ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
གསར་འགྱུར་ཀློག་པ།

སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་བཞུགས།

[རྩོམ་པ་པོ:འཇུ་མི་ཕམ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2010/7/6 8:37:51  བཀླགས་ཐེངས:2012][ཡིག་གཟུགས:ཡིག་གཟུགས་མདོག]
སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་
བྱིན་རླབས་སྤྲིན་ཆེན་
བཞུགས་སོ།

འཇུ་མི་ཕམ།

ཨོྃ་ཨཱཿཧཱུྃ་ཧྲཱི༔ །  ། བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ། །བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས་སྐུ།  །
མ་ཆགས་བདེ་ལྡན་པད་མའི་རང་བཞིན་ལས།  །རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། །
ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས།  །འཇིག་རྟེན་དབང་ཕྱུག་ཐུགས་རྗེས་རྗེས་ཆགས་གཟུགས། །
པད་མ་རྒྱལ་པོས་འཁོར་འདས་མངའ་དབང་བསྒྱུར།  །སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ ། །
གསང་བ་ཡེ་ཤེས་བཛྲ་ཝ་ར་ཧི།  །བདེ་མཆོག་འདོད་པའི་རྒྱལ་པོ་བདེ་ཆེན་གཏེར། །
མ་ལུས་སྐྱེ་རྒུའི་ཡིད་འཕྲོག་རིག་བྱེད་མ།  །མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར། །
དབང་མཛད་རྡོ་རྗེ་དཔའ་བོ་ཌཱ་ཀིའི་ཚོགས།  །སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ། །
རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ།  ། འགག་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས། །
འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ།  །སྲིད་ཞིའི་དྭངས་བཅུད་གཡོ་ཞིང་སྡུད་པར་བྱེད། །
རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི།  །རྣམ་གཉིས་དངོས་གྲུབ་འདོད་རྒུའི་མཆོག་སྩོལ་ཞིང༌། །
རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས།  །སྣང་སྲིད་བདེ་བ་ཆེན་པོར་སྡོམ་བྱེད་པ།།
མཐའ་ཡས་སྒྱུ་འཕྲུལ་དྲ་བའི་རོལ་གར་ཅན།  །ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི། །
རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ།  །གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །
མཆོག་མཐུན་དངོས་གྲུབ་འདོད་རྒུའི་དཔལ་མཐའ་དག  །ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ།  །  ཅེས་པའང་རབ་ཚེས་ས་ཡོས་ལོར་ཟླ་༧པའི་ཚེས་༡ ལ་དྷཱི་མིང་པས་སྤེལ་བ། གསོལ་བ་བཏབ་ན་གང་ཟག་སུ་ཡང་རུང་སྟེ།  དབང་གི་ལས་ཀུན་ཇི་ལྟར་བསམ་པ་བཞིན་དུ་འགྲུབ་པར་གདོན་མི་ཟའོ།  དར་དམར་ལ་བྲིས་ཏེ་འཕྱར་བའམ་མེ་རླུང་ལ་འཁོར་ལོ་བྱས་ཀྱང་འགྲུབ་བོ།
དེ་ལྟར་ལམ་བཟང་བསྟན་པའི་བཤེས་གཉེན་དང་།  ། ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང་།  །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས།  །ཉེ་བར་ཞི་བར་བྱིས་གྱིས་བརླབ་ཏུ་གསོལ།  །

·གསར་འགྱུར་གོང་མ:བོད་མི་དྲུག་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ནང་ཞུགས་པ།
·གསར་འགྱུར་འོག་མ:སྡོམ་བརྩོན་དམ་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·དགའ་ལྡན་ལྔ་མཆོད་ཀྱི་ལེགས་སྐྱེས། 2013/12/26 16:34:34
·གདུང་སྲས་འཇིགས་མེད་ཕྲིན་ལས་ནོར་བུའི་མྱུར་བྱོན་གསོལ་འདེབས། 2012/1/4 9:30:47
·རྣམ་ཤེས་གཉོམ་པོ་དག་ལ་གསོལ་འདེབས། 2010/4/17 9:17:34
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 20:34:53 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:27:16 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 20:52:06 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 60 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS