ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

ཁམས་སྐད་བརྙན་འཕྲིན་དངོས་སུ་གཏོང་འགོ་བརྩམས་པ།

[རྩོམ་པ་པོ:བསམ་ནོར།  ཡོང་ཁུངས:བོད་ཀྱི་དྲ་བ།  དུས་ཚོད:2010/7/15 23:19:29  བཀླགས་ཐེངས:1010][ཡིག་གཟུགས:ཡིག་གཟུགས་མདོག]

ཁམས་སྐད་བརྙན་འཕྲིན་ཚེས14ཉིན་ནས་བཟུང་དངོས་སུ་གཏོང་འགོ་བརྩམས་པ།

ལོ་ངོ་གཅིག་གི་རིང་ལ་གྲ་སྒྲིག་ཚོད་གཏོང་བྱས་པ་བརྒྱུད། ཟླ 7 པའི་ཚེས 14 ཉིན་སི་ཁྲོན་ཁམས་པའི་སྐད་ཀྱི་འཁོར་སྐར་བརྙན་འཕྲིན་དེ་དངོས་སུ་གཏོང་འགོ་བརྩམས་པ་དང་། དེ་ལས་ཁམས་སྐད་སྨྲ་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་རང་ཉིད་ཀྱི་བརྙན་འཕྲིན་འཕྲིན་ལམ་མེད་པའི་ལོ་རྒྱུས་མཇུག་སྒྲིལ།

སི་ཁྲོན་ཞིང་ཆེན་རྒྱང་བསྒྲག་བརྙན་འཕྲིན་ཅུས་ཀྱི་ཅུད་ཀྲང་ཧུ་ཏ་ཞིན་གྱིས་བཤད་རྒྱུར། ཁམས་སྐད་བརྙན་འཕྲིན་དེ་སྔོན་གྱི་ཟླ་བ 8 རིང་གི་ཚོད་གཏོང་དང་ད་ལྟ་དངོས་སུ་གཏོང་འགོ་བརྩམས་པའི་རྗེས་སུ། ལེ་ཚན་བཀོད་སྒྲིག་སྔར་ལས་འོས་འཚམ་དང་ནང་དོན་ཕུན་སུམ་ཚོགས་པར་འགྱུར་ངེས་ཡིན། ཀྲུང་དབྱང་བརྙན་འཕྲིན་ཁང་གི《གསར་འགྱུར་མཉམ་སྒྲོག》སྐབས་ཐོག་ཏུ་བསྒྱུར་སྒྲིག་བྱས་ནས་ཉིན་རེ་རེའི་དགོང་མོའི་དུས་ཚོད 10 ཡི་སྟེང་བརྒྱུད་གཏོང་བྱེད་རྒྱུ་དང་། ཆེད་དུ་ཇུས་འགོད་དང་སྒྲིག་བཟོ་བྱས་པའི《ཁམས་པའི་བརྙན་འཕྲིན་གསར་འགྱུར》བརྒྱུད་གཏོང་བྱེད་བཞིན་ཡོད།  དེ་མིན། དངོས་སུ་གཏོང་འགོ་བརྩམས་པའི་རྗེས་སུ་ཁམས་སྐད་བརྙན་འཕྲིན་གྱིས་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་རྒྱ་བོད་སྐད་གཉིས་སློབ་ཁྲིད་བྱེད་པའི་ལེ་ཚན་ཏེ《སྐད་གཉིས་སློབ་རྭ》ཞེས་པ་གཏོང་རྒྱུ་ཡིན་ལ།  ལེ་ཚན་འདི་ལས་རྒྱ་བོད་སྐད་གཉིས་ཀྱི་ཁ་སྐད་ལ་སློབ་སྦྱོང་བྱེད་པ་གཙོར་བཟུང་ནས་འགུལ་རིས་ཀྱི་རྣམ་པའི་སྒོ་ནས་སྒྲིག་བཟོ་བྱས་ཡོད་ཅིང་། རྒྱ་བོད་སྐད་རིགས་གཉིས་ཀྱི་ལམ་ནས་སློབ་ཁྲིད་བྱས་ཡོད་པས། བོད་རིགས་སྤུན་ཟླ་རྣམས་ཀྱིས་རྒྱ་སྐད་སློབ་པར་ལྷག་ཏུ་དགེ་མཚན་ལྡན་པ་ཞིག་རེད། དེ་མིན་ད་དུང་གསར་དུ་བསྒྱུར་སྒྲིག་བྱས་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་དང་།  འགུལ་རིས་བརྙན་འཕྲིན་དང《ཁམས་པའི་དགའ་ཚལ》དང《གངས་རིའི་མཐོ་གཞོངས》སོགས་ཆེད་སྒྲིག་ལེ་ཚན་ཉིན་རེ་བཞིན་བརྒྱུད་གཏོང་བྱེད་རྒྱུ་རེད།

འཕྲིན་ལམ་འདི་འཁོར་སྐར་དང་སྐུད་ཡོད་བརྙན་འཕྲིན་དྲ་བ། སྐུད་མེད་གློག་རླབས་འཕྲོ་གཏོང་སོགས་རྣམ་པ་མང་བོའི་སྒོ་ནས་སི་ཁྲོན་དང་བོད་ལྗོངས། མཚོ་སྔོན། ཡུན་ནན། ཀན་སུའུ་བཅས་ནུབ་རྒྱུད་ཀྱི་ཞིང་ཆེན་ལྔ་དང་ཁམས་སྐད་སྨྲ་བའི་ས་ཁུལ་བཅས་སུ་ཁེབས་ཡོད། གསར་འགྱུར་དང་ཆ་འཕྲིན་རིག་གནས། མང་ཚོགས་དང་ཉེ་བར་བཅར་བའི་འགན་འཁྲི་ཕྲག་ཏུ་བླངས་པའི་བོད་སྐད་ཀྱི་བརྙན་འཕྲིན་འཕྲིན་ལམ་གསར་བ་འདིས་བོད་ཁུལ་གྱི་རྒྱ་ཆེ་བའི་མི་དམངས་ཀྱི་འཚོ་བར་ཞབས་ཞུ་གང་ལེགས་བྱེད་རྒྱུ་ཡིན་པ་རེད།   །

·གསར་འགྱུར་གོང་མ:མཉེན་ཆས་གསར་བ Office 2010
·གསར་འགྱུར་འོག་མ:མདོ་སྨད་ནས་གནའ་བོའི་རྟ་ཐོག་སྤོ་ལོ་སྟར་གསོ་བྱུང་བ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·ཆོས་དབྱངས་སྐྱིད་ཀྱིས་རྒྱལ་ཁ་འཛུམ་གྱིས་བསུས། 2012/8/12 10:38:16
·༼གནའ་བོའི་བོན་གྱི་རིག་མཛོད་པར་སྐྲུན་བྱས་པ 2012/3/19 21:09:14
·ཐའེ་ཝན་དུ་ནང་བསྟན་བགྲོ་གླེང་ཚོགས་འདུ་ལེགས་གྲུབ་བྱུང་བ། 2012/3/19 11:14:03
·གསར་འགྱུར 1+1གྲངས་ཉུང་མི་རིཊ་ཀྱི་སྐད་ཡིག་རྒྱུད་འཛིན་སྐོར། 2011/10/20 10:52:46
·གངས་ལྗོངས་རིག་མཛོད་ཆེན་མོ་རབ་གསལ་ 2011/7/20 15:09:55
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/5 20:29:13 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 21:20:43 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 20:43:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 63 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS