང་ནས་ཡག་ཤོས་རྒྱལ་ཁབ་༨ འདེམས་དགོས་པས། དེའི་ཉིན་ཡུ་རུ་གྷུའེ་དང། ལྷོ་ཀོ་རི་ཡའི་དབར་རྩེད་འགྲན་བྱས་ནས་ཡུ་རུ་གྷུའེ་ལ་རྒྱལ་ཁ་ཐོབ་པ་རེད། དེ་རྗེས་ཨ་རི་དང་གྷ་ན་གཉིས་དབར་རྩེད་འགྲན་བྱས་ནས་གྷ་ན་ལ་རྒྱལ་ཁ་ཐོབ། ཚེས་༢༧ ཉིན་འཇར་མན་དང་དབྱིན་ཇི་གཉིས་དབར་རྩེད་འགྲན་བྱས་ནས་འཇར་མན་ལ་རྒྱལ་ཁ་ཐོབ། དེ་རྗེས་ཨར་རྗན་ཊི་ན་དང། མེག་སི་ཁོ་གཉིས་དབར་རྩེད་འགྲན་བྱས་ནས་ཨར་རྗན་ཊི་ན་ལ་རྒྱལ་ཁ་ཐོབ་པ་རེད།
ཚེས་༢༨ ཉིན་ནེ་དྷར་ལན་ཌི་དང་སི་ལོ་ཝ་ཀི་ཡ་དབར་རྩེད་འགྲན་ནས་ནེ་དྷར་ལན་ཌི་ལ་རྒྱལ་ཁ་ཐོབ། དེ་རྗེས་བྷི་ར་རྫིལ་དང་ཆི་ལི་གཉིས་དབར་རྩེད་འགྲན་བྱས་ནས་བྷི་ར་རྫིལ་ལ་རྒྱལ་ཁ་ཐོབ། ཚེས་༢༩ ཉིན་ཕཱ་ར་གྷུའེ་དང་ཉི་ཧོང་དབར་རྩེད་འགྲན་བྱས་ནས་ཕཱ་ར་གྷུའེ་ལ་རྒྱལ་ཁ་ཐོབ། དེ་རྗེས་སི་པན་དང་ཕོར་ཆུ་གྷལ་དབར་རྩེད་འགྲན་བྱས་ནས་སི་པན་ལ་རྒྱལ་ཁ་ཐོབ་ཡོད་པ་རེད། ཕྱི་ཚེས་༢༦ ནས་འགོ་བཙུགས་ཏེ་ཚེས་༢༩ བར་འགྲན་བསྡུར་བྱས་པ་བརྒྱུད། ཡག་ཤོས་རྒྱལ་ཁབ་༡༦ ནང་ནས་རྒྱལ་ཁབ་༨ ཤོར་བ་དང། གཞན་༨ ལ་རྒྱལ་ཁ་ཐོབ་ཡོད་པ་རེད།
དེ་ནས་ཕྱི་ཟླ་༧ པའི་ཚེས་༢ དང་༣ ལ་ཁོ་ཊེར་ཕྷའེ་ནལ་(Quarter Finals) ཞེས་མཐའ་མའི་འགྲན་སྡུར་ཐེངས་དང་པོ་དེ་བྱེད་རྒྱུ་ཡིན་པ་དང། མཐའ་མའི་འགྲན་སྡུར་ཐེངས་དང་པོའི་ནང་དུ་རྒྱལ་ཁབ་༡༦ ནང་ནས་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་༨ པོ་དེ་རྣམས་ཀྱི་དབར་འགྲན་རྒྱུ་ཡིན་པ་རེད། རྒྱལ་ཁབ་༨ ཀྱི་གྲས་སུ་ཚུད་པ་རྣམས་ནི། ༡ ནེ་དྷར་ལན་ཌི། ༢ བྷི་ར་རྫིལ། ༣ ཡུ་རུ་གྷུའེ་དང། ༤ གྷ་ན། ༥ འཇར་མན། ༦ ཨར་རྗན་ཊི་ན། ༧ ཕཱ་ར་གྷུའེ། ༨ སི་པན་བཅས་ཡིན་པ་རེད།
ཚེས་༢ ཉིན་དང་པོ་ནེ་དྷར་ལན་ཌི་དང་བྷི་ར་རྫིལ་དབར་འགྲན་རྒྱུ་དང། དེ་རྗེས་ཡུ་རུ་གྷུའེ་དང་གྷ་ན་དབར་འགྲན་རྒྱུ། ཚེས་༣ ཉིན་དང་པོ་ཨར་རྗན་ཊི་ན་དང་འཇར་མན་དབར་འགྲན་རྒྱུ་དང། དེ་རྗེས་ཕཱ་ར་གྷུའེ་དང་སི་པན་དབར་འགྲན་རྒྱུ་ཡིན་པ་རེད།
ཕྱི་ཟླ་༧ པའི་ཚེས་༦ དང་༧ ལ་སི་མི་ཕྷའེ་ནལ་(Semi-Finals) ཞེས་མཐའ་མའི་འགྲན་སྡུར་ཐེངས་གཉིས་པ་དེ་བྱེད་རྒྱུ་རེད། དེའི་ནང་གོང་དུ་འགྲན་སྡུར་བྱས་པའི་རྒྱལ་ཁབ་༨ ཀྱི་ནང་ནས་རྒྱལ་ཁ་ཐོབ་པའི་རྒྱལ་ཁབ་༤ དབར་འགྲན་རྒྱུ་ཡིན་པ་དང། དེའི་ནང་ནས་རྒྱལ་ཁ་ཐོབ་མཁན་གྱི་རྒྱལ་ཁབ་གཉིས་པོ་དེ་ཕྱི་ཟླ་༧ པའི་ཚེས་༡༡ ཉིན་ཕྷའེ་ནལ་(Final) ཞེས་ཆེས་མཐའ་མའི་འགྲན་སྡུར་རམ། མཐའ་མའི་འགྲན་སྡུར་ཐེངས་གསུམ་པའི་ནང་དུ་འགྲོ་དགོས་ཀྱི་ཡོད་ལ། དེ་གཉིས་ཀྱི་ནང་ནས་སུ་ལ་རྒྱལ་ཁ་ཐོབ་པ་དེར་ཕྱི་ལོ་༢༠༡༠ ལོའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཐེངས་༡༩ པའི་ནང་གི་ཨང་དང་པོ་ཆགས་ཀྱི་ཡོད་པ་དང། དེའི་ཁ་གཏད་ཤོར་མཁན་དེར་ཨང་གཉིས་པའི་རྒྱལ་ཁ་འཐོབ་ཀྱི་ཡོད་པ་རེད།།

·གསར་འགྱུར་གོང་མ:ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་སྙན་ངག་གྱེར་འདོན་འགྲན་ཚོགས།
·གསར་འགྱུར་འོག་མ:མི་གཤིས་འཕེལ་ཚུལ་གྱི་དུས་རིམ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆོས་དབྱངས་སྐྱིད་ཀྱིས་རྒྱལ་ཁ་འཛུམ་གྱིས་བསུས། 2012/8/12 10:38:16
·༼གནའ་བོའི་བོན་གྱི་རིག་མཛོད་པར་སྐྲུན་བྱས་པ 2012/3/19 21:09:14
·ཐའེ་ཝན་དུ་ནང་བསྟན་བགྲོ་གླེང་ཚོགས་འདུ་ལེགས་གྲུབ་བྱུང་བ། 2012/3/19 11:14:03
·གསར་འགྱུར 1+1གྲངས་ཉུང་མི་རིཊ་ཀྱི་སྐད་ཡིག་རྒྱུད་འཛིན་སྐོར། 2011/10/20 10:52:46
·གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་ 2011/7/20 15:09:55
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 11:56:22 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:34:40 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 23:34:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 49 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS